བོད་ལྗོངས་ནག་ཆུར་གེ་སར་སྒྲུང་པའི་བཞུགས་མོལ་ཚོགས་འདུ་འཚོགས།

政务   2024-11-14 09:31   青海  

ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྟེ་གེ་སར་སྒྲུང་པའི་བཞུགས་མོལ་ཚོགས་འདུ་འཚོགས།

རྒྱལ་ཡོངས་གེ་སར་ལས་དོན་མགོ་ཁྲིད་ཚོགས་ཆུང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གེ་སར་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ལྟེ་གནས། བོད་རང་སྐྱོང་ལྗོངས་དམངས་ཁྲོད་སྒྱུ་རྩལ་རྩོམ་རིག་མཐུན་ཚོགས། དེ་བཞིན་རང་སྐྱོང་ལྗོངས་རིག་གནས་ཐིང་དང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་། ནག་ཆུ་གྲོང་ཁྱེར་སྲིད་གྲོས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དང་། ཆིག་སྒྲིལ་རྫོང་། བོད་ལྗོངས་མངའ་རིས་སྒར་རྫོང་བཅས་ཀྱི་གེ་སར་ཆེད་ལས་མཁས་པ་བཅུ་གཉིས་དང་སློབ་གཉེར་པ། སྒྱུ་རྩལ་པ། ནག་ཆུ་གྲོང་ཁྱེར་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི། རྫོང་དང་ཆུས་སོ་སོའི་རིག་གནས་ཡུལ་སྐོར་ཅུས་ཀྱི་འགན་ཁུར་བ་སོགས་མི་གྲངས་ལྔ་བཅུ་ལྷག་ཙམ་ཚོགས་འདུར་ཞུགས།       

སྒྱུ་རྩལ་པ་ཚོས་བཞུགས་མོལ་ཚོགས་འདུའི་ཐོག«འཇང་གླིང་གཡུལ་འགྱེད»དང་«ཧོར་གླིང་གཡུལ་འགྱེད» «རྟ་རྒྱུག་རྒྱལ་འཇོག»སོགས་གླིང་སྒྲུང་གི་ལེ་ཚན་འཁྲབ་སྟོན་བྱས།

གེ་སར་སྒྲུང་པས་སྒྲུང་བཤད་བཞིན་པ།

བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་གེ་སར་ཆེད་མཁས་པ་རྣམ་པས་གེ་སར་རིག་གནས་ཀྱི་སྲུང་སྐྱོབ་གནས་སྟངས་དང་རྒྱུན་འཛིན་གསར་གཏོད། གྲངས་གཞི་ཅན་གྱི་བརྒྱུད་སྤེལ་ཐབས་ཇུས་སོགས་ཀྱི་ཐད་བསམ་ཚུལ་བརྗེ་རེས་གཏིང་ཟབ་གནང་སྟེ་གེ་སར་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་རིག་གནས་ནང་དོན། རིན་ཐང་དང་དོན་སྙིང་བཅས་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཚན་རིག་ཅན་བཅས་ཀྱི་སྒོ་ནས་གེ་སར་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱ་རྒྱུའི་བསམ་འཆར་དང་གྲོས་མགོ་བཏོན་ཅིང་། གེ་སར་རིག་གནས་དང་དེང་རབས་རིག་གནས་ཐོན་ལས་ཟུང་འབྲེལ་བྱས་ཐོག་རིག་གནས་གསར་གཏོད་འཕེལ་རྒྱས་ཀྱི་ཞིབ་ཕྲའི་བྱ་ཐབས་ཐད་གྲོས་བསྡུར་གནང།

ཆེད་མཁས་པས་གཏམ་བཤད་སྤེལ་བཞིན་པ།

བཞུགས་མོལ་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་ནག་ཆུ་གྲོང་ཁྱེར་ལ་རང་སྐྱོང་ལྗོངས་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་སྒོ་བྱང་སྤྲད་པ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ནག་ཆུ་གྲོང་ཁྱེར་ལ་གེ་སར་གྱི་དེབ100ལྷག་ཙམ་གནང་བ་རེད། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཆེད་མཁས་པ་ཚོར་ནག་ཆུ་གྲོང་ཁྱེར་གེ་སར་རིག་གནས་ཀྱི་བློ་འདོན་པར་ཆེད་མངགས་གདན་ཞུས་གནང་སྟེ་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་བསྣན།

མ་འོངས་པར། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཐེངས་འདིའི་བརྗེ་རེས་དང་བགྲོ་གླེང་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། གླིང་སྒྲུང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། གསར་སྤེལ་བཅས་ཀྱི་བྱ་བར་མུ་མཐུད་དུ་ཤུགས་སྣོན་དང་གླིང་སྒྲུང་རིག་གནས་སྔོག་འདོན་དང་ལེགས་སྒྲིག དྲིལ་སྒྲོག སློབ་གསོ། གཟབ་སྦྱོང་། གསོ་སྐྱོང་། གསར་གཏོད་དང་གཞན་སྒྱུར་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས། གླིང་སྒྲུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཏེ། སྲོལ་རྒྱུན་རིག་གནས་དེ་སྲུང་སྐྱོབ་ཁྲོད་ཆུ་ཚད་མཐོ་བའི་རྒྱུན་འཛིན་ཐུབ་པ་དང་། རྒྱུན་འཛིན་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ། རྒྱལ་ཁབ་རིམ་པའི་གླིང་སྒྲུང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ནས་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ཞིག་ཏུ་འཛུགས་བསྐྲུན་བྱ་ཆེད་རིག་གནས་དང་ཡུལ་སྐོར་ཐད་བྱས་རྗེས་འཇོག་རྒྱུ་ཡིན་པ་རེད།

ཚོགས་ཞུགས་ཆེད་མཁས་པ་དང་སྒྲུང་པ། རིག་གནས་ཡུལ་སྐོར་ཅུས་ཀྱི་མགོ་ཁྲིད་བཅས་ཀྱིས་ནག་ཆུའི་གེ་སར་རྟ་རྒྱུག་ཐང་དུ་མཉམ་པར་བླངས་པ།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章