关于拉萨市达孜区超标电动车淘汰退市补贴的公告

政务   2025-01-06 20:45   西藏  

关于拉萨市达孜区超标电动车淘汰退市补贴的公告


根据《西藏自治区电动自行车管理办法》(政府令152号)等相关规定,拉萨市自2025年1月6日起至2025年4月30日止开展超标电动车淘汰退市补贴工作,逾期不再受理。现将相关事宜公告如下:

一、补贴对象
2021年1月10日至2021年12月31日期间在拉萨市公安交管部门登记注册的超标电动车(白底红字牌照)车主。

二、补贴标准
超标电动车淘汰按照蓄电池电压容量48V、60V和72V分为三档进行补贴:
1.蓄电池为48V的补贴371元;

2.蓄电池为60V的补贴615元;

3.蓄电池为72V的补贴785元。

三、补贴申领要求

1.申领补贴车辆须具备电池、电机、车身等“三大件”

2.补贴申领人凭车辆、本人身份证、银行卡申领,且同一身份证、同一车辆只能申领一次补贴;

3.车主变更但未办理过户的,须持有效证明申领补贴。

四、补贴申领流程
需淘汰退市“白底红字牌照” 的电动车所有人,就近前往具备专业回收报废资质的企业设置的便民回收网点,将车辆交回收公司查验,并提交二代居民身份证、银行卡卡号等个人信息(车主变更未过户的,由所在社区、村委会开具相关证明),完整填写报废审批手续。经相关部门审验批准后,5个工作日内将补贴资金发放至申领人提供的个人银行卡。

五、回收网点及联系方式、回收时间

按照达孜区五乡一镇超标电动车回收计划表。


六、其他事宜

1.2025年1月20日-2月14日,因春节放假,网点2月14日后恢复办理。

2.按照强制报废原则,未登记注册(无牌)的超标电动车,须到政府指定的回收网点报废,由回收企业依据车况给予相应残值补偿。

3.未到指定回收点或有专业回收报废资质企业报废的超标电动车,不享受政府补贴。

4.淘汰报废(含无牌电动车)车主可参加“幸福拉萨·惠享生活”新春季购车活动,享受购置汽车、电动自行车、电动两轮摩托车等额外购新补贴(详情可登录“拉萨商务”微信公众号或“惠民一站通”微信小程序)。

5.电动车销售商家,严禁借机哄抬价格。一经发现,有关部门将从严从重处罚。举报热线12315,对查证核实的同一举报线索,将给予首位举报者500元现金奖励


拉萨市达孜区商务局

拉萨市达孜区公安局

2025年1月6日

༄༅།།ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ཚད་བརྒལ་གློག་སྒུལ་འཁོར་རིགས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཁ་གསབ་སྐོར་གྱི་སྤྱི་བསྒྲགས།


《བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་ལྕགས་རྟ་དོ་དམ་བྱེད་ཐབས》(སྲིད་གཞུང་གི་བཀའ་རྒྱ་ཨང་152)སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།ལྷ་ས་གྲོང་ཁྱེར་གྱིས་2025ལོའི་ཟླ་1ཚེས་6ཉིན་ནས་2025ལོའི་ཟླ་4ཚེས་30ཉིན་བར་ཚད་བརྒལ་གློག་སྒུལ་འཁོར་རིགས་ཕྱིར་འཐེན་བྱེད་པའི་ཁ་གསབ་ལས་དོན་སྤེལ་ཞིང་།དུས་ཡུན་ལས་བརྒལ་ན་བདག་སྤྲོད་བྱ་རྒྱུ་མིན་པས།ད་ལྟ་འབྲེལ་ཡོད་གྱི་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར་ཡིན། 

གཅིག ཁ་གསབ་བྱ་ཡུལ།2021ལོའི་ཟླ་1ཚེས་10ཉིན་ནས་2021ལོའི་ཟླ་12ཚེས་31ཉིན་བར།རང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་་ཐོ་འགོད་བྱས་པའི་ཚད་བརྒལ་གློག་འཁོར་(གཞི་དཀར་ཡིག་དམར)གྱི་བདག་པོ།

གཉིས། ཁ་གསབ་ཀྱི་ཚད་གཞི།ཚད་བརྒལ་གློག་སྒུལ་ཕྱིར་འབུད་ཀྱི་གློག་གསོག་གློག་སྨན་གྱི་གློག་གནོན་ཤོང་ཚད་48Vདང་60V དེ་བཞིན་72Vབཅས་རིམ་པ་གསུམ་དུ་དབྱེ་ནས་ཁ་གསབ་བྱ་རྒྱུ་སྟེ།

