江夏路上的天桥学校——日喀则市第三高级中学恭候您的到来!(双语)

政务   2024-08-02 14:13   西藏  



S  G
学校
 简介       
你的选择是正确的

 

  历史沿革:日喀则市第三高级中学是一所教学设施一流、师资力量雄厚、办学理念先进的全日制普通高级中学。学校始建于2010年,前身为日喀则地区第三高级中学,2015年,经日喀则市人民政府批准,更名为日喀则市第三高级中学

བརྒྱུད་མྱོང་བའི་ལམ་བུ།  

   གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་གསུམ་པ་ནི་སློབ་ཁྲིད་སྒྲིག་ཆས་ལེགས་ལ།  དགེ་རྒན་གྱི་དཔུང་ཁག་སྟོབས་ཆེ་བ།   སློབ་གཉེར་ལྟ་བ་སྔོན་ཐོན་ཅན་གྱི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཕུལ་བྱུང་མཐོ་རིམ་སློབ་གྲྭ་ཞིག་རེད།   ༢༠༡༠ལོར་སློབ་གྲྭ་འདི་དངོས་སུ་བཙུགས་ཤིང་།  ༢༠༡༥ལོར་གཞིས་རྩེ་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ཏེ་དེ་སྔའི་གཞིས་རྩེ་ས་གནས་མཐོ་རིམ་སློབ་འབྲིང་གསུམ་པ་ཞེས་པ་དངོས་སུ་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་ཞེས་པར་བསྒྱུར།     

校 歌

སློབ་གྲྭའི་གླུ།


教学区
སློབ་ཁྲིད་ཁུལ།
Teaching Area


 






 






生活区
འཚོ་བའི་ཁུལ། 
living quarters

 








天桥

གནམ་ཟམ།

 







我校李波书记和巴桑校长


   






    

学校布局

   学校布局:学校位于日喀则市拉萨北路17号,校园占地206亩,是日喀则市布局最为合理的一所高级中学,生活区和教学区隔街相望、彼此独立,过街天桥将其连为一体,互为依托。建筑典雅别致,环境清新宜人,是莘莘学子求学和成长的殿堂。  

   སློབ་གྲྭའི་བཀོད་པ།  སློབ་གྲྭ་འདི་གཞིས་ཀ་རྩེ་གྲོང་ཁྱེར་བྱང་བགྲོད་ལམ་ཨང་༡༧ཁུལ་དུ་གནས་ཡོད།   སློབ་གྲྭའི་ས་ངོས་རྒྱ་ཁྱོན་མུའུ་༢༠༦ཙམ་ཡོད་ལ།   སློབ་གྲྭ་འདིས་་གཞིས་རྩེ་གྲོང་ཁྱེར་གྱི་བྱང་ངོས་སུ་སློབ་གསོའི་གནས་ས་འགངས་ཆེན་བཟུང་ཡོད།      ལྷག་པར་དུ་སློབ་ཁྲིད་ཐོག་ཁང་དང་འཚོ་བའི་ཁུལ་གཉིས་སོ་སོར་དབྱེ་འབྱེད་་ཀྱིས་ཁ་མིག་ཧ་ཅང་གསལ།   

办学理念


  学校秉承“立德树人、五育并举”的办学理念,并将“以人为本”作为核心理念,重视调动三个积极性,即教师教的积极性、学生学的积极性、后勤管理人员工作的积极性,让学生有进步,使教师能成长,促进学校持续健康发展。

སློབ་གཉེར་འདུ་ཤེས།  

   སློབ་གྲྭས་༼སྤྱོད་བརྟེན་མི་སྐྱོང་། ལྔ་སྐྱོང་མཉམ་སྤེལ་༽ཅེས་པའི་སློབ་གཉེར་འདུ་ཤེས་ཡང་དག་བཅངས་ནས་༼སློབ་མ་གཙོར་བཟུང་༽ གི་སྙིང་དོན་ཡིད་ལ་བཅངས་ཡོད།  ལྷག་པར་དུ་སློབ་གྲྭས་གསུམ་འབད་འབུངས་བྱེད་བཞིན་མཆིས་ཏེ་དགེ་རྒན་གྱིས་ཧུར་ཐག་ངང་སློབ་ཁྲིད་དང་། སློབ་མས་ཧུར་ཐག་གིས་སློབ་ལ་འབད་པ། རྒྱབ་ཕྱོགས་མི་སྣས་ཧུར་ཐག་གིས་ཞབས་ཞུ། སློབ་མ་ཡར་རྒྱས་ཅན་དང་།  དགེ་རྒན་འཇོན་ཐང་ཅན།  སློབ་གྲྭ་མཛེས་སྡུག་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུར་འགྲོ་དང་འགྲོ་མུས་རེད།   

