ལྷ་རྩེ་རྫོང་གིས་སྔར་བས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་ཤར་གཏོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།
དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8ཐོན་པ་ནས་བཟུང་། ང་ཚོར་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་སྲུང་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཐད་ཀྱི་སྲིད་ཇུས་ཀྱི་བློ་འདྲི་དང་དཀའ་ངལ་གྱི་རེ་འདུན་སོགས་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོང་གི་འདུག མུ་འཐུད་ནས་རྒྱ་ཆེའི་མང་ཚོགས་ཀྱི་མདུན་དུ་འཕྲད་པའི་དཀའ་ངལ་དངོས་ལ་ཤེས་རྟོགས་ཐུབ་པ་དང་། མང་ཚོགས་ཀྱིས་ལུགས་མཐུན་ངང་རེ་འདུན་ཞུ་བའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ཏེ། མང་ཚོགས་ཁྲོད་ཀྱི་“འཕྲལ་འཁོ་དང་། དཀའ་ངལ། སེམས་སྡུག རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། དུས་ཐོག་ཏུ་དམངས་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱ་ཡུལ་གྱི་གནས་དོན་ལ་ལན་འདེབས་བྱེད་པ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཁེ་དབང་ལ་འགན་སྲུང་ཐུབ་པ་བཅས་བྱ་ཆེད། ད་ལྟ་འབྲེལ་ཡོད་དོན་དག་སྐོར་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
གཅིག རེ་འདུན་ཞུ་བའི་ཐབས་ལམ།
གནས་སྐབས་བདེ་འཁོད་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་བྱེད་པའི་རིང་། གལ་སྲིད་རྒྱ་ཆེའི་མང་ཚོགས་རྣམས་ལ་སྲིད་ཇུས་སྐོར་ཀྱི་དོགས་གཞི་དང་། དཀའ་ངལ་རེ་ཞུ། འགལ་བ་རྩོད་གཞི་སོགས་ཀྱི་གནད་དོན་འཕྲད་ཚེ། རང་གནས་སའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག དེ་བཞིན་ཤང་(གྲོང་རྡལ)ཏང་ཨུད་དང་སྲིད་གཞུང་བཅས་ལ་དུས་ཐོག་ཏུ་སྙན་སེང་ཞུ་བའམ་ཡང་ན། “ལྷ་རྩེ་རྫོང་འཕྲིན་སྤེལ”དང་“ལྷ་རྩེའི་སྐར་ཁུང་”བཅས་འཕྲིན་ཕྲན་སྤྱི་སྟེགས་ཐོག་སྐད་ལན་བྱས་ཆོག་ཤིང་། བསམ་འཆར་དང་གྲོས་འགོ་འབྱོར་རྗེས་ང་ཚོས་མགྱོགས་མྱུར་ངང་ཐག་གཅོད་ཐུབ་པ་བྱ་རྒྱུ་མ་ཟད། ཐག་གཅོད་བྱེད་པའི་མྱུར་ཚད་དང་ཕན་འབྲས་དུས་ཐོག་ཏུ་མང་ཚོགས་ལ་གཤམ་སྤེལ་བརྡ་ལན་བྱས་ནས། མང་ཚོགས་ཀྱི་རེ་འདུན་ལ་དུས་ཐོག་ཏུ་ནུས་ལྡན་གྱི་ལན་འདེབས་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པས། རེ་བར་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས། ཐུགས་བསམ་ཡག་པོ་བཞེས་ཐོག་དོན་དངོས་དང་དྲང་བདེན་ཡིན་པའི་དཀའ་ངལ་དང་རེ་འདུན་སྙན་སེང་ཞུ་དགོས་པ་དང་། ང་ཚོར་ཞིབ་ཅིང་ཡང་དག་པའི་ཆ་འཕྲིན་མཁོ་འདོན་བྱས་ནས། གང་མགྱོགས་གནད་དོན་ཐག་གཅོད་འོས་འཚམ་ཡོང་ཐབས་བྱེད་དགོས། དེ་དང་ཆབས་ཅིག་ཚང་མས་ངང་རྒྱུད་རིང་ཙམ་གནང་རོགས་ཞུ་རྒྱུ་དང་། ང་ཚོས་ཀྱང་ནུས་ཤུགས་ཡོད་རྒུས་ཚང་མའི་དཀའ་ངལ་སེལ་ཐུབ་པ་ཞུ་རྒྱུ་ཡིན།
གཉིས། ཁྲིམས་ལྟར་སྤྱོད་ཚུལ་ལྡན་པའི་སྒོ་ནས་དྲ་བ་སྤྱོད་དགོས་པ།
