དབྱང་ཝུའུས་ལོ་སར་གྱི་ཚོང་རའི་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་བྱས། ​

政务   2025-02-02 16:03   甘肃  

དབྱང་ཝུའུ་ཡིས་གཙོས་གྲོང་ཁྱེར་དུ་ལོ་སར་སྐབས་ཀྱི་ཚོང་རའི་མཁོ་འདོན་འགན་ལེན་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་བྱས། 

  ཟླ2པའི་ཚེས1ཉིན་ཏེ་ལུགས་རྙིང་གི་ལོ་སར་ཚེས་བཞིའི་ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་ལོ་སར་སྐབས་ཀྱི་ཚོང་རའི་མཁོ་འདོན་འགན་ལེན་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས། 

  དབྱང་ཝུའུ་ཁྲེན་ཚང་གི་དུ་ཆང་ཚོང་ཁང་དང་གཙོས་གྲོང་ཁྱེར་ལའོ་ཆའོ་སིལ་ཏོག་ཚོང་ཁང་དུ་སོང་ནས་ལོ་སར་སྐབས་ཀྱི་ཅ་དངོས་ཕྱིར་འཚོང་དང་ཚོང་རྫས་མཁོ་འདོན་སོགས་ཀྱི་གནས་ཚུལ་འདྲི་རྩད་ཞིབ་མོ་བྱས། ཁོས་འབྲེལ་ཡོད་སྡེ་ཁག་གིས་ལོ་སར་སྐབས་ཀྱི་ཚོང་རའི་མཁོ་འདོན་འདང་ངེས་དང་རིན་གོང་གཏན་འཇགས་འགན་ལེན་བྱེད་པ་དང་། བཟའ་བཏུང་བདེ་འཇགས་སྤུས་ཚད་ཀྱི་འགག་སྒོ་ནན་མོར་སྲུང་བ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་བདེ་འཇགས་དང་གོ་རིམ་ལྡན་པ། སྟབས་བདེ་བཅས་ཀྱི་ཉོ་སྒྲུབ་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན། 

  དབྱང་ཝུའུ་ཡིས་ད་དུང་ཁུལ་སྲིད་གཞུང་གི་སྤྱི་ཁྱབ་ལས་རེས་ཁང་དུ་ལོ་སར་སྐབས་ཀྱི་ལས་རེས་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ཤིང་། ཁོས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ་གློར་བྱུང་གི་གནས་ཚུལ་ལ་དུས་ཐོག་དང་ནུས་མཐོའི་སྒོས་ཐག་གཅོད་འོས་འཚམ་བྱས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་དང་མང་ཚོགས་བདེ་ཞིང་སྐྱིད་པའི་ལོ་སར་ཞིག་རོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན། 

  ཁུལ་དཔོན་གཞོན་པ་ཡུས་ཅུན་ཕེང་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་རྟ་མགྲིན་སྐྱབས་གཉིས་ཞིབ་བཤེར་དུ་འགྲོ་རོགས་བྱས།


ལོ་ཙཱ་བ།  རིན་ཆེན་སྐྱིད།

རྩོམ་སྒྲིག་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྐྱབས།
ཞུ་དག་པ།  རྡོ་རྗེ་ཚེ་རིང་།
ལྟ་སྐུལ་བ། ལི་པའེ་ཡུན། གཡུང་དྲུང་སྐྱབས།

甘南融媒藏语平台
为宣传党和政府的方针政策,为维护民族地区的团结和稳定,为丰富各族干部群众的文化娱乐生活做出广电人应有的贡献,为建设团结、富裕、文明的新甘南而努力奋斗!
 最新文章