        


 






སློབ་གཉེར་གཞི་ཁྱོན།  

    

学校现有3个年级,共42个教学班,在校生2000余人。

  སློབ་གྲྭར་ད་ལྟ་ལོ་རིམ་གསུམ་དང་འཛིན་གྲྭ་ཁྱོན་༤༢ཙམ་ཡོད་ལ།  མི་གྲངས་ཁྱོན་༢༠༠༠ལྷམ་ཙམ་ཡོད།  






办 学 条 件



   1.教学设施。 学校逐步拥有多媒体教室、电教室、语音室等现代化教学设施和标准化运动场馆,建有实验室、心理咨询室、医务室等。还有阅览室、连廊读书角、学生发展中心楼等。

གཅིག སློབ་ཁྲིད་སྒྲིག་ཆས།

  སློབ་གྲྭའི་ནང་སྨྱན་མང་སློབ་ཁང་དང་། རྩིས་རྒྱག་འཕྲུལ་ཁང་སོགས་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ཡོད་ཅིང་། ཚད་ལྡན་ཅན་གྱི་ལུས་རྩལ་ཐང་དང་། ལུས་རྩལ་ཁང་ཡོད་ལ། གཞན་ཚོད་ལྟ་ཁང་དང་། སེམས་ཁམས་བློ་འདྲི་ཁང་། སྨན་བཅོས་ཁང་། དཔེ་མཛོད་ཁང་། སློབ་མའི་འཕེལ་རྒྱས་ལྟེ་གནས་ཐོག་ཁང་སོགས་ཀྱང་བསྐྲུན་ཡོད།

(上图:新建的学生发展中心楼

(上图:领导重视生态文明教育

(上图:优雅的图书馆


(上图:读书角

(上图:学生食堂

2.师资力量

学校现有教职工人数182人,含有研究生17人,本科生166人,其中高级教师27人,中级教师75人,学历职称达标。学校现有国家级体育教练4人,国家级心理咨询师1人,国家级心理健康教育骨干教师1人,自治区级名教师1人,自治区级骨干教师2人,自治区教学能手1人,自治区级心理健康教育骨干教师2人。

གཉིས། དགེ་རྒན་གྱི་དཔུང་ཁག

    སློབ་གྲྭའི་ནང་ཆེད་ལས་དགེ་རྒན་ལས་བཟོ་༡༨༢ཡོད་པ་དང་། དེ་ནང་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་པའི་དགེ་རྒན་དང་། དངོས་གཞིའི་སློབ་མའི་ཡོན་ཚད་ལྡན་པའི་དགེ་རྒན་༡༦༦ཡོད་ཅིང་། དེ་དག་གི་ཁྲོད་མཐོ་རིམ་གྱི་གོ་མིང་ཐོབ་པའི་དགེ་རྒན་༢༧འབྲིང་རིམ་གྱི་གོ་མིང་ཐོབ་པའི་དགེ་རྒན་༧༥ཡོད་པས་ཡོན་ཚད་དང་གོ་མིང་ཚད་དང་ལྡན་ཡོད།  སློབ་གྲྭར་རང་སྐྱོང་ལྗོངས་རིམ་པའི་གྲགས་ཅན་དགེ་རྒན་༡དང་རང་སྐྱོང་ལྗོངས་རིམ་པའི་རྐང་འཛིན་དགེ་རྒན་༢ རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་འཇོན་ཐང་ཅན་༡  ད་དུང་རྒྱལ་ཁབ་རིམ་པའི་ལུས་སྦྱོང་རྩལ་འཁྲིད་པ་༤དང་།རྒྱལ་ཁབ་རིམ་པའི་སེམས་ཁམས་བློ་འདྲིའི་དགེ་རྒན་༡ རྒྱལ་ཁབ་རིམ་པའི་སེམས་ཁམས་ཀྱི་བདེ་ཐང་སློབ་གསོའི་རྐང་འཛིན་དགེ་རྒན་༡ རང་སྐྱོང་ལྗོངས་རིམ་པའི་སེམས་ཁམས་ཀྱི་བདེ་ཐང་སློབ་གསོའི་རྐང་འཛིན་དགེ་རྒན་༢ རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་ཀྱི་དགེ་རྒན་གྲགས་ཅན་༣བཅས་ཡོད།

