ངལ་གསོ་ཡིན་ཡང་ཞོགས་པ་སྔ་པོ་ནས་ལངས་ཚེ། དགེ་མཚན་མང་པོ་འདི་འདྲ་འདུག

政务   2024-10-03 18:59   西藏  

  ངལ་གསོའི་དུས་སུ་ཁྱོད་ཀྱིས་ཞོགས་ཉལ་བརྒྱབ་ནས་སྡོད་ཀྱི་ཡོད་དམ། གལ་ཏེ་ཁྱོད་ཀྱིས་རྒྱུན་དུ་ཞོགས་པ་སྔ་པོ་ནས་ལངས་ཚེ། དགེ་མཚན་འདི་དག་འདུག


1

གྲུང་ཤ་དོད་པ།


    ཞོགས་པ་སྔ་པོ་ལང་མཁན་ཞིག་ཡིན་ཕྱིན། སྤྱིར་ན་མཚན་འཁྱོངས་མཁན་ཉུང་ཉུང་ཞིག་ཡིན་ངེས་རེད། གཉིད་འདང་ངེས་ཤིག་ཉལ་ན་ཉིན་གཉིས་པར་གྲུང་ཤ་དོད་པོ་ཡོང་ཐུབ། ཞིབ་འཇུག་ལས་མངོན་པར། སྔ་པོ་ལང་མཁན་དེ་ཞོགས་ཉལ་རྒྱག་མཁན་ལས་གྲུང་ཤ་དོད་པ་ཡོད། 


2

གདོང་གཤིས་ཡག་པ།


    དགོང་སྔ་ཉལ་དང་ཞོགས་སྔ་ལང་བྱས་ཚེ། ལུས་པོའི་རྙིང་ཚབ་གསར་བྱེད་ཡག་པོ་ཐུབ་པ་དང་མཆིན་པའི་དུག་སེལ་ནུས་པ་ལེགས་སུ་འགྲོ་བས། གདོང་གཤིས་མཚན་འཁྱོངས་བྱེད་མཁན་ལས་ཡག་པ་ཡོད།

3

ནད་འགོག་ནུས་པ་ལེགས་པ།


    ལས་ཀ་དང་ངལ་གསོ་རན་པོ་དང་གཉིད་འདང་ངེས་ཁུགས་ཚེ། ནད་འགོག་ནུས་པ་ཆེ་རུ་འགྲོ་བ་དང་། སྙིང་ནད་དང་། ཁྲག་ཤེད་མཐོ་བ། མཁལ་ནད་སོགས་ཀྱི་ནད་རིགས་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་ཐུབ།


4

སེམས་རྣལ་དུ་འབེབས་ཐུབ་པ།


    གཉིད་འདང་ངེས་ཁུགས་པ་དང་ཞོགས་སྔ་ལང་བྱས་ན། ལུས་སྟོབས་འཕེལ་ནས་སེམས་རྣལ་དུ་འབེབས་ཐུབ་པས། སློབ་སྦྱོང་ངམ་ལས་ཀ་བྱེད་སྐབས་ཕན་འབྲས་ཀྱང་ཆེ་བ་ཡོད། གཞན་ཡང་ཞིབ་འཇུག་ལས་མངོན་པར། ཞོགས་པ་སྔ་པོ་ལངས་པའི་སློབ་མའི་སྦྱངས་འབྲས་ཕྱི་པོ་ལང་མཁན་སློབ་མ་ལས་ལེགས་པ་ཡོད།

5

བསམ་པའི་འཁྱེར་སོ་ཡག་པ།


    ཞོགས་པ་སྔ་ཙམ་ལངས་ན། ཉིན་མོའི་དུས་ཡུན་ཀྱང་རིང་བས། བྱ་བ་སྒྲུབ་པའི་དུས་ཡུན་མི་འདང་བ་ལས་བྱུང་བའི་བྲེལ་འཚུབ་དང་སེམས་ཁྲལ་ཡོང་མི་སྲིད། 

    ཞོགས་སྔ་ལང་རྒྱུན་འཁྱོངས་བྱེད་པར་གཉིད་འདང་ངེས་ཤིག་ཁུག་དགོས་པས། དགོང་མོ་སྔ་ཙམ་ཉལ་རྒྱུ་གལ་འགངས་ཆེན་པོ་རེད།


审   核:索朗达吉
校   对:黄      丹
编   辑:单增卓玛
来   源:西藏日报藏文媒体

秘境洛扎
发布信息
 最新文章