▶བུ་བཅོལ་ཁང་སློབ་ཆུང་ལྟར་འགྱུར་བའི་གནད་དོན་དག་ཡོ་བསྲང་བྱ་རྒྱུ།

政务   2024-11-13 16:11   青海  

བུ་བཅོལ་ཁང་སློབ་ཆུང་ལྟར་འགྱུར་བའི་གནད་དོན་དག་ཡོ་བསྲང་བྱ་རྒྱུ།

སློབ་གསོ་པུས་ཟླ11པའི་ཚེས11ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྟ་སྐྱོང་སློབ་གསོའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་མུ་མཐུད་དུ་གཙང་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ནས། བུ་བཅོལ་ཁང་སློབ་ཆུང་ལྟ་བུར་འགྱུར་བ་སོགས་ཚད་ལྡན་མིན་པའི་བུ་བཅོལ་ཁང་གཉེར་བའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།

གོམས་སྟབས་རྗེས་མར། བུ་བཅོལ་ཁང་གི་ཆེད་ལས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱུ་དང་། བུ་བཅོལ་ཁང་གིས་གསོ་སྐྱོང་དང་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། རོལ་རྩེད་གཞི་རྩའི་བྱེད་སྒོར་འཛིན་རྒྱུ་དོན་འཁྱོལ་བྱེད་པ། ཕུན་སུམ་ཚོགས་པའི་སློབ་གསོའི་ཁོར་ཡུག་གཏོད་པ། བྱིས་པས་རང་འགུལ་ངང་འཚོལ་ཞིབ་དང་སློབ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། བྱིས་པ་རོལ་རྩེད་དང་འཚོ་བའི་ཁྲོད་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཁྲིད་སྟོན་བྱ་རྒྱུ་ཡིན་པ།

ལྟ་སྐྱོང་སློབ་གསོའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སློབ་ཚན་དང་སློབ་ཁྲིད་ཀྱི་ཐོན་ཁུངས་ལ་ཞིབ་བཤེར་གཏན་འབེབས་དང་དོ་དམ་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱེད་པ། བུ་བཅོལ་ཁང་དུ་སྤྱོད་བཞིན་པའི་སློབ་ཚན་དང་སློབ་ཁྲིད་ཀྱི་ཐོན་ཁུངས་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ།

ལྟ་སྐྱོང་སློབ་གསོའི་སྤུས་ཚད་ལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུ་བཅོལ་ཁང་ལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་གཏིང་ཟབ་སྤེལ་བ། 《བུ་བཅོལ་ཁང་གི་གསོ་སྐྱོང་དང་སློབ་གསོའི་སྤུས་ཚད་ལ་དཔྱད་དཔོག་བྱེད་པའི་ཕྱོགས་སྟོན》དོན་འཁྱོལ་བྱེད་པ། ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱེད་པ། བུ་བཅོལ་ཁང་གིས་སློབ་གསོ་དང་སློབ་གསོའི་བརྒྱུད་རིམ་ལ་དམིགས་པ་དང་། རང་ངོས་ལ་དཔྱད་དཔོག་བྱ་རྒྱུར་ཤུགས་སྣོན་པ། བུ་བཅོལ་ཁང་གི་ལྟ་སྐྱོང་སློབ་གསོའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱ་རྒྱུ་ཡིན་པ།

ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་ངང་བྱིས་པ་སྐྱོང་བར་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱུ་དང་། སློབ་ལོ་མ་ལོན་གོང་གི་སློབ་གསོའི་དྲིལ་སྒྲོག་ཟླ་བའི་སྟེགས་བུ་མུ་མཐུད་སྤྱོད་པ། བུ་བཅོལ་ཁང་གི་དྲིལ་སྒྲོག་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ། ཁྱིམ་བདག་ལ་ཁ་ཕྱོགས་ནས་ཚན་རིག་དང་མཐུན་པའི་བྱིས་པ་སྐྱོང་ལུགས་དྲིལ་སྒྲོག་བྱེད་པ། ཡང་དག་པའི་བྱིས་པ་སྐྱོང་བའི་འདུ་ཤེས་དང་ཤེས་བྱ་བརྒྱུད་སྤེལ་བྱེད་པ། ཁྱིམ་ཚང་དང་བུ་བཅོལ་ཁང་གིས་བྱིས་པ་མཉམ་དུ་སྐྱོང་བའི་ལམ་སྲོལ་བཟང་པོ་ཆགས་པ་བཅས་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章