关于严禁群众未批先建、私自买卖等违法行为的通知

政务   2024-11-21 18:31   西藏  


各乡镇人民政府:

近几年群众建房用地违法违规行为突出,群众未取得用地批复,未到自然资源部门履行用地手续,擅自开工建设,违法买卖土地,造成违法用地突出。为杜绝未批先建、边报边建、批少占多、乱挖乱建、违法买卖土地等违法行为发生,进一步规范农用地和建设用地的管理及使用,根据《中华人民共和国土地管理法》等相关法规规定,现就有关要求通知如下:

一、具体工作要求

(一)坚决遏制违法用地。一是群众建房在开工建设前,涉及占用农用地的,需履行农用地转建设用地的审批手续。故未取得农用地转用批复的,不得开工建设,严禁未批先建、边报边建、批少占多的违法行为;二是对于未办理完成农用地转用和土地征收审批手续、《建设用地规划许可证》、《建设工程规划许可证》和《建设项目选址意见书》等手续的项目,均不得开工建设。

(二)加强用地监管。一是各乡镇要强化属地管理和监督责任,以预防为主,查防结合,严格把握好群众建房用地管理工作,明确责任人跑办项目用地手续,确保将土地违法问题发现在萌芽状态,制止在动土之初。二是任何个人不得非法买卖、转让或以其他形式非法转让土地进行建设。违反规定私自买卖土地的,依法追究相关责任人的法律责任 ,并没收违法所得。

二、依法依规严格查处

针对自然资源执法工作面临的新形势和任务,为严格落实“源头管控、过程严管、后果严惩”,着力健全“早发现、早制止、严查处”工作机制,届时自然资源部门将通过“天上看、地上查、网上管”的方式,对全县用地开展日常监管,一经发现未批先建、边报边建、批少占多、无“两证一书”、私自买卖等违法违规行为,依据《土地管理法》和《城乡规划法》以零容忍的态度,坚决予以查处,对重大违规违法行为,将线索及时移交纪委监委。

巴青县自然资源局

2024年11月21日

༄༅། །མང་ཚོགས་ཀྱིས་ཆོག་མཆན་མ་ཐོབ་པར་སྔོན་ལ་ཁང་པ་རྒྱག་པ་དང་རང་དགར་ས་ཆ་ཉོ་ཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།

ཤང་གྲོང་རྡལ་ཁག་གི་མི་དམངས་སྲིད་གཞུང་།

ཉེ་བའི་ལོ་ཤས་རིང་མང་ཚོགས་ཀྱིས་ཁང་པ་རྒྱག་པ་དང་ས་ཆ་སྤྱོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་མངོན་གསལ་དོད་པ་དང་། མང་ཚོགས་ལ་ས་ཆ་སྤྱོད་པའི་མཆན་འགོད་བཀའ་ལན་ཐོབ་མེད་པ་དང་རང་བྱུང་ཐོན་ཁུངས་སྡེ་ཚན་དུ་ས་ཆ་སྤྱོད་པའི་འགྲོ་ལུགས་ལག་བསྟར་བྱེད་པར་མ་བསྐྱོད་པར་རང་དགར་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་ཁྲིམས་འགལ་ངང་ས་ཆ་ཉོ་ཚོང་བྱས་པས་ཁྲིམས་འགལ་གྱིས་ས་ཆ་སྤྱོད་པའི་གནས་ཚུལ་མངོན་གསལ་དོད་པོ་བྱུང་ཡོད། ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱེད་པ་དང་། འཛུགས་སྐྲུན་བྱེད་བཞིན་སྙན་སེང་ཞུ་བ། ཆོག་མཆན་ཐོབ་པ་ལས་མང་བ་བཟུང་པ། གང་བྱུང་དུ་སྔོག་པ་དང་གང་བྱུང་དུ་འཛུགས་སྐྲུན་བྱེད་པ། ཁྲིམས་འགལ་གྱིས་ས་ཆ་ཉོ་འཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་བྱེད་བྱེད་པ་དང་། ཞིང་སྤྱོད་ས་ཞིང་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དོ་དམ་དང་བེད་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་ཆེད། ས་ཞིང་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམསསོགས་འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས་ད་ལྟ་འབྲེལ་ཡོད་བླང་བྱ་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

གཅིག ཞིབ་ཕྲའི་ལས་ཀའི་བླང་བྱ།

(གཅིག) ཁྲིམས་འགལ་གྱིས་ས་ཆ་སྤྱོད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། གཅིག་ནི་མང་ཚོགས་ཀྱིས་ཁང་པ་རྒྱག་སྐབས་ལས་འགོ་མ་བཙུགས་གོང་ཞིང་སྤྱོད་ས་ཆ་བཟུང་སྤྱོད་བྱས་རིགས་ལ་ཞིང་སྤྱོད་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ཞིབ་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས། ཞིང་སྤྱོད་ས་ཆ་བརྒྱུད་བཀོལ་གྱི་མཆན་འགོད་བཀའ་ལན་མ་ཐོབ་ན། འཛུགས་སྐྲུན་གྱི་ལས་འགོ་བརྩམས་མི་ཆོག་པ་དང ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱེད་པ་དང སྙན་སེང་ཞུ་ཞོར་དུ་འཛུགས་སྐྲུན་བྱེད་པ། ཆོག་མཆན་ཐོབ་པ་ལས་མང་བ་བཟུང་བ་བཅས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་གཏན་འགོག་བྱ་དགོས། གཉིས་ནི་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་་ཀྱི་ཞིབ་མཆན་འགྲོ་ལུགས་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་འཆར་འགོད་ཆོག་འཐུས་ལག་ཁྱེར》《འཛུགས་སྐྲུན་ལས་གྲྭའི་འཆར་འགོད་ཆོག་འཐུས་ལག་ཁྱེར》《འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་འདེམས་པའི་བསམ་འཆར་ཡི་གེསོགས་ཀྱི་འགྲོ་ལུགས་མ་འགྲིམས་པའི་རྣམ་གྲངས་ཚང་མ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱས་མི་ཆོག 

