致全县广大官兵、退役军人及其他优抚对象的慰问信

政务   2025-01-27 21:26   西藏  
点击上方网信察雅,关注我们!

 

迎蛇年 贺新春

蛇来运转巳巳好 · 心想事成步步高

 HAPPY NEW YEAR

  致全县广大官兵、退役军人及其他优抚对象的慰问信

驻察中国人民解放军官兵、武警部队官兵,全县烈军属、革命伤残军人、退役军人和其他优抚对象:

祥龙昂首辞旧岁,瑞蛇纳福舞新春。

值此新春佳节和藏历新年来临之际,察雅县双拥工作领导小组向您们及家人致以诚挚的节日问候和美好的新年祝福!

忆往昔峥嵘岁月,不负韶华不负心。

2024年,我们在县委、县政府的正确领导下,坚持以习近平新时代中国特色社会主义思想为指导,全面贯彻党的二十大和二十届三中全会精神,贯彻习近平强军思想和习近平总书记关于退役军人工作、双拥工作的重要指示重要论述,聚焦“四件大事”聚力“四个创建”,以“一切向东,建设长治久安和高质量发展引领示范市”为奋斗目标,坚持以“红色昌都”为统领,大力实施“六县六化”强县举措,着力创建全国双拥模范县,聚焦退役军人工作主题主线,真正让军人成为全社会最尊崇的职业,让退役军人成为全社会最尊重的人,军政军民团结的良好局面进一步巩固拓展。

驻察部队官兵听令景从、闻令而动,出色完成了战备、训练、执勤、处突等各项任务,在支援地方经济社会建设上担当有为,投身维护稳定、抢险救灾、乡村振兴、全国双拥模范县创建等实践中,用青春和热血彰显了军民同呼吸、共命运、心连心的鱼水情深,谱写了新时代拥政爱民新篇章。广大烈军属、退役军人和其他优抚对象始终为党分忧、为国奉献、为民服务,出色地完成了党和人民赋予的各项任务,凸显了昂扬进取的精神风貌。你们的奋斗精神和奉献精神无悔于党和人民的期望重托、无愧于当前壮美的时代。 

新使命催人奋进,新征程任重道远。

2025年,是实施“十四五”规划的收官之年,是西藏自治区成立60周年,是进一步全面深化改革、不断构建高水平开放新格局的关键之年。新的一年,我们要始终牢记习近平总书记的殷殷嘱托,按照“三个赋予一个有利于”总要求,紧扣市委“一切向东,建设长治久安和高质量发展引领示范市”工作目标,锚定“3+1+1”重点任务,以“红色昌都·振兴奋进”活动为抓手,大力实施“六县六化”强县举措,全力支持国防和军队现代化建设,积极推进察雅退役军人服务高质量发展,深化全国双拥模范县创建工作,主动担当,积极作为,在推进察雅长治久安和高质量发展中作出更大贡献。

未来可期谋发展,奋斗以成谱新篇。

让我们更加紧密地团结在以习近平同志为核心的党中央周围,高举习近平新时代中国特色社会主义思想伟大旗帜,在区党委、政府,市委、市政府和县委、县政府的坚强领导下,团结一心、携手共进,开拓创新、奋发有为,攻坚克难、砥砺前行,持续巩固坚如磐石的军政军民团结,为全面建设中国式现代化新察雅而团结奋斗。最后,衷心祝您们及家人新年快乐、身体健康、工作顺利、阖家幸福、扎西德勒! 

察雅县双拥工作领导小组办公室                      

2025年1月27日     


རྫོང་ཡོངས་ཀྱི་རྒྱ་ཆེའི་དཔོན་དམག་དང་དམག་ཞབས་ཐིམ་པའི་དམག་མི། དེ་བཞིན་གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་ཕུལ་བའི་འཕྲིན་ཡིག

བྲག་གཡབ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔོན་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག རྫོང་ཡོངས་ཀྱི་དཔོན་དམག་གི་ཁྱིམ་མི་དང་གསར་བརྗེའི་རྨས་སྐྱོན་དམག་མི། དམག་ཞབས་ཐིམ་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག

བཀྲ་ཤིས་འབྲུག་ལོས་དུས་རྙིང་ཞལ་གྱེས་དང་། བསོད་ལྡན་སྦྲུལ་ལོས་དཔྱིད་གསར་ལ་བསུ་བ་བཞུ།