3.教学质量

学校追求“高质量、现代化、有特色、人民满意”的办学目标,强化校本培训,领导班子成员深入课堂、帮助教师改进教法、指导学生学法。

如今的日喀则市第三高级中学,在新班子领导的真诚关怀和悉心指导下,学校教育教学质量稳步上升,得到了社会各界人士以及学生家长的一致认可和好评,我们坚信学生在全新的母校温暖怀抱里健康成长,成为建设祖国和新西藏的栋梁之才。

གསུམ། སློབ་ཁྲིད་ཀྱི་སྤུས་ཚད། 

    ངེད་སློབ་གྲྭས་༼སྤུས་ཚད་རྩེར་སོན་དང་། དེང་རབས་ཅན་ལ་ཕྱོགས་པ།  རང་གི་དམིགས་གསལ་ཁྱད་ཆོས་ཡོད་པ། མི་དམངས་འདོད་བློ་ཁེངས་པ༽བཅས་ཀྱི་སློབ་གྲྭ་འཛུགས་གཉེར་གྱི་དམིགས་ཡུལ་ལ་བརྩོན་ལེན་གྱིས་རིག་ཚན་ཉམས་ཞན་ཁག་དཀའ་སྒྲོལ་ཡོང་བའི་གོ་སྐབས་དམ་དུ་བཟུང་ནས་བྱང་ཚད་སློབ་གསོ་སྐུལ་སྤེལ་གཏོང་བའི་ནང་དོན་གཞིར་བཟུང་སྟེ། རིག་པའི་གཞུང་ལུགས་ལ་སློབ་སྦྱོང་ཡོང་རྒྱུར་ཤུགས་སྣོན་དང་། སློབ་ཁྲིད་ཀྱི་འདུ་ཤེས་ལ་བསྒྱུར་བཅོས། སློབ་གྲྭའི་ནང་ཁུལ་གྱི་གསོ་སྦྱོང་ལ་ཤུགས་སྣོན་བྱེད་པ། འགོ་ཁྲིད་ཚན་ཁག་གིས་ཀྱང་བསླབ་ཚན་ཁག་ནང་ཟབ་འཇུག་བྱས་ནས་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ལ་ལེགས་བཅོས་བྱེད་རོགས་དང་། སློབ་མའི་སློབ་སྦྱོང་གི་ཐབས་ལམ་ལ་ཁྲིད་སྟོན་བྱས་པར་བརྟེན་མཐོ་རྒྱུགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།





上图:知识盛宴)

上图:运动会)

上图:参观爱国主义教育基地)

上图:毕业班欢送之歌)



上图:教师趣味活动)

上图:暖心政策暖校园


办 学 特 色


   1.心理健康教育。学校注重学生心理健康教育,开发使用校本心理健康教育读本——《走向阳光》,开设“心路”课程。

ཁྱད་ལྡན་སློབ་གཉེར། 

  གཅིག  སེམས་ཁམས་བདེ་ཐང་སློབ་གསོ། སེམས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་ཁྱིམ་བདག་དང་སློབ་མའི་རེ་བ་ཉག་གཅིག་དེ་རེད། སློབ་གྲྭས་སྔ་ཕྱི་བར་གསུམ་དུ་སེམས་ཁམས་བདེ་ཐང་སློབ་གསོ་གཙོར་བཟུང་གིས་མཐོ་འབྲིང་གསུམ་པའི་སློབ་མའི་སེམས་ཁམས་ལ་སྨན་པའི་དཔེ་ཆ་༼ཉི་འོད་ལ་ཕྱོགས་པ་༽ཞེས་པ་པར་སྐྲུན་དང་། སློབ་ཚན་བཀོད་སྒྲིག་གནང་སྟེ་སློབ་མའི་སེམས་ཁམས་གསོ་བར་བྱས་ཡོད། 

 





(上图:我校心理辅导室一角

   2.特长生培养。学校一贯重视特长生培养,设立田径、足球、篮球、舞蹈、书法、藏棋、扎念、音乐等特长班,培养素质全面、兼有特长的学生。

  གཉིས། དགེ་མཚན་ལྡན་པའི་སློབ་མ་གསོ་སྐྱོང་། སློབ་གྲྭས་སློབ་མའི་དང་ཞེན་ལ་བཀག་འགོག་མེད་པར་ལུས་སྦྱོང་དང་། ཞབས་བྲོ། ཡིག་གཟུགས། མིག་དམངས་སོགས་ཀྱི་དད་ཞེན་ཚོགས་པ་བཙུགས་ཏེ་ཁོ་ཚོའི་དགེ་མཚན་དག་གང་ལེགས་འདོན་སྤེལ་བྱ་ཆེད་གོ་སྐབས་སྟེར་ཡོད། 

