全县的父老乡亲,同志们,朋友们:
新年伊始,万象更新。在这辞旧迎新的美好时刻,中共江达县委员会、江达县人民政府,向全县各族干部群众,向全体驻江部队、武警官兵、消防战士、公安干警,向无私援助的对口援江省市企业,向关心和支持江达长治久安和高质量发展的各界人士,致以新年的祝福和诚挚的问候!
2024年,在以习近平同志为核心的党中央坚强领导下,我们全面贯彻落实自治区党委、政府和市委、市政府决策部署,聚焦“四件大事”聚力“四个创建”,江达各项事业取得新成效。这一年,我们强机制、抓日常,把“区位优势”变为新基石。党员牵引作用明显,网格化管理质效突出,党建引领边界协作带动文旅发展优势凸显,基层治理“123456”等机制不断深化,发展环境更加巩固,群众安全感更稳了。这一年,我们优环境、护生态,把“资源优势”变为新动能。千方百计激活资源优势,主要经济指标名列全市前列,地方生产总值和城乡人均可支配收入实现高速增长,市场经营主体、招商项目快速成长,特别是旅游接待人数和收入取得双丰收、玉龙铜业公司产值首次突破百亿大关,全县高质量发展潜力和活力持续得以释放,群众获得感更足了。这一年,我们打基础、固根本,把“红色优势”变为新引擎。藏汉双语版《红色江达》即将出版,“红色江达大讲堂”“乡村讲堂”宣讲质效愈加有力,“红色江达旅游日”活动影响深远,以“红色党建大长廊”为代表的“红色”底色更加鲜明,西藏解放第一村—岗托镇岗托村获评全国民族团结进步模范集体,群众感恩意识更强了。这一年,我们压责任、激活力,把“制度优势”变为新引领。主体责任、第一责任、“一岗双责”不断压实,选优配强发展力量,党纪学习教育和群众身边不正之风和腐败问题集中整治成果转化作用明显,群众急难愁盼问题持续得以解决,群众感受更好了。
回首这一年,意义非凡。我们深知,成绩的取得来之不易,根本在于以习近平同志为核心的党中央的领航掌舵,根本在于习近平新时代中国特色社会主义思想的科学指引,离不开自治区党委、政府和市委、市政府的正确领导,离不开对口援江省市企业的无私援助,是全县各级党员干部和各族群众团结奋斗、勇于拼搏的结果。
征途漫漫,惟有奋斗。2025年是落实党的二十大精神和党的二十届三中全会的关键之年,是贯彻中央和区党委经济工作会议、推进“十四五”规划的攻坚之年,是投身“一切向东,建设长治久安和高质量发展引领示范市”的奋进之年,使命光荣、责任重大,大有可为、也必有可为。让我们更加紧密地团结在以习近平同志为核心的党中央周围,持续聚焦“四件大事”聚力“四个创建”,增“四气”、扬“五自”、强“五干”,用实际行动展现新时代江达人的精神风采,以优异成绩献礼自治区成立60周年,为书写中国式现代化江达篇章砥砺奋进。
祝愿伟大祖国更加繁荣富强、国泰民安!
祝愿江达的明天更加美好!
祝全县人民元旦快乐、幸福安康、扎西德勒!
中共江达县委员会 白玛扎西
江达县人民政府 张雷鸣
༄༅། །རྫོང་ཡོངས་ཀྱི་ཡུལ་མི་སྤུན་ཟླ་དང་། བློ་མཐུན། གྲོགས་པོ་རྣམ་པ་ཚོ།
ལོ་གསར་པ་ཤར་བ་ལས་ཐམས་ཅད་གསར་པར་འགྱུར། ལོ་རྙིང་ཕར་ལ་སྐྱེལ་ཞིང་ལོ་གསར་ཚུར་ལ་བསུ་བའི་དུས་འདིར་། ཀྲུང་གུང་འཇོ་མདའ་རྫོང་ཨུ་ཡོན་ལྷན་ཁང་དང་འཇོ་མདའ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། འཇོ་མདར་བཅའ་སྡོད་བྱེད་མཁན་གྱི་དམག་དཔུང་། དྲག་ཆས་ཉེན་རྟོག་དཔོན་དམག མེ་གསོད་འཐབ་འཛིང་པ། སྤྱི་བདེ་ཉེན་རྟོག་པ། དེ་བཞིན་སྒེར་སེམས་མེད་པའི་ཐོག་ནས་འཇོ་མདར་ཁ་གཏད་རོགས་སྐྱོར་གནང་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁེ་ལས། འཇོ་མདའ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣ་བཅས་ལ་ལོ་གསར་གྱི་སྨོན་འདུན་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན།
2024ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་འོག ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ"དོན་ཆེན་བཞི"དང་"འཛུགས་གཏོད་བཞིར"དམ་པོར་དམིགས་པས་འཇོ་མདའི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་འདིར། ང་ཚོས་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་གཏན་ལ་དམ་འཛིན་བྱས་པས“ས་བབ་ཀྱི་ལེགས་ཆ”དེ་རྨང་རྡོ་གསར་པར་འགྱུར་ཐུབ་པ་བྱུང་ཡོད། ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་དུ་ཕྱིན་པ་དང་དྲ་མིག་ཅན་གྱི་དོ་དམ་སྤྲུས་ཚད་དེ་བས་འབུར་ཐོན་ཡིན་པ། ཏང་འཛུགས་ཀྱིས་མཐའ་མཚམས་མཉམ་ལས་ལ་སྣེ་ཁྲིད་བྱས་ཏེ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེགས་ཆ་མངོན་གསལ་དོད་དུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ། གཞི་རིམ་བཅོས་སྐྱོང་གི˵123456˶ལས་ཀའི་ལམ་སྲོལ་གཏིང་ཟབ་ཏུ་བཏང་བས་འཕེལ་རྒྱས་ཀྱི་ཁོར་ཡུག་དེ་བས་སྲ་བརྟན་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དེ་བས་བརྟན་དུ་ཕྱིན་ཡོད།ལོ་འདིར་ང་ཚོས་ཁོར་ཡུག་ལེགས་སུ་གཏོང་བ་དང་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ཏེ“ཐོན་ཁུངས་ཀྱི་ལེགས་ཆ”དེ་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་ཐུབ་པ་བྱུང་ཡོད། ཐབས་བརྒྱ་ཇུས་སྟོང་ངང་ཐོན་ཁུངས་ཀྱི་ལེགས་ཆ་སྐུལ་སྤེལ་ཐུབ་པས་དཔལ་འབྱོར་གཙོ་བའི་དམིགས་ཚད་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱུང་ཡོད། ས་གནས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། དེ་བཞིན་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་དང་ཚོང་འགུག་རྣམ་གྲངས་བཅས་ཚང་མ་མྱུར་ཚད་ལྡན་པའི་ངང་འཕར་སྣོན་ཐུབ་པ་བྱུང་ཡོད།ལྷག་པར་དུ་ཡུལ་སྐོར་སྣེ་ལེན་གྱི་མི་གྲངས་དང་ཡོང་འབབ་ཐད་གྲུབ་འབྲས་བཟང་པོ་ཐོབ་པ་དང་གཡུ་ལུང་ཟངས་ལས་ཀུང་སིའི་ཐོན་སྐྱེད་རིན་ཐང་དེ་ཐོག་མར་དུང་ཕྱུར་བརྒྱ་ཕྲག་བརྒལ་ཐུབ་པ་བྱུང་བས། རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་ཐུབ་པ་མ་ཟད་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་ཕྱིན་ཡོད།ལོ་འདིར་ང་ཚོས་རྨང་གཞི་འདིང་བ་དང་རྩ་བ་བརྟན་དུ་བཏང་ནས“གསར་བརྗེའི་ལེགས་ཆ”དེ་སྒུལ་ཤུགས་གསར་པར་འགྱུར་ཐུབ་པ་བྱུང་ཡོད། བོད་རྒྱ་ཡིག་རིགས་པར་གཞིའི《གསར་བརྗེའི་འཇོ་མདའ》ཞེས་པའི་དཔེ་དེབ་དེ་པར་སྐྲུན་བྱེད་གྲབས་ཡོད་པ་དང་།“གསར་བརྗེ་འཇོ་མདའི་འཆད་སྟེགས་ཆེན་མོ”དང“གྲོང་གསེབ་འཆད་སྟེགས”ཀྱི་ཕན་འབྲས་དེ་བས་མཐོ་རུ་ཕྱིན་པ།˵གསར་བརྗེ་འཇོ་མདའི་ཡུལ་སྐོར་ཉིན་མོའི˶བྱེད་སྒོའི་ཤུགས་རྐྱེན་དེ་གཏིང་ཟབ་དང་ཡུན་རིང་དུ་བཏང་བ། ˵གསར་བརྗེའི་ཏང་འཛུགས་ཀྱི་བར་ཁྱམས་ཆེན་མོས˶མཚོན་པའི˵གསར་བརྗེའི˶ངོ་བོ་དེ་བས་མངོན་གསལ་དོད་དུ་ཕྱིན་པ། བོད་ལྗོངས་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་ཨང་དང་པོ་སྟེ་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོ་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ལ་བདམས་ཐོན་བྱུང་བས་མང་ཚོགས་ཀྱི་དྲིན་ཚོར་འདུ་ཤེས་དེ་བས་ཤུགས་ཆེར་ཕྱིན་ཡོད། ལོ་དེར་ང་ཚོས་འགན་འཁྲི་འཁུར་བ་དང་གསོན་ཤུགས་འཕེལ་བ་བྱས་ཏེ“ལམ་ལུགས་ཀྱི་ལེགས་ཆ”དེ་སྣེ་ཁྲིད་གསར་པར་འགྱུར་ཐུབ་པ་བྱུང་ཡོད།བྱེད་པོའི་འགན་འཁྲི་དང་འགན་འཁྲི་ཨང་དང་པོ།“ལས་གནས་གཅིག་ལ་འགན་འཁྲི་གཉིས”བཅས་རྒྱུན་མཐུད་ངང་ཤུགས་ཆེར་བཏང་བ་དང་།འཕེལ་རྒྱས་ཀྱི་སྟོབས་ཤུགས་ལེགས་འདེམས་དང་སྒྲིག་སྦྱོར་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་ཀའི་གྲུབ་འབྲས་ཀྱི་གཞན་སྒྱུར་ནུས་པ་དེ་བས་མངོན་གསལ་དོད་པ། དེ་བཞིན་མང་ཚོགས་ཀྱི་འཕྲལ་མཁོ་དང་སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་ཐུབ་པས་མང་ཚོགས་ལ་མྱོང་ཚོར་དེ་བས་ཟབ་མོ་བྱུང་ཡོད།