  དཔྱིད་གསར་དུས་ཆེན་དང་ལོ་གསར་སླེབས་པའི་སྐབས་སུ་བྲག་གཡབ་རྫོང་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཁྱེད་རྣམས་དང་ཁྱེད་ཀྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་དང་མཛེས་སྡུག་ལྡན་པའི་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན།    

འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱས་ནས། ལང་ཚོ་འཕྲོ་བརླག་མི་བྱེད་ཅིང་སེམས་ལ་འགྱུར་བ་མི་གཏོང་།

    2024ལོར་ང་ཚོས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་།  ཞི་ཅིན་ཕིང་གྱི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་གཉིས་བཀུར་བྱེད་པའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རྒྱས་བཤད་གལ་ཆེན་ལག་བསྟར་བྱས་ཏེ།“དོན་ཆེན་བཞི་”ལ་དམིགས་ནས། “འཛུགས་་གཏོད་བཞི་”ལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ།“ཐམས་ཅད་ཁ་ཤར་དུ་ཕྱོགས་ཏེ་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་”འབད་བརྩོན་དམིགས་འབེན་དུ་བྱས་ཏེ།“དམར་མདངས་ཆབ་མདོ་”ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “དྲུག་ལྡན་དྲུག་ཅན་གྱི་རྫོང་”འཛུགས་རྒྱུའི་བྱ་ཐབས་ལག་བསྟར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཏེ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་རྫོང་གཏོད་ནས། དམག་ཞབས་ཐིམ་པའི་དམག་མིའི་ལས་ཀའི་བརྗོད་དོན་གཙོ་བོའི་གཙོ་གནད་ལ་དམིགས་ནས། དམག་མི་ནི་སྤྱི་ཚོགས་ཡོངས་ཀྱིས་ཆེས་བརྩི་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས།

     བྲག་གཡབ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་ཏང་གི་བཀའ་ལ་ཉན་ནས་བཀའ་ཐོས་པ་དང་བསྟུན་ནས་དམག་འཁྲུག་གྲ་སྒྲིག་དང་། སྦྱོང་བརྡར་།  ལས་འགན་སྒྲུབ་པ། འཕྲལ་རྐྱེན་ཐག་གཅོད་སོགས་ཀྱི་ལས་འགན་ཁག་གཟེངས་སུ་བསྒྲུབས་ཤིང་།  ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་ཐད་འགན་ཁུར་ཡག་པོ་བྱས་ནས། བརྟན་ལྷིང་སྲུང་སྐྱོང་དང་།  ཉེན་སྐྱོབ་གེགས་སྐྱོར།  གྲོང་གསེབ་དར་སྐྱོར།  རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་རྫོང་འཛུགས་པ་སོགས་ཀྱི་ལག་ལེན་ལ་བརྟེན་ནས་དམག་དམངས་ཀྱིས་དབུགས་འབྱིན་རྔུབ་གཅིག་དང་། ལས་དབང་མཉམ་འབྲེལ། སེམས་ཐག་བཅད་པའི་ཉ་ཆུའི་བརྩེ་དུང་ཟབ་མོ་མངོན་པར་བྱས་ཏེ། དུས་རབས་གསར་པའི་སྲིད་སྐྱོང་དམངས་དགའ་བཅས་ཀྱི་ལེའུ་གསར་པ་བྲིས་པ་རེད། རྒྱ་ཆེའི་དཔའ་དམག་གི་ཁྱིམ་རྒྱུད་དང་། དམག་ཞབས་ཐིམ་པའི་དམག་མི།  གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་སེམས་ཁྲལ་མཉམ་འདུས་དང་།  རྒྱལ་ཁབ་ལ་ལེགས་སྐྱེས་སུ་འབུལ་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ཕུལ་དུ་བྱུང་བའི་སྒོ་ནས་ལེགས་གྲུབ་བྱས་ཏེ། ངར་ཤུགས་ཆེན་པོས་ཡར་རྒྱས་ཡོང་བའི་སྙིང་སྟོབས་ཀྱི་རྣམ་པ་མངོན་གསལ་དོད་པོ་བྱུང་ཡོད། ཁྱེད་ཚོའི་འབད་འཐབ་སྙིང་སྟོབས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ནི་ཏང་དང་མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་ཆེན་པོ་ལ་འགྱོད་པ་མེད་པ་དང་མིག་སྔའི་མཛེས་སྡུག་ལྡན་པའི་དུས་རབས་ལ་ངོ་ཚ་མེད།    