1.གློག་གསོག་གློག་སྨན་48Vལ་ཁ་གསབ་སྒོར་371དང་།

2.གློག་གསོག་གློག་སྨན་60Vལ་ཁ་གསབ་སྒོར་615དང་།

3.གློག་གསོག་གློག་སྨན་72Vལ་ཁ་གསབ་སྒོར་785ཡིན།

གསུམ།   ཁ་གསབ་རེ་ཞུའི་བླང་བྱ།

1.ཁ་གསབ་རེ་ཞུ་བྱེད་པའི་འཁོར་རིགས་ལ་ངེས་པར་དུ་གློག་སྨན་དང་གློག་འཁོར།འཁོར་གཟུགས་སོགས་“ལྷུ་ལག་ཆེན་པོ་གསུམ”ཚང་་དགོས།

2.ཁ་གསབ་རེ་ཞུ་བྱེད་མཁན་གྱིས་འཁོར་རིགས་དང་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར།དངུལ་ཁང་གི་གཱ་བཅས་ལ་བརྟེན་ནས་ཁ་གསབ་རེ་ཞུ་བྱེད་པ་མ་ཟད།ཐོབ་ཐང་ལག་ཁྱེར་གཅིག་པའི་འཁོར་རིགས་གཅིག་གིས་ཁ་གསབ་ཐེངས་གཅིག་ལས་ལེན་མི་ཐུབ།

3.འཁོར་བདག་བསྒྱུར་ཡང་བདག་ཁོངས་སྤོ་བསྒྱུར་བྱས་མེད་ན།ངེས་པར་དུ་ནུས་ལྡན་གྱི་དཔང་ཡིག་ཁྱེར་ནས་ཁ་གསབ་ལེན་དགོས།

བཞི།   ཁ་གསབ་རེ་ཞུའི་་བརྒྱུད་རིམ།

ཁྲོམ་ར་ནས་ཕྱིར་འབུད་བྱ་དགོས་པའི“གཞི་དཀར་ཡིག་དམར་”གློག་སྒུལ་འཁོར་རིགས་བདག་པོས།ཉེ་འགྲམ་གྱི་ཆེད་ལས་ཕྱིར་བསྡུ་དང་བེད་མེད་གཏོང་བར་ཐོབ་ཐང་ལྡན་པའི་ཁེ་ལས་ཀྱིས་་དམངས་ཕན་སྟབས་བདེའི་ཕྱིར་བསྡུའི་དྲ་ཚིགས་སུ་བསྐྱོད་དེ།འཁོར་རིགས་ཕྱིར་བསྡུ་ཀུང་སིར་ཞིབ་བཤེར་བྱ་རྒྱུར་སྤྲོད་དགོས་པ་མ་ཟད།དུས་ཐེངས་གཉིས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་གཱ་ཡི་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་འབུལ་དགོས།(འཁོར་རིགས་བདག་པོ་བསྒྱུར་ཡང་བདག་དབང་བསྒྱུར་མེད་ཚེ།གནས་ཡུལ་གྱི་སྡེ་ཁུལ་དང་གྲོང་ཚོའི་ཨུ་ལྷན་གྱིས་འབྲེལ་ཡོད་དཔང་ཡིག་མཁོ་འདོན་བྱེད་དགོས)བེད་མེད་དུ་གཏོང་བའི་ཆོག་མཆན་གྱི་འགྲོ་ལུགས་ཆ་ཚང་འབྲི་དགོས།འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་ཆོག་མཆན་ཐོབ་རྗེས།ལས་དོན་་ཉིན་ལྔའི་ནང་ཁ་གསབ་མ་དངུལ་དེ་རེ་ཞུ་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་མི་སྒེར་གྱི་དངུལ་ཁང་གི་གཱ་ནང་བསྒྱུར་དགོས།

ལྔ།   ཚུར་བསྡུའི་དྲ་ཚིགས་དང་འབྲེལ་གཏུག་བྱེད་སྟངས། ཚུར་བསྡུའི་དུས་ཚོད།

སྟག་རྩེ་ཆུས་ཀྱི་ཤང་ལྔ་དང་གྲོང་རྡལ་གཅིག་གི་ཚད་བརྒལ་གློག་སྒུལ་འཁོར་རིགས་ཕྱིར་བསྡུ་བྱེད་པའི་འཆར་གཞིའི་རེའུ་མིག་ལྟར་ལག་བསྟར་བྱ་རྒྱུ།


དྲུག   དོན་དག་གཞན་དག

1.2025ལོའི་ཟླ་1ཚེས་20ཉིན་ནས་ཟླ་2ཚེས་14ཉིན་བར་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཡིན་པས།  དྲ་ཚིགས་དེ་ཟླ་2ཚེས་14ཉིན་གྱི་རྗེས་སུ་སླར་གསོ་བྱ་རྒྱུ་ཡིན།