(གཉིས།) ས་ཆ་སྤྱོད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཅིག་ནི་ཤང་དང་གྲོང་རྡལ་ཁག་གིས་ས་ཁོངས་དོ་དམ་དང་ལྟ་སྐུལ་གྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ། སྔོན་འགོག་གཙོ་བོར་བྱེད་པ་དང་། ཞིབ་བཤེར་དང་སྔོན་འགོག་ཟུང་འབྲེལ་གྱིས་མང་ཚོགས་ཀྱི་སྡོད་ཁང་རྒྱག་པའི་ས་ཆའི་དོ་དམ་ལས་དོན་སྟངས་འཛིན་ནན་པོ་བྱེད་པ་དང་། འགན་འཁུར་བ་ཁ་གསལ་བཟོས་ནས་རྣམ་གྲངས་ཐད་ས་ཆ་སྤྱོད་པའི་འགྲོ་ལུགས་གཉེར་ཏེ་ས་ཆའི་ཁྲིམས་འགལ་གནད་དོན་ཐོན་མ་ཐག་ཤེས་རྟོགས་ཐུབ་པ་དང་ལས་འགོ་མ་ཚུགས་གོང་ནས་བཀག་འགོག་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནི་མི་སུ་འདྲ་ཞིག་ཡིན་རུང་ཁྲིམས་འགལ་ངང་ས་ཆ་ཉོ་ཚོང་དང་བཤུག་སྤྲོད་བྱེད་པའམ་ཡང་ན་བྱེད་སྟངས་གཞན་ལ་བརྟེན་ནས་ཁྲིམས་འགལ་ངང་ས་ཆ་བཤུག་སྤྲོད་བྱས་ནས་འཛུགས་སྐྲུན་བྱས་མི་ཆོག གཏན་འབེབས་དང་འགལ་ནས་རང་མཚམས་ཀྱིས་ས་ཞིང་ཉོ་ཚོང་བྱས་ན་ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་མི་སྣའི་བཅའ་ཁྲིམས་ཀྱི་འགན་འཁྲི་བརྡ་འདེད་གཏོང་རྒྱུ་མ་ཟད་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ།

གཉིས། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ནན་པོ་བྱ་རྒྱུ

རང་བྱུང་ཐོན་ཁུངས་ཀྱི་ཁྲིམས་བསྟར་ལས་ཀར་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས། “འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། བརྒྱུད་རིམ་ལ་དོ་དམ་ནན་པོ། མཇུག་འབྲས་ལ་ཆད་པ་ནན་པོ་གཅོད་པ”བཅས་དོན་འཁྱོལ་ནན་པོ་བྱེད་པ་དང་། “སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བཀག་འགོག ཞིབ་བཤེར་ཐག་གཅོད་ནན་པོ”བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་ཤུགས་རྒྱག་ཆེད། རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས“གནམ་ནས་བལྟ་བ་དང་། ས་ཐོག་ནས་ཞིབ་བཤེར་བྱེད་པ། དྲ་ཐོག་ནས་དོ་དམ་བྱེད་པ”བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྫོང་ཡོངས་ཀྱི་ས་ཆར་ཉིན་རྒྱུན་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན། ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱེད་པ་དང སྙན་སེང་ཞུ་ཞོར་དུ་འཛུགས་སྐྲུན་བྱེད་པ། ཆོག་མཆན་ཐོབ་པ་ལས་མང་བ་བཟུང་བ། “ལག་ཁྱེར་གཉིས་དང་ཡི་གེ་གཅིག”མེད་པ། རང་དགར་ཉོ་ཚོང་བྱེད་པ་སོགས་ཀྱི་བཅས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ན། ས་ཆ་དོ་དམ་བཅའ་ཁྲིམསདང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཅའ་ཁྲིམསགཞིར་བཟུང་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཡོད་རིགས་ལ་ཁུངས་སྣེ་དུས་ཐོག་ཏུ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་རྩིས་སྤྲོད་བྱ་རྒྱུ་ཡིན།

སྦྲ་ཆེན་རྫོང་རང་བྱུང་ཐོན་ཁུངས་ཅུད།

2024ལོའི་ཟླ་11ཚེས་21ཉིན། 

主      编:阿旺

责      编:拉朗

编      辑:仁青桑珠

消息来源:巴青县自然资源局



网信看巴青

巴青精彩,码上可见

网信巴青
发布巴青新闻信息,提供网信相关服务。
 最新文章