ལས་འགན་གསར་པས་མི་ལ་ཡར་ཐོན་སྐུལ་འདེད་གཏོང་།    ལམ་བུ་གསར་པའི་ལས་འགན་ལྕི་ཞིང་རྒྱང་ཐག་རིང་།

    2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་མཇུག་འགྲིལ་བའི་ལོ་དང་། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་60འཁོར་བ་དང་།  བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་འཛུགས་སྐྱོང་བྱེད་པའི་འགག་རྩའི་ལོ་ཞིག་རེད།  ལོ་གསར་པར་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱི་མངགས་བཅོལ་བློ་ལ་བརྟན་པོར་འཛིན་དགོས། “གསུམ་གྱི་གཅིག་ལ་ཕན་པ་སྤྲད་པ་”ཞེས་པའི་སྤྱིའི་བླང་བྱ་ལྟར།  གྲོང་ཨུའི་“ཐམས་ཅད་ཁ་ཤར་དུ་ཕྱོགས་ཏེ་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ལས་ཀའི་དམིགས་འབེན་ལ་དམ་པོར་བསྟུན་ནས།“3+1+1”ཞེས་པའི་གཙོ་གནད་ལས་འགན་གཏན་ཁེལ་བྱས་ཏེ།  “ དམར་མདངས་ཆབ་མདོ་དར་རྒྱས་དང་འབད་བརྩོན་བྱེད་ཤིག”ཞེས་པའི་བྱེད་སྒོ་གཞི་འཛིན་ས་བྱས་ནས། “དྲུག་ལྡན་དྲུག་ཅན་གྱི་རྫོང་”འཛུགས་རྒྱུའི་བྱ་ཐབས་ལག་བསྟར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཏེ།  རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས། བྲག་གཡབ་ཀྱི་དམག་ཞབས་ཐིམ་པའིདམག་མིའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་མཚོན་རྫོང་འཛུགས་པའི་ལས་དོན་གཏིང་ཟབ་ཏུ་བཏང་ནས། རང་འགུལ་ངང་འགན་འཁུར་ནས་ཧུར་ཐག་གིས་བྱ་སྤྱོད་སྤེལ་ཏེ་བྲག་གཡབ་ཡུན་རིང་བདེ་ཐང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།  

མ་འོངས་པར་རེ་བས་ཁེངས་པས་འཕེལ་རྒྱས་ཡོང་ཐབས་བྱེད་། འབད་འཐབ་གང་ཡོད་ཀྱིས་ལེ་ཚན་གསར་པ་གཏོད་།  

      ང་ཚོས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད་འོག བློ་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ། གསར་གཏོད་རྒྱས་གཏོང་དང་འབད་བརྩོན་ཧུར་ཐག དཀའ་ངལ་འགག་སྒྲོལ་། ནུས་ཤུགས་ཡོད་རྒུས་མདུན་བསྐྱོད་བྱས་ཏེ་།དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་མུ་མཐུད་སྲ་བརྟན་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བྲག་གཡབ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས།  མཇུག་ཏུ་ཁྱེད་རྣམས་དང་ཁྱིམ་མིར་ལོ་གསར་པར་བཀྲ་ཤིས་བདེ་ལེགས་དང་།  སྐུ་གཟུགས་བདེ་ཐང་།  ལས་དོན་ལྷུན་སྒྲུབ།  ཁྱིམ་ཚང་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།    



 བྲག་གཡབ་རྫོང་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།

         2025ལོའི་ཟླ་1ཚེས་26ཉིན།        


灵/蛇/贺/岁

巳/巳/如/意


 

来源|县民政和退役军人事务局

编辑|伟色曲珍

审核|张永永

复审|斯郎次措

投稿邮箱:chayaxuanchuanbu@sina.com

举报邮箱:cyjubao@sina.com

网信察雅
举旗帜、聚民心、育新人、兴文化、展形象,全力引导察雅宣传、网信各项工作。
 最新文章