ཁ་བ་ཆེན་པོ་བབས་འདུག

民生   2024-11-27 14:00   北京  

   ཚེས་26ཉིན། གྲང་ངར་གྱི་ཤུགས་རྐྱེན་འོག ཧྭ་བྱང་དང་བྱང་ཤར་སོགས་ས་ཆ་མང་པོ་ཞིག་ཏུ་དྲོད་ཚད་མངོན་གསལ་ཆག་ཅིང་། དེ་རིང་གི་ཆུ་ཚོད་14ཁ་སང་གི་དུས་མཚུངས་དང་བསྡུར་ན། ལིའོ་ཉིང་དང་ཅི་ལིན་གྱི་ས་ཆ་མང་པོ་ཞིག་ཏུ་དྲོད་ཚད་ཏུའུ་10ཡན་ཆག་པ་དང་། ལིའོ་ཉིང་ཧྥུ་ཧྲུན་དུ་དྲོད་ཚད་17.1℃ཆག་པ། ཧྲེན་དབྱང་དུ་དྲོད་ཚད་15.8℃ཆག་པ། ཁྲང་ཁྲུན་དུ་དྲོད་ཚད་14.2℃ཆག་པ་བཅས་ཧ་ལམ་དགོང་མོ་གཅིག་ལ་“དར་ཆགས་པ་”ལྟ་བུའི་སྣང་བ་ཡོང་གིན་འདུག

   བྱང་ཕྱོགས་སུ་དྲོད་ཚད་ཆག་པ་ཙམ་མ་ཚད། དེ་ཉིན་གྱི་ཆུ་ཚོད་15བར། ཞིང་ཆེན་ལྟེ་བའི་གྲོང་ཁྱེར་ཕྱེད་ཙམ་གྱི་དྲོད་ཚད་མཐོ་ཤོས་ད་ལོའི་སྟོན་ཚུགས་རྗེས་ཀྱི་དམའ་ཤོས་སུ་སླེབས་ཡོད་པ་དཔེར་ན། ཧུའུ་ཧོ་ཧའོ་ཐེ་རུ་དྲོད་ཚད་ཀླད་ཀོར་འོག་གི་6.8℃ལ་སླེབས་པ་དང་། ཐའེ་ཡོན་དུ་ཏུའུ་གྲངས་1.2℃ལ་སླེབས་པ། པེ་ཅིན་ཏུ་ཏུའུ་གྲངས་2.6℃ལ་སླེབས་པ། ཐེན་ཅིན་ཏུ་ཏུའུ་གྲངས་3.9℃ལ་སླེབས་པ། ཧྲི་ཅ་ཀྲོང་དུ་ཏུའུ་གྲངས་6.6℃ལ་སླེབས་པ། དབྱིན་ཁྲོན་ཏུ་ཏུའུ་གྲངས2℃ལ་སླེབས་པ། ཅི་ནན་ཏུ་ཏུའུ་གྲངས་5.7℃ལ་སླེབས་པ། ཀྲེང་ཀྲོའུ་རུ་ཏུའུ་གྲངས་10.4℃ལ་སླེབས་པ། ཧོ་ཧྥེ་རུ་ཏུའུ་གྲངས་10.5℃ལ་སླེབས་པ། ནན་ཅིན་ཏུ་ཏུའུ་གྲངས་10.6℃ལ་སླེབས་པ། ཧྲང་ཧའེ་རུ་ཏུའུ་གྲངས་13.7℃ལ་སླེབས་པ། ཧང་ཀྲོའུ་རུ་ཏུའུ་གྲངས་13.6℃ལ་སླེབས་པ། ཁྲུང་ཆིང་དུ་ཏུའུ་གྲངས་11.1℃ལ་སླེབས་པ། ཁྲེང་ཏུའུ་རུ་ཏུའུ་གྲངས་10.3℃ལ་སླེབས་པ། ནན་ཉིང་དུ་ཏུའུ་གྲངས་20.9སླེབས་པ་བཅས་ས་ཁུལ་ཁག་ཏུ་སྟོན་ཁ་ཚུགས་རྗེས་དྲོད་ཚད་མཐོ་བ་དམའ་ཤོས་སུ་སླེབས་པ་རེད། 

   ཚེས་28ཉིན་གྱི་ཉིན་མོ་ནས་བཟུང་། སྤྱིར་ན་གྲང་ངར་གྱི་ཤུགས་རྐྱེན་མཇུག་འགྲིལ་རྒྱུ་དང་། ས་གནས་ཁག་གི་གནམ་གཤིས་དྲོ་རུ་འགྲོ་འགོ་ཚུགས་རྒྱུ་རེད། ཧྭ་བྱང་གི་དབུས་ལྷོ་རྒྱུད་དང་། རྒྱ་མཚོ་སེར་པོ། ཅང་ཧའེ་སོགས་སུ་དྲོད་ཚད་མཐོ་ཤོས་སླར་ཡང་10℃ཡན་དུ་སླེབས་རྒྱུ་དང་། ཅང་ཧན་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་མཐོ་ཤོས་20℃ཙམ་དུ་སླེབས་རྒྱུ་རེད།

    ཁ་སང་(ཚེས་25ཉིན་)ནས་དེ་རིང་བར་(ཚེས་26ཉིན) ནང་སོག་གི་དབུས་ཤར་རྒྱུད་དང་། ཧོ་པེའི་བྱང་རྒྱུད། བྱང་ཤར་བཅས་ཀྱི་ས་ཆ་མང་པོ་ཞིག་ཏུ་ཁ་བ་བབས་པ་དང་ཆར་པ་ནས་ཁ་བར་གྱུར་ཅིང་། དེ་རིང་(ཚེས་26ཉིན) ཧྲེན་དབྱང་དུ་ཁ་བ་ལི་སྨི་2དང་། ཁྲང་ཁྲུན་དུ་ལི་སྨི་5 ཧར་པིན་དུ་ལི་སྨི་2བཅས་བབས་ཡོད། གཞན་ཡང་། ཧེ་ལུང་ཅང་གི་ཧུའུ་ཀྲུང་ཏུ་ཁ་བ་ལི་སྨི་43དང་མོ་ཧོ་ལ་ལི་སྨི་39བབས་ཡོད།

    དེ་རིང་(ཚེས་26ཉིན་)གྱི་ཆུ་ཚོད་16པ་བར། ཧེ་ལུང་ཅང་གི་ཧོ་ཀང་དུ་ཁ་བ་བབས་ཚད་ཧའོ་སྨི་40.7(ཁ་བ་རིམ་པ་ཧ་ཅང་ཆེན་པོ་)ཟིན་ནས། ས་གནས་དེ་གར་ཟླ་11པའི་ཡ་ཚེས་ཉིན་ཁ་བ་བབས་ཚད་ཟིན་ཐོ་ལས་བརྒལ་ཡོད། ཆུ་ཚོད་16ཐོག་ཁ་བ་བབས་ཚད་ལི་སྨི་30ཟིན་ཡོད། སྔོན་དཔག་བྱས་ན། ས་གནས་དེར་དེ་རིང་དགོང་མོ་སྔར་བཞིན་ཁ་བ་ཆེན་པོ་འབབ་རྒྱུ་རེད།  


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章