   3.文化生活丰富多彩。为进一步丰富学生课余文化生活和营造朝气蓬勃的校园文化氛围,我校经常组织学生开展各种文体活动、社团活动,通过橱窗、画廊、显示屏、黑板报等形式宣传文明礼仪、师生精神风貌,弘扬学校文化。同时,还加强班级文化建设,让学生处于一种积极的、和谐的环境之中。

   གསུམ་པ། སློབ་གྲྭས་སློབ་ཕྱིའི་བྱེད་སྒོ་སྣེ་མང་ཕུན་ཚོགས་ཡོང་ཆེད་གར་སྟེགས་སྣ་ཚོགས་བརྒྱུད་སློབ་མའི་བྱ་སྤྱོད་ལ་ཁྲིད་སྟོན་གང་ལེགས་བྱས་ཡོད། ལྷག་པར་དུ་ལག་ལེན་དངོས་ཀྱི་ཐོག་ནས་ལག་རྩེད་སྤོ་ལོའི་འགྲན་བསྡུར་དང་། སྙན་ངག་གྱེར་འདོན་འགྲན་བསྡུར།  གླུ་གཞས་འགྲན་བསྡུར།  ཡིག་གཟུགས་འགྲན་བསྡུར་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་གང་མང་སྤེལ་ཡོད།  དེ་དག་གིས་སློབ་མའི་སློབ་སྦྱོང་འཚོ་བའི་གོ་རིམ་ཁྲོད་འཚོ་བཅུད་གསར་པ་གང་མང་གསར་སྣོན་བྱུང་ཡོད། 

上图:我校美术社团的风采

上图:我校合唱社团的风



上图:我校足球社团的风采

                  办学奖章

  学校先后获得第二批全国中小学心理健康教育特色示范学校、西藏自治区文明单位、西藏自治区心理健康教育特色学校、西藏自治区先进基层党组织、西藏自治区创建铸牢中华民族共同体意识示范学校、第二批西藏非物质文化遗产进校园示范学校等称号

            སློབ་གཉེར་གཟི་བརྗིད་མཚན་སྙན། 

   སློབ་གྲྭར་སྔ་རྗེས་སུ་ཐེངས་གཉིས་པའི་རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་ཁྱད་ལྡན་དཔེ་སྟོན་སློབ་གྲྭ། བོད་རང་སྐྱོང་ལྗོངས་ཤེསདཔལ་སྡེ་ཚན། བོད་རང་སྐྱོང་ལྗོངས་སེམས་ཁམས་བདེ་ཐང་ཁྱད་ལྡན་སློབ་གྲྭ། བོད་རང་སྐྱོང་ལྗོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཚོགས་པ། བོད་རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་དཔེ་སྟོན་སློབ་གྲྭ།  བོད་རང་སྐྱོང་ལྗོངས་ཐེངས་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཕྱོགས་པའི་དཔེ་སྟོན་སློབ་གྲྭ་སོགས་བྱ་དགའི་རྟགས་མ་རབ་དང་རིམ་པ་ཐོབ་ཡོད། 

སློབ་ཕྲུག་དོ་དམ་བྱེད་སྟངས།  

སློབ་ཕྲུག་དོ་དམ་བྱེད་སྟངས།  

    ཕུགས་བསམ་གྱི་ཡིད་རྟོན་སློབ་གསོས་སྣེ་ཁྲིད་དང་། སློབ་མའི་གོམས་གཤིས་དང་བྱ་སྤྱོད་ལེགས་སྐྱོང་གཙོར་བཟུང་།  འཛིན་བདག་དཔུང་ཁག་འཛུགས་སྐྱོང་འགག་གནད།  འཛིན་སྲོལ་དང་།  སློབ་སྲོལ་འཛུགས་སྐྱོང་རྟེན་ས་བྱས་ཏེ།  ༼སྐུལ་སློང་གཙོ་བོ།  དོ་དམ་ནན་པོ། འཕེལ་རྒྱས་སྔོན་འགྲོ་༽གཞི་རྩར་བཟུང་ནས་ཕུན་སུམ་ཚོགས་པའི་བྱེད་སྒོ་དང་འཐུས་ཚང་གི་ཀུན་སྤྱོད་སློབ་གསོས་སློབ་གྲྭ་འདི་རྒྱན་ཡོད།  སློབ་གྲྭ་འདི་དུས་ཐུང་ནང་ལོ་ཆུང་ནས་དར་མ།  ད་ལྟ་དཔའ་སྟོབས་ཀྱིས་ཕྱུགས་པའི་སྟག་ཤར་ལྟར་དུ་འགྱུར་བ་ཡང་གོང་རིམ་སློབ་གསོའི་ཚན་པ་ཁག་གི་རྒྱབ་སྐྱོར་དང་།  ཁྱིམ་བདག་རྣམས་ཀྱི་རམ་འདེགས་ཤ་ཁྲག་བཞིན་སྦྲེལ་ནས་ཡོད། ད་ལྟ་མཐོ་འབྲིང་གསུམ་་པའི་དབུ་ཁྲིད་གསར་པའི་ཡང་དག་ཁྲིད་སྟོན་འོག དགེ་སློབ་ཚོས་སློབ་གྲྭ་འདི་རང་གི་མིག་འབྲས་བཞིན་བསྐྱངས་ཏེ་དུས་རབས་ཀྱི་སྔོན་ཐོན་སློབ་གྲྭའི་གྲལ་སྟརཁྲོད་སྐྱོད་དང་སྐྱོད་མུས་རེད།   

