琼结县藏语委办(编译局)关于举办“礼赞75周年华诞—铸牢中华民族共同体意识”书法比赛的通知

政务   2024-09-09 22:26   西藏  
全县广大书法爱好者:
为深入学习贯彻党的二十届三中全会精神,喜迎中华人民共和国成立75周年、西藏自治区成立60周年,用书法艺术展现全县民族团结进步新气象、经济发展新跨越、民生福祉新飞跃、文化发展繁荣新活力的新时代风貌,特举办以“铸牢中华民族共同体意识”为主题的汉藏文书法比赛,现将有关事宜通知如下。
一、组织单位
主办单位:琼结县藏语委办(编译局)。
二、作品内容
作品应以“铸牢中华民族共同体意识”为主题,运用汉藏文书法的表现形式,体现社会主义核心价值观,书写内容积极健康向上向善。
三、征集时间
2024年9月10日至2024年9月25日。
四、参赛范围及征集要求
1.参赛作品仅限于琼结县广大干部群众、学校师生、寺庙僧尼以及其他行业的书法爱好者;
2.汉藏文书法字体不限;
3.所有参赛作品应为原创;
4.参赛作品纸张大小、装裱或不装裱等无具体要求,根据作品内容、美观等需要自行确定;
5.作品中不得混合使用多种字体,可加盖作者名章,不得使用具有宗教色彩的闲章。
五、作品评奖
秉持公开、公平、公正原则,对书法作品统一进行评选。
书法比赛设一等奖汉藏文各1名,奖金1000元;二等奖汉藏文各2名,奖金700元;三等奖汉藏文各3名,奖金500元;优秀奖若干名,颁发奖品。并将为获奖作品颁发获奖证书。
六、参赛方式
参赛者将书法作品于2024年9月25日18:30之前报送至琼结县藏语文工作委员会办公室(县政府大院旧楼309室)。请全县各单位广泛动员广大书法爱好者积极参赛。
七、注意事项
1.本次大赛不收取任何参赛费用,参赛作品均不退稿。
2.所有参赛作品归主办方所有,主办方有对参赛作品进行展览、摄影、录像、造册、宣传等权利,作者享有署名权。
3.9月底举行获奖作品展览暨颁奖仪式,具体时间地点另行通知。
联系方式:琼结县藏语文工作委员会办公室(编译局)
联系人:单增群宗
联系电话:0893—7352147  17889009252
琼结县藏语委办(编译局)
2024年9月9日


འཕྱོངས་རྒྱས་རྫོང་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)གིས་

རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་འཁྲུངས་སྐར་ལ་བསྟོད་གླུ་འབུལ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའིབརྗོད་བྱ་གཙོ་བོའི་ཡིག་གཟུགས་འགྲན་བསྡུར་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ།

རྫོང་ཡོངས་ཀྱི་ཡིག་གཟུགས་ལ་དགའ་ཞེན་ཡོད་མཁན་རྣམ་པ་ཚོ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་ཆེད། ཡིག་གཟུགས་སྒྱུ་རྩལ་ལ་བརྟེན་ནས་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ། དམངས་འཚོའི་བདེ་སྐྱིད་ལྡན་པའི་རྣམ་པ་གསར་པ། རིག་གནས་འཕེལ་རྒྱས་དང་དར་རྒྱས་ཀྱི་གསོན་ཤུགས་གསར་པ་བཅས་དུས་རབས་ཀྱི་རྣམ་པ་གསར་པ་གང་ལེགས་མངོན་པར་བྱ་ཆེད། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི”བརྗོད་བྱ་གཙོ་བོའི་རྒྱ་ཡིག་དང་བོད་ཡིག་གི་ཡིག་གཟུགས་འགྲན་བསྡུར་ཆེད་གཉེར་བྱ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་ནང་དོན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

གཅིག སྒྲིག་འཛུགས་ཚན་པ།

འཕྱོངས་རྒྱས་རྫོང་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་(རྫོང་རྩོམ་སྒྱུར་ཅུད་) གཉིས། བརྩམས་ཆོས་ཀྱི་ནང་དོན།

བརྩམས་ཆོས་ནི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ”བརྗོད་དོན་གཙོ་བོར་བྱས་ཏེ་རྒྱ་ཡིག་དང་བོད་ཡིག་ཡིག་གཟུགས་ཀྱི་མཚོན་ཚུལ་སྤྱད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཚོན་པ་དང་ནང་དོན་གཡར་ཐོན་དང་སྐྱོན་བྲལ་ཡིན་དགོས།

གསུམ། བསྡུ་ལེན་བྱེད་པའི་དུས་ཚོད།

2024ལོའི་ཟླ་9ཚེས་10ཉིན་ནས་2024ལོའི་ཟླ་9ཚེས་25ཉིན་བར།

བཞི། འགྲན་ཞུགས་ཁྱབ་ཁོངས་དང་བསྡུ་རུབ་ཀྱི་བླང་བྱ།

1.འགྲན་བསྡུར་ནང་ཞུགས་མཁན་ནི་འཕྱོངས་རྒྱས་རྫོང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་། སློབ་གྲྭའི་དགེ་སློབ། དགོན་སྡེའི་གྲྭ་བཙུན་བཅས་དང་དེ་བཞིན་རྫོང་ཁོངས་གི་ལས་རིགས་གཞན་དག་གི་ཡིག་གཟུགས་ལ་དགའ་ཞེན་ཡོད་མཁན་བཅས་ཡིན།

2.རྒྱ་ཡིག་དང་བོད་ཡིག་གི་ཡིག་གཟུགས་རིགས་ལ་ཚད་བཀག་མེད།

3.འགྲན་ཞུགས་བརྩམས་ཆོས་ཚང་མ་གསར་རྩོམ་ཡིན་དགོས།

4.འགྲན་ཞུགས་བརྩམས་ཆོས་ཀྱི་ཤོག་བུའི་ཆེ་ཆུང་དང་། མཐའ་སྦྱར་གཏོང་དང་མི་གཏོང་སོགས་ལ་བླང་བྱ་ཞིབ་ཕྲ་མེད་པས་བརྩམས་ཆོས་ཀྱི་ནང་དོན་དང་མཛེས་རྒྱན་སོགས་ཀྱི་དགོས་མཁོར་གཞིགས་ནས་སོ་སོས་གཏན་འཁེལ་བྱེད་དགོས།

4.བརྩམས་ཆོས་ཁྲོད་དུ་ཡིག་གཟུགས་སྣ་མང་འདྲེས་མར་བྲིས་མི་ཆོག རྩོམ་པ་པོའི་མིང་རྟགས་འགོད་དགོས། ཆོས་ལུགས་ཀྱི་མཚོན་ཚུལ་ལྡན་པའི་ཐམ་རིས་བཀོད་མི་ཆོག

ལྔ། བྱ་དགའ་དཔྱད་འདེམས་བྱེད་སྟངས། 

ཡོངས་བསྒྲགས་དང་། དྲང་གཞག འདྲ་མཉམ་གྱི་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཡིག་གཟུགས་བརྩམས་ཆོས་གཅིག་གྱུར་ཐོག་དཔྱད་འདེམས་བྱ་རྒྱུ་དང་། ཡིག་གཟུགས་འགྲན་བསྡུར་ནང་རྒྱ་ཡིག་དང་བོད་ཡིག་ཁག་སོ་སོར་བྱ་དགའ་རིམ་པ་དང་པོ་1དང་། བྱ་དངུལ་སྒོར་1000སྤྲོད་རྒྱུ། རྒྱ་ཡིག་དང་བོད་ཡིག་ཁག་སོ་སོར་བྱ་དགའ་རིམ་པ་གཉིས་པ་2རེ་དང་། བྱ་དངུལ་སྒོར་700སྤྲོད་རྒྱུ། རྒྱ་ཡིག་དང་བོད་ཡིག་ཁག་སོ་སོར་བྱ་དགའ་རིམ་པ་གསུམ་པ་3རེ་དང་། བྱ་དངུལ་སྒོར་500སྤྲོད་རྒྱུ། དེ་བཞིན་ཕུལ་བྱུང་གི་བྱ་དགའ་དང་བྱ་དགའི་དངོས་པོ་སྤྲོད་རྒྱུ། བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་བྱ་དགའི་མཚན་སྙན་ལག་ཁྱེར་ཡང་སྤྲོད་རྒྱུ།

དྲུག འགྲན་ཞུགས་བྱེད་སྟངས།

1.འགྲན་བསྡུར་ནང་ཞུགས་མཁན་གྱིས་2024ལོའི་ཟླ་9ཚེས་25ཉིན་གྱི་ཆུ་ཚོད་1830ཡི་གོང་ཡིག་གཟུགས་བརྩམས་ཆོས་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང་རྫོང་སྲིད་གཞུང་གི་སྒོ་རའི་ནང་གི་ཐོག་ཁང་རྙིང་པའི་ཐོག་ས་གསུམ་པའི་སྒོ་རྟགས་309ནང་དུ་སྐྱེལ་དགོས།     

བདུན། དོ་སྣང་བྱ་དགོས་པའི་དོན་ཚན།

1.ཐེངས་འདིའི་འགྲན་བསྡུར་ནང་ཞུགས་པར་གྲོན་དངུལ་ཅི་ཡང་མི་དགོས་པ་དང་། འགྲན་ཞུགས་བརྩམས་ཆོས་སྤྱིར་ན་གཙོ་གཉེར་ཚན་པས་ཉར་རྒྱུ། 

2. གཙོ་གཉེར་ཚན་པར་འགྲན་ཞུགས་བརྩམས་ཆོས་འགྲེམས་སྟོན་དང་། པར་ལེན། དེབ་བཟོ། དྲིལ་བསྒྲགས་སོགས་བྱེད་པའི་དབང་ཆ་ཡོད།

3.ཟླ་9པའི་ཟླ་མཇུག་ཏུ་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན་དང་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་རྒྱུ། དུས་ཚོད་དང་ས་གནས་ཞིབ་ཕྲ་ལོགས་སུ་བརྡ་ཐོ་གཏོང་རྒྱུ།

འབྲེལ་གཏུག་བྱ་ཡུལ། འཕྱོངས་རྒྱས་རྫོང་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་(རྫོང་རྩོམ་སྒྱུར་ཅུད་)

འབྲེལ་གཏུག་མི་སྣ། བསྟན་འཛིན་ཆོས་འཛོམས། 

འབྲེལ་གཏུག་ཁ་པར། 0893-7352147   17889009252


འཕྱོངས་རྒྱས་རྫོང་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྫོང་རྩོམ་སྒྱུར་ཅུད་)

                                                   2024ལོའི་ཟླ་9ཚེས་9ཉིན། 

网信琼结
新闻头条、政策发布、便民服务、公众举报等
 最新文章