དམག་མཚམས་འཇོག་པའི་ཐད་ཕུང་ཅིང་གིས་བཤད་དོན།

民生   2024-11-01 19:01   北京  

   ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིས་ཕེང་པོ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་སྐད་ཆ་ཚིག་གཅིག་དྲངས་ནས་ཨུ་རུ་སུ་དང་ཡུག་རེན་བར་དམག་མཚམས་འཇོག་རྒྱུའི་སྐོར་གྱི་གྲོས་འགོར་ལན་བཏབ་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་10ཚེས་20ཉིན། ཨུ་རུ་སུ་དང་སར་པི་ཡ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཁ་པར་གཏོང་རེས་བྱས་པ་རེད། ཝུའུ་ཆི་ཆིས་སྐབས་དེ་དུས་ཕུའུ་ཅིང་ནས་“ཡུག་རེན་སྤེལ་བའི་ཨུ་རུ་སུའི་དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་དམིགས་ཚད་ཚང་མ་འགྲུབ་རྒྱུ་རེད་”ཅེས་ལན་བརྒྱབ་ཡོད་པ་བསྟན། 

   ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བའི་ནང་། ད་དུང་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་ཡིས་ཀྱང་ཚེས་30ཉིན་ངེས་པར་དུ་ལས་འགན་དེ་ལེགས་སྒྲུབ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་ཅེས་འཁོད་ཡོད་པ་རེད། ཁོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་དམངས་ཀྱི་ཚེ་སྲོག་དང་། མཚན་སྙན། ལ་རྒྱ་སོགས་ལ་བློས་འགེལ་ཆོག་པའི་འགན་ལེན་ཐུབ་རྒྱུ་རེད་ཅེས་བཤད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章