བོད་ཁྲོམ་གྱི་དབྱིན་སྐད་ཤོད་མཁན་ཨ་ཅག་གཉིས།

政务   2024-11-11 18:21   西藏  





This is old turquoise. One thousand five hundred

 ཞེས་དབྱིན་སྐད་ཆུ་རྒྱུག་རྒྱུག་རྒྱག་བཞིན་པ་ཐོས་དུས། ང་ཚོའི་མིག་མདངས་གཞིས་ཀ་རྩེའི་བོད་ཁྲོམ་གྱི་ཕྱོགས་སུ་ལྟ་ཞོར་ཨ་ཅག་དཔལ་སྒྲོན་དང་ཨ་ཅག་བསོད་ནམས་ཆོས་སྒྲོན་གཉིས་ཀྱིས་ཡིད་དབང་ཡོངས་སུ་བཀུག་བྱུང་།



འཛམ་གླིང་གི་ཡང་རྩེར་གཞིས་ཀ་རྩེ་འདི་ཉིད་ནི་འོད་སྟོང་འཕྲོ་བའི་མུ་ཏིག་ཅིག་དང་འདྲ་ཞིང་། གང་དེའི་རིག་གནས་ཀྱི་གཏིང་ཤུགས་ཟབ་པ་དང་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་གི་བཀོད་པས་ཡུལ་སྐོར་བ་མང་པོའི་བློ་ཁ་ཡོངས་སུ་བཀུག་ལ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པས་འཛམ་གླིང་ས་གནས་ཁག་གི་སྐུ་མགྲོན་ལ་ཡང་བསུ་བ་ཞུ་བཞིན་མཆིས། བསམ་གྲུབ་རྩེ་ཆུས་པང་གཅལ་གོང་སྡེ་ཁུལ་དུ་གནས་པའི་བོད་ཁྲོམ་ནི་ཁྲོམ་གཞུང་ཞིག་ཡིན་པ་མ་ཟད་སྦྲེལ་ཟམ་ཞིག་ཀྱང་ཡིན། ཁྲོམ་ར་དེས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་བྱས་པ་གང་ཞིག་རང་ཡུལ་གྱི་རིག་གནས་དང་རྒྱལ་སྤྱིའི་མཐོང་རྒྱ་ཟུང་དུ་འབྲེལ་ཡོད།

བོད་ཁྲོམ་དེར་ཨ་ཅག་པད་སྒྲོན་དང་ཨ་ཅག་བསོད་ནམས་ཆོས་སྒྲོན་གཉིས་ནི་རང་སྦྱོང་ལ་བརྟེན་ནས་ཕྱི་རྒྱལ་གྱི་སྐད་ཤེས་པས་ཁྲོམ་གཞུང་དེའི་ཐོག་མི་རྣམས་ཀྱི་སྤྱན་བསལ་དུ་གྱུར་ཡོད། 

དང་ཐོག་ཧ་ཅང་ངོ་ཚ་པོ་འདུག་ལ་དངངས་སྐྲག་ཀྱང་ཆེན་པོ་འདུག ཅེས་ཐེངས་དང་པོར་ཕྱི་རྒྱལ་གྱི་སྐད་ཤོད་པའི་གནས་ཚུལ་དྲན་གསོ་བྱེད་སྐབས་ཨ་ཅག་ཁོང་གཉིས་པོས་ངོ་ཚ་བའི་ངང་དེ་ལྟར་བརྗོད།
འོན་ཀྱང་། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས། ཁོང་ཚོའི་ཡིད་ཆེས་དང་སྤོབས་པ་ཇེ་ཆེར་གྱུར། ཕྱིས་སུ་ཁོང་ཚོས་ཕྱི་རྒྱལ་སྐད་ཀྱི་ཐོག་ནས་ཚོང་ཟོག་དང་རིན་གོང་ཐོགས་པ་མེད་པར་ངོ་སྤྲོད་བྱེད་ཐུབ་པ་མ་ཟད། ད་དུང་ཡུལ་སྐོར་བ་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས་ཕན་ཚུན་དབར་གྱི་གཏམ་རྒྱུད་ཤོས་རེས་ཐུབ་ནས་ཕན་ཚུན་དབར་མཛའ་གྲོགས་ཟབ་མོ་ཡང་ཐོབ་ཡོད།

བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།

ཡིག་སྒྱུར། བཀྲ་ཤིས་ཚེ་རིང་།

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

ཡོང་ཁུངས། ཡོངས་སྟོན་ཇོ་རི། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章