མཚོ་སྔོན་གྱིས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་འགན་སྲུང་བྱས་པ།

政务   2024-11-10 12:52   青海  

  མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་འགན་སྲུང་བྱས་པ།

ཟླ10པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མི་རིགས་ས་ཁུལ་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་ཆེད། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མི་རིགས་ས་ཁུལ་གྱི་སྨན་རྫས་སྤུས་ཀ་ཚད་གཞི་ཅན་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་སྨན་རྫས་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ནུས་ཤུགས་ཇེ་ཆེར་གཏོང་བ། སྡེ་ཁག་གིས་མཉམ་དུ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མི་རིགས་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། མི་རིགས་ས་ཁུལ་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་དངོས་གནས་འགན་སྲུང་བྱས།

《མཚོ་སྔོན་ཞིང་ཆེན་གྱི་ས་གནས་སྨན་རྫས་ཀྱི་ཚད་གཞི་གཏན་འབེབས་བཟོ་བཅོས་བྱ་བའི་གོ་རིམ》གཏན་འབེབས་བྱས་ནས་བཏོན་པ་དང་། བོད་སྨན་རྒྱུ་ཆ་རིགས67དང་སྨན་ཁང་ནང་ཁུལ་གྱི་སྨན་རྫས་སྡེབ་སྦྱོར་རིགས104ཡི་སྤུས་ཀའི་ཚད་གཞི་རྩ་འཛུགས་བྱས་ཏེ་གཏན་འབེབས་བཟོ་བཅོས་བྱས་པར་མ་ཟད་དེ་དག་ཁྱབ་བསྒྲགས་བྱས། 《མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་རྒྱུ་ཆའི་ཚད་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་སྡེབ་སྦྱོར་སྤུས་ཀའི་ཚད་གཞི》འགྲེམ་སྤེལ་བྱས། སྨན་བཅོས་ལས་ཁུངས་ཀྱིས་སྡེབ་སྦྱོར་བྱས་པའི་བོད་སྨན་རྒྱུ་ཆ་རིགས415དང་སོག་སྨན་རྒྱུ་ཆ་རིགས404ཡི་འདུལ་སྦྱོང་བྱེད་ཐབས་ཀྱི་ཕྱོགས་སྟོན་ལ་ཞིབ་འཇུག་ཁུངས་གཏུག་དང་རྩོམ་སྒྲིག་བྱས། ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྱི་ཆེད་དམིགས་ལས་གཞི་གལ་ཆེན་ལ་བརྟེན་ནས། རིན་པོ་ཆེའི་རིགས་ཀྱི་བོད་སྨན“བཙོ་ཐལ”གྱི་རྒྱུ་ཆའི་འབྱུང་ཁུངས་དང་། འདུལ་སྦྱོང་ལག་རྩལ། སྤུས་ཀའི་ཚད་གཞི་བཅས་རྩ་འཛུགས་བྱས་ཏེ་མ་ལག་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི“བཙོ་ཐལ”དང་དེའི་རྒྱུ་ཆའི་སྤུས་ཀའི་ཚད་གཞི་དང་འདུལ་སྦྱོང་ཚད་ལྡན་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པས། བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན།

མི་རིགས་སྨན་རྫས་དག་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་བཞག་སྟེ། སྨན་རྫས་ཐོན་སྐྱེད་ཀྱི་ཁེ་ལས་དང་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྡེ་ཁག་ལ་ལྟ་སྐུལ་དང་ཞིབ་བཤེར་གཉིས་ཀ་ཁེབས་པ་རྒྱུན་འཁྱོངས་དང་། སྨན་རྫས་ཐོན་སྐྱེད་ཁེ་ལས་ཀྱིས་ཐོ་འགོད་སྙན་སེང་གསར་པ་ཞུ་བ་དང་ནད་ཐོག་བཀོལ་སྤྱོད་ཆེ་བའི་སྨན་བཅོས་སྡེ་ཁག་གི་སྡེབ་སྦྱོར་རྫས་ལ་ལོ་འཁོར་གྱི་ཟུར་བཤེར100%ལ་ཁེབས་པ་རྒྱུན་འཁྱོངས་བྱས། ད་ལོ་ནས་བཟུང་ལོ་རེར་ཀྲུང་བོད་སྨན་རྫས་སྣ་ཁ3ཞིང་ཆེན་རིམ་པའི་འཚོལ་ཞིབ་རང་བཞིན་གྱི་ཞིབ་འཇུག་ཁྲོད་དུ་བཀོད་སྒྲིག་བྱས་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཤེས་སུ་བཅུག་སྟེ། ཆད་ལུས་མེད་པར་ལྟ་སྐུལ་དོ་དམ་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་བྱས་ནས། ཐོག་མར་བོད་འབྲེལ་ས་ཁུལ་གྱི་སྨན་ཁང་ནང་ཁུལ་གྱི་སྡེབ་སྦྱོར་སྨན་མིང་དང་ལག་རྩལ་ཆེད་སྤྱོད་མིང་བརྡའི་བོད་མིང་ལོ་ཙཱའི་ལག་རྩལ་ལག་དེབ་སྟེ《མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་སྡེབ་སྦྱོར་སྤྱི་སྤྱོད་སྨན་མིང་ལོ་ཙཱའི་མཛུབ་སྟོན་རྩ་དོན(ཚོད་ལྟའི་བཀོལ་སྤྱོད)》བཏོན་ནས། ལོ་ཙཱའི་ཚད་གཞི་གཅིག་གྱུར་བྱས་ཤིང་། སྡེབ་སྦྱོར་སྨན་མིང་ཚད་ལྡན་དུ་བཏང་། ཞིང་ཆེན་ནགས་རྩྭ་ཅུས་སོགས་སྡེ་ཁག་མང་པོ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཐོན་ཀྲུང་ལུགས་བོད་ལུགས་སྨན་རྫས་རྒྱུ་ཆ(མཚོ་སྔོན་གྱི་སྨན་རྫས་བཅོ་བརྒྱད)ངོས་འཛིན་བྱས་པར་མ་ཟད་ཁྱབ་བསྒྲགས་བྱས་པ་དང་། ཡུལ་ཐོན་སྨན་རྫས་ཐོན་ཁུངས་བསྟུད་མར་བེད་སྤྱོད་པར་འགན་སྲུང་བྱས་ལ། 《མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཐོན་སྨན་རྫས་ཐོ་ཡིག》འགྲེམ་སྤེལ་བྱས། 《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་སྡེབ་སྦྱོར་ལྟ་སྐུལ་དོ་དམ་ལག་དེབ》དང་། 《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་སྡེབ་སྦྱོར་ཕྱོགས་བསྒྲིགས》(དེབ་དང་པོ་དང་གཉིས་པ)ཡོངས་སུ་བསྒྲིགས་ཚར་བ་དང་། གཞི་རིམ་ལ་ལྟ་སྐུལ་དོ་དམ་བྱེད་པར་ལག་དེབ་འདོན་སྤྲོད་བྱས་ཏེ། གཞི་རིམ་གྱི་ལྟ་སྐུལ་དོ་དམ་བྱེད་པའི་ཕན་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/格日加布

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章