ཉེ་ཆར། སི་ཁྲོན་མྱུར་བགྲོད་སྤྱི་བདེ་ཡན་ལག་ཅུས་བཞི་པ་ནས་ཤེས་རྟོགས་བྱུང་གསལ། གནམ་གཤིས་རྐྱེན་གྱིས་དགུན་དུས་སུ་གཡག་རྔ་ནས་དར་མདོ་མྱུར་ལམ་རྒྱུད་གྱི་ལམ་ཁྲལ་ས་ཚུགས་དང་བསྣོལ་ལམ་ཡོངས་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད། བཀག་སྡོམ་དུས་ཚོད་ནི2024ལོའི་ཟླ12པའི་ཚེས1ཉིན་ནས2025ལོའི་ཟླ2པའི་ཚེས28ཉིན་བར་ཡིན།
གནས་ཚུལ་ཞིབ་ཕྲ་གཤམ་གསལ།
⬇️⬇️⬇️
རྒྱལ་ལམ4218གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་སི་ཁྲོན་གཡག་རྔ་ནས་དར་མདོ་བར་གྱི་ལམ་དུམ་ལ་དགུན་དུས་འགྲིམ་འགྲུལ་བཀག་སྡོམ་བྱ་ཐབས་སྐོར་གྱི་བརྡ་ཁྱབ།
མིག་སྔར་སི་ཁྲོན་གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་དུ་རྡུལ་སྨུག་དང་གངས་འཁྱག་ཐོན་མང་བ་དང་ཐོན་སླ་བའི་དུས་མཚམས་སུ་སླེབས་ཡོད། དགུན་དུས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་ཏན་ཏིག་བརྒྱབ་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་ལྷིང་ཡོང་བར་འགན་ལེན་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས། རྒྱལ་ལམ4218གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་སི་ཁྲོན་གཡག་རྔ་ནས་དར་མདོ་བར་གྱི་ལམ་དུམ་ལ(གཤམ་དུ“གཡག་མདོ་མྱུར་ལམ”ཞེས་བསྡུ་རྒྱུ)དགུན་དུས་འགྲིམ་འགྲུལ་བཀག་སྡོམ་བྱ་ཐབས(གཤམ་དུ“དགུན་དུས་བཀག་སྡོམ”ཞེས་བསྡུ་རྒྱུ)ལག་ལེན་བསྟར་རྒྱུའི་ཐག་བཅད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།
གཅིག། “དགུན་དུས་བཀག་སྡོམ”དུས་ཚོད།
2024ལོའི་སྤྱི་ཟླ12པའི་ཚེས1ཉིན་ནས2025ལོའི་སྤྱི་ཟླ2པའི་ཚེས28ཉིན་བར།
གཉིས། “དགུན་དུས་བཀག་སྡོམ” ལམ་དུམ།
གཡག་རྔ་ནས་དར་མདོ་མྱུར་ལམ་རྒྱུད་གྱི་ལམ་ཁྲལ་ས་ཚུགས་དང་བསྣོལ་ལམ་ཡོངས།
གསུམ། “དགུན་དུས་བཀག་སྡོམ”གྱི་ནང་དོན།
(གཅིག)ཉིན་རེའི་ཆུ་ཚོད20ནས་ཉིན་གཉིས་པའི་ཆུ་ཚོད8པའི་བར་སྤྱི་བདེ་ལས་ཁུངས་ཀྱིས་གནམ་གཤིས་ངན་པས(ཁ་བ་འབབས་པ་དང་དར་ཆགས་པ། སྨུག་པ་འཐིབ་པ་སོགས)འགྲོ་ལམ་ཤར་བགྲོད་ལ་ཤུགས་རྐྱེན་ཐེབས་ཚུལ་དང་དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་གྱི་འགྲུལ་བཞུད་གནས་ཚུལ་དངོས་ལ་གཞིགས་ནས“ལམ་དུམ་དབྱེ་བ”དང“འཁོར་རིགས་དབྱེ་བ” “རིམ་པ་དབྱེ་བའི”རྩ་དོན་ལྟར་འཁོར་སྐྱོད་མྱུར་ཚད་ལེགས་སྒྲིག་དང་ལམ་ཁྲལ་ས་ཚུགས་བཀག་སྡོམ། ལམ་ཐིག་གཙོ་བོ་ཁག་བགོས་བ་སོགས་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་བྱ་ཐབས་སྤྱད་རྒྱུ་ཡིན་པ་རེད། ཉིན་དེའི་གནམ་གཤིས་དང་ལམ་ངོས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་སྤྱི་བདེ་ལས་ཁུངས་ཀྱིས་དོ་དམ་ཚོད་འཛིན་གྱི་དུས་ཚོད་འོས་འཚམ་ངང་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།
(གཉིས།)ཉེན་ཁ་མྱུར་སེལ་དང་རོགས་སྐྱོབ་སོགས་བྲེལ་འཚུབ་ཆེ་བའི་ལས་འགན་སྒྲུབ་མཁན་གྱི་ཉེན་རྟོག་རླངས་འཁོར་དང་མེ་ཟོན་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། རོགས་སྐྱོབ་རླངས་འཁོར་བཅས་དང་དེ་བཞིན་མྱུར་ལམ་དོ་དམ་དང་བདག་སྐྱོང་མཁན་གྱི་རླངས་འཁོར་ལ་བཀག་སྡོམ་མི་བྱ་རྒྱུ།
(གསུམ།)གཡག་མདོ་མྱུར་ལམ་ཐོག་གི་ཁ་ལོ་བས་རི་ཁུལ་མྱུར་ལམ་གྱི་བདེ་འཇགས་སྐོར་གྱི་རྒྱུན་ཤེས་ལ་དོ་སྣང་བྱས་ཏེ་འགྲིམ་འགྲུལ་བརྡ་རྟགས་དང་བདེ་འཇགས་དྲན་སྐུལ་སོགས་ཀྱི་ཆ་འཕྲིན་བརྩི་སྲུང་ནན་པོ་བྱ་དགོས། དགུན་དུས་རླངས་འཁོར་གཏོང་སྐབས་ངེས་པར་དུ་རླངས་འཁོར་གྱི་མྱུར་ཚད་ལ་ཚོད་འཛིན་འོས་འཚམ་བྱས་ཏེ་ཉེན་མེད་ཀྱི་རླངས་འཁོར་བར་ཐག་རྒྱུན་འཁྱོངས་དང་ངལ་དུབ་ཀྱིས་རླངས་འཁོར་གཏོང་བ་འགོག་དགོས། གལ་ཏེ་རླངས་འཁོར་ལ་སྐྱོན་ཤོར་བའམ་ཡང་ན་ལས་འཛོལ་སོགས་དམིགས་བསལ་གནས་ཚུལ་དང་འཕྲད་ཚེ“རླངས་འཁོར་འགྲམ་དུ་འཇོག་པ་དང་མི་ཕྱིར་འཐེན་བྱེད་པ། མགྱོགས་མྱུར་ངང་ཉེན་བརྡ་གཏོང་བ”སོགས་ཀྱི་བདེ་འཇགས་ཤེས་བྱ་བློ་ལ་བརྟན་པོར་ངེས་དགོས། ཆུ་ཚོད24ཡི་ཉེན་བརྡ་རོགས་སྐྱོབ་ཁ་པར་ནི12122དང96122ཡིན། རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པས་སྤྱི་བདེ་ལས་ཁུངས་དང་འགྲིམ་འགྲུལ་ཁྲིམས་འཛིན་སྡེ་ཚན་གྱི་བཀོད་འདོམས་ལ་ཉན་ནས་རླངས་འཁོར་གཏོང་སྐབས་བདེ་འཇགས་འགན་ལེན་བྱ་དགོས། འགྲིམ་འགྲུལ་དོ་དམ་གྱི་གཏན་འབེབས་དང་འགལ་ཚེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་ཡིན།
སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་ལམ་ཉིང་ལག་རུ་ཁག་བཞི་པའི་རུ་ཆེན་དགུ་པ།
སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་ལྔ་པའི་རུ་ཆེན་བརྒྱད་པ།
2024ལོའི་ཟླ11པའི་ཚེས27ཉིན།
来源:康巴传媒藏文
编辑:登真益西
校对:登真益西
二审:梅朵
三审:白玛曲吉
监制:彭刚