ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་24ཉིན། དབྱི་རན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་དབྱི་རན་གྱིས་ཟླ་11ཚེས་29ཉིན་ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་དང་ཉིང་རྡུལ་གནད་དོན་སྐོར་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་རན་གྱིས་དབྱིན་ཇི་དང་། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་དང་ཕྱི་འབྲེལ་པུའུ་ཀྲང་གཞོན་པའི་རིམ་པའི་གྲོས་མོལ་བྱ་རྒྱུ་དང་། གྲོས་མོལ་དེ་ཕྱོགས་གཉིས་དང་ས་ཁུལ་གྱི་གནས་བབ་དང་དེ་བཞིན་དབྱི་རན་གྱི་ཉིང་རྡུལ་གནད་དོན་སོགས་ལ་དམིགས་ནས་སྤེལ་རྒྱུ་རེད།