ལོ་འདིར་ཕྱིར་མིག་བལྟ་སྐབས་དོན་སྙིང་ནི་ཧ་ཅང་ཆེ། ང་ཚོས་ཤེས་གསལ་དུ་གྲུབ་འབྲས་འདི་དག་ཐོབ་པ་ནི་ལས་སླ་པོ་ཞིག་མིན་པར། གཙོ་བོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཁ་ཕྱོགས་གསལ་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་རགས་ལས་པ་ཞིག་ཡིན། མ་ཟད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་ཡང་དག་དབུ་ཁྲིད་དང་ཁ་བྲལ་ཐབས་མེད་ལ། འཇོ་མདར་ཁ་གཏད་རོགས་སྐྱོར་གནང་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁེ་ལས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན། ལྷག་པར་དུ་རྫོང་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱས་པ་བཅས་ལས་བྱུང་བ་ཞིག་ཡིན།
ལམ་ཐག་ནི་ཧ་ཅང་རིང་བས།ཐམས་ཅད་འབད་བརྩོན་ལ་རགས་ལས་ཡོད། 2025ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་དང། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལག་བསྟར་བྱེད་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག དེ་བཞིན˵ཐམས་ཅད་མདུན་ངོས་སུ་ཕྱོགས་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྣེ་ཁྲིད་ཀྱིས་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི˶འབད་འབུངས་ཀྱི་ལོ་ཞིག་ཡིན་པས། ལས་འགན་ནི་གཟི་བརྗིད་ལྡན་ལ་འགན་འཁྲི་ཡང་ལྗི་ཞིང་། ནུས་པ་འདོན་ས་མང་ན་བྱ་སྤྱོད་ཀྱང་དེ་བས་སྤེལ་ས་མང་། དེར་བརྟེན་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མུ་མཐུད་མཐུན་སྒྲིལ་དམ་ཟབ་ཀྱིས།˵དོན་ཆེན་བཞི˶དང་˵འཛུགས་གཏོད་བཞིར˶དམ་པོར་དམིགས་ཏེ˵བློ་སྟོབས་བཞི˶ཤུགས་ཆེར་གཏོང་བ་དང་˵རང་བྱས་པ་ལྔ˶དར་སྤེལ་གཏོང་བ། ˵སྒྲུབ་དགོས་པ་ལྔར˶ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་འཇོ་མདའ་བའི་སྙིང་སྟོབས་དང་ཉམས་འགྱུར་མངོན་པར་བྱེད་དགོས་ལ་གཡུར་ཟའི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་ཕྱག་རྟགས་འབུལ་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཇོ་མདའི་ལེའུ་གསར་ཧུར་ཐག་རྩོམ་དགོས།
རླབས་ཆེན་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་རྒྱལ་དར་དམངས་བདེ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། འཇོ་མདའི་མ་འོངས་པ་དེ་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཡང་ཞུ། མ་ཟད་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལོ་གསར་ལ་སྤྲོ་པོ་དང་། བདེ་སྐྱིད་ཁམས་བཟང་། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།།
ཀྲུང་གུང་འཇོ་མདའ་རྫོང་ཨུ་ཡོན་ལྷན་ཁང་། པད་མ་བཀྲ་ཤིས།
འཇོ་མདའ་རྫོང་མི་དམངས་སྲིད་གཞུང་། ཀྲང་ལེ་མིན།
主 编:廖量
副主编:益西
责 编:拉吉古桑
来 源:县委办
投稿邮箱:jdxwmb2019@sina.com