2.བཙན་ཤེད་ཀྱིས་བེད་མེད་དུ་གཏོང་རྒྱུའི་རྩ་དོན་ལྟར། ཐོ་འགོད་མ་བྱས་པའི་ཚད་བརྒལ་གློག་སྒུལ་ངེས་པར་དུ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཕྱིར་བསྡུའི་དྲ་ཚིགས་སུ་བེད་མེད་དུ་གཏོང་དགོས་པ་དང་།  ཕྱིར་བསྡུ་ཁེ་ལས་ཀྱིས་རླངས་འཁོར་གྱི་གནས་ཚུལ་ལ་གཞིགས་ནས་དེ་མཚུངས་ཀྱི་རིན་ཐང་ལྷག་མའི་ཁ་གསབ་སྤྲོད་དགོས།

3.གཏན་འཁེལ་བྱས་པའི་ཕྱིར་བསྡུའི་གནས་སུ་མ་ཕྱིན་པའམ།ཡང་ན་ཆེད་ལས་ཀྱི་ཕྱིར་བསྡུས་བེད་མེད་དུ་གཏོང་བའི་ཐོབ་ཐང་ཡོད་པའི་ཁེ་ལས་སར་བེད་མེད་གཏོང་བར་མ་ཕྱིན་པའི་ཚད་བརྒལ་གློག་སྒུལ་འཁོར་རིགས་ལ་སྲིད་གཞུང་གི་ཁ་གསབ་མེད།

4.ཕྱིར་འབུད་དང་བེད་མེད་དུ་བཏང་བའི་(འཁོར་རྟགས་མེད་པའི་གློག་སྒུལ་འཁོར་རིགས་ཚུད་པའི)འཁོར་རིགས་ཀྱི་བདག་པོ་“བདེ་སྐྱིད་ཀྱི་ལྷ་ས་དང་འཚོ་བ་ལོངས་སུ་སྤྱོད་པའི”དཔྱིད་དུས་གསར་པའི་རླངས་འཁོར་ཉོ་སྒྲུབ་བྱེད་སྒོའི་ནང་ཞུགས་ཆོག་པ་དང་།རླངས་འཁོར་དང་གློག་སྒུལ་ལྕགས་རྟ།གློག་སྒུལ་འཁོར་གཉིས་སྦག་སྦག་སོགས་ཉོ་སྒྲུབ་ཀྱི་ཁ་གསབ་གསར་པ་ལོངས་སུ་སྤྱོད་ཆོག་(གནས་ཚུལ་ཞིབ་ཕྲ་ནི་“ལྷ་སའི་ཚོང་དོན་”འཕྲིན་ཡིག་སྤྱི་པའི་ཨང་གྲངས་སམ་ཡང་ན་“དམངས་ཕན་ས་ཚིགས་གཅིག་སྒྲུབ་”ཀྱི་འཕྲིན་ཡིག་གི་གོ་རིམ་ཆུང་ཆུང་དུ་ཐོ་འགོད་བྱེད་ཆོག)

5.གློག་སྒུལ་འཁོར་རིགས་ཕྱིར་འཚོང་བྱེད་མཁན་ཚོང་པས་གོ་སྐབས་དང་བསྟུན་ནས་རིན་གོང་མཐོར་འདེགས་བྱེད་པར་གཏན་འགོག་བྱེད་དགོས།ཤེས་རྟོགས་བྱུང་ཚེ་འབྲེལ་ཡོད་སྡེ་ཚན་གྱིས་ཉེས་ཆད་ནན་པོ་དང་ཚབས་ཆེན་གཅོད་རྒྱུ་ཡིན། 

ཐེར་འདོན་ཐད་སྦྲེལ་ཁ་པར་12315ཡིན་པས། ཞིབ་བཤེར་དང་ཞིབ་དཔྱད་བྱས་པའི་ཐེར་འདོན་གྱི་ཁུངས་སྣེ་གཅིག་ལ་ཐེར་འདོན་བྱེད་མཁན་དང་པོར་དངུལ་སྨར་གྱི་བྱ་དགའ་སྒོར་500སྤྲོད་རྒྱུ་ཡིན།


ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཚོང་དོན་ཅུད། 

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུད། 

2025ལོའི་ཟླ་1ཚེས་6ཉིན་ལ།


来源达孜区商务局、公安局
编辑扎西罗布
校对贾       晋  
审核:孙       浩     朱鹏举

e讯达孜
提供新闻资讯、政务信息公开、人文故事、便民信息、公众举报、政策咨询等。
 最新文章