   学生管理

   以理想信念教育为引领,以三结合教育为(学校、社会、家庭)重点,以加强班主任队伍建设为关键,以加强班风、学风建设为依托;坚持“激励为主、严格管理、发展为先”的原则,以丰富多彩的活动为平台,建立健全德育评价机制,做好学校德育的各项工作。  

   日喀则市第三高级中学建校时间虽短,但年轻的三高已走过艰辛的创业阶段,成绩斐然,社会认可度越来越提升,三高人坚信,在自治区教育厅的关心关怀下,在市委政府和市教育局的坚强领导下,新班子成员的正确指引下,在全体教职员工的共同努力下,三高定会一路高歌猛进,再续辉煌!

སློབ་ཕྲུག་དོ་དམ།

  ཕུགས་བསམ་དང་ཡིད་རྟོན་སློབ་གསོས་སྣེ་སྟོན་དང་།  གསུམ་སྦྲེལ་སློབ་གསོ་གཙོར་བཟུང་། འཛིན་བདག་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་འགག་རྩར་འཛིན་པ། ད་དུང་འཛིན་སྲོལ་དང་། སློབ་སྲོལ་འཛུགས་སྐྱོང་ཤུགས་སྣོན་ལ་བརྟེན་པ།  སྐུལ་སློང་གཙོར་བཟུང་། དོ་དམ་གང་ཡག འཕེལ་རྒྱས་སྔོན་འགྲོའི་རྩ་དོན་རྒྱུན་འཁྱོངས།  ཕུན་ཚོགས་སྣ་མང་བྱེད་སྒོའི་གར་སྟེགས་གཏོད་དེ་ཀུན་སྤྱོད་གདེང་འཇོག་ལམ་ལུགས་ལ་བརྟེན་ནས་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་སྐྱོང་དང་སྐྱོང་མུས་རེད། 

   གཞིས་ཀ་རྩེ་མཐོ་འབྲིང་གསུམ་པ་འདི་ཉིད་སློབ་གྲྭའི་འཛུགས་ཡུན་ཐུང་ཡང་། ན་གཞོན་གྱི་སློབ་གྲྭ་འདི་ཉིད་དཀའ་ཁག་ཡོད་ཚད་ལས་གྲོལ་ཏེ་གྲུབ་འབྲས་མི་དམན་པ་ཐོབ་ཡོད།  ང་ཚོས་ཡིད་ཆེས་བརྟན་བཟུང་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐུགས་ཁུར་ཟབ་བཞེས་དང་།  གྲོང་ཨུད་སྲིད་གཞུང་དང་གྲོང་ཁྱེར་སློབ་གསོ་ཅུད་ཀྱི་ཡང་དག་འགོ་ཁྲིད་འོག  སློབ་གྲྭའི་དབུ་ཁྲིད་ཁོངས་མི་གསར་པ་ཚོའི་ཡང་དག་ཁྲིད་སྟོན་བརྒྱུད།  སློབ་གྲྭའི་དགེ་རྒན་ལས་བཟོ་ཡོངས་ཀྱི་ཐུན་མོང་འབད་འཐབ་འོག ཁྱིམ་ཚང་ཆེན་མོ་འདི་ཉིད་སློབ་གསོའི་བགྲོད་ལམ་སྟེང་བསྟོད་དབྱངས་ལེན་བཞིན་འོད་ཟེར་སྟོང་ལྡན་ཕྱོགས་སུ་ཆས།   

(上图:安全第一

上图:三结合教育)

(上图:入学第一课——军训

(上图:校园新闻快播》及《月报》

(上图:“三联三进一交友”效果明显


 

责任编辑:扎西旦巴


扫码关注我们

获取更多信息

日喀则市第三高级中学宣传处
日喀则市第三高级中学宣传天地
 最新文章