ང་ཚོས་རྒྱ་ཆེའི་མང་ཚོགས་རྣམས་ལ་རང་ཉིད་ཀྱི་རེ་འདུན་སྙན་ཞུ་བྱེད་པ་དང་། གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་སྐོར་ལ་ལབ་གླེང་དང་གྲོས་བསྡུར་བྱེད་སྐབས། ངེས་པར་དུ་རྩ་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་ཐོག་སྤྱོད་ཚུལ་ཡག་པོའི་སྒོ་ནས་དྲ་བ་སྤྱོད་པ་དང་། རྟག་ཞིབ་མ་བྱས་པར་ཆ་འཕྲིན་ཁྱབ་སྤེལ་མི་བྱེད་པ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་ཁྱབ་སྤེལ་མི་བྱེད་པ། དཀྲོག་གཏམ་མི་བཟོ་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། གལ་སྲིད་རང་གི་ཉེ་འགྲམ་དུ་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་དང་དྲ་རྒྱའི་དཀྲོག་གཏམ་ཁྱབ་སྤེལ་བྱེད་པ་ཤེས་ཚེ། རང་འགུལ་ངང་རྫོང་དྲ་འཕྲིན་ཚན་པ་དང་། སྤྱི་བདེ་ཚན་པ། གཞན་ཡང་“གཞིས་རྩེའི་དྲ་རྒྱའི་ཐེར་འདོན་”སོགས་བརྒྱུད་ནས་ཐེར་འདོན་བྱ་དགོས་ཤིང་། ང་ཚོས་ཀྱང་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ཡིན། མཚམས་འདིར། ང་ཚོས་ཀྱང་རྒྱ་ཆེའི་མང་ཚོགས་རྣམས་ལ་དྲ་བ་ནི་རྩ་ཁྲིམས་ལས་རྒྱ་ཡན་དུ་གྱུར་པའི་ས་ཆ་ཞིག་མིན་པས། དྲ་སྟེགས་ཐོག་ཁ་གཏམ་སྤེལ་རྒྱུར་ངེས་པར་ཡིད་གཟབ་གནང་དགོས་སྟེ། གཟབ་ནན་མ་བྱས་ཚེ་བསམ་ངན་བཅངས་པའི་ཐ་ཤལ་བ་འགའ་རེས་དྲ་ཐོག་གི་སྐད་ཆ་བེད་སྤྱོད་དང་འུད་སྒྲོག་སྲིད་པས། དེ་དོན་དྲན་སྐུལ་ནན་པོ་ཞུ་རྒྱུ་ཡིན། དྲ་ཐོག་ནས་དཀྲོག་གཏམ་ཁྱབ་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིགས་གཏོང་བའི་བྱ་སྤྱོད་ལ་ང་ཚོས་ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་མི་སྣའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།
གསུམ། རེ་འདུན་ཐག་གཅོད་བྱེད་པའི་བརྒྱུད་རིམ།
མང་ཚོགས་ཀྱི་ལུགས་མཐུན་རེ་འདུན་ལ་ང་ཚོས་“བདག་སྤྲོད་བྱེད་པ་དང་། ཐག་གཅོད་བྱེད་པ། བརྡ་ལན་བྱེད་པ། མཇུག་ཏུ་བསྐྱར་ཞིབ”བཅས་ཀྱི་ལས་ཀའི་གོ་རིམ་གཞིར་བཟུང་། ཁྲིམས་མཐུན་དང་སྒྲིག་སྲོལ་གཞིར་བཟུང་། དུས་བཀག་ལྟར་བསྒྲུབ་རྒྱུ་དང་དུས་མཚུངས་ལྟ་སྐུལ་དང་འདྲི་རྩད་ཀྱི་ནུས་པ་ཆེ་རུ་བཏང་ནས་། དོན་དག་ཚང་མར་འབྲས་བུ་ཡོད་པ་དང་། དོན་དག་ཚང་མར་ལན་འདེབས་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན།
ཀྲུང་གུང་ལྷ་རྩེ་རྫོང་ཨུ་ལྷན་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ནས།
2025ལོའི་ཟླ་1ཚེས་23ཉིན།
དྲ་ཐོག་ནས་རེ་ཞུའི་ཐབས་ལམ། “ལྷ་རྩེ་རྫོང་འཕྲིན་སྤེལ”ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་ལ་དོ་ཁུར་བྱས་ནས། གླེང་མོལ་ཁུལ་དུ་སྐད་ཆ་བྲིས་ན་འགྲིག
དྲ་ཐོག་ནས་ཐེར་འདོན་བྱེད་པའི་ཐབས་ལམ། འཕྲིན་ཕྲན་གྱི་གོ་རིམ་ཆུང་བའི་ཐོག“གཞིས་རྩེའི་དྲ་ཐོག་ཐེར་འདོན་”འཚོལ་བཤེར་བྱས་ཏེ། ལས་སྟེགས་དེའི་ཐོག་དྲ་ཐོག་གི་ཆ་འཕྲིན་ངན་པ་ཐེར་འདོན་བྱེད་དགོས།
ས་ཡུལ་དངོས་ལ་རེ་འདུན་སྙན་སེང་ཞུ་བའི་ཐབས་ལམ། རང་་གནས་ཡུལ་གྱི་གྲོང་ཚོ་ཨུ་ལྷན་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ཤང་དང་གྲོང་རྡལ་ཏང་ཨུད་སྲིད་གཞུང་བཅས་ལ་སྙན་སེང་ཞུ་ཆོག
ལྷ་རྩེའི་སྐར་ཁུང་འཕྲིན་ཕྲན་སྤྱི་སྟེགས།
来 源:县委网信办
编 辑:王圆圆
初 审:刘建军
复 审:平措
终 审:柳丽英
投稿邮箱:lazixian@wxrkz.gov.cn