➤ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
➤གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དགུ་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་གཉེར་སྐྱོང་ཁྱིམ་ཚང་དུང་ཕྱུར1.88ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས3.9%འཕར་ཡོད་པ་རེད།
➤བཟོ་ལས་དང་ཆ་འཕྲིན་ཅན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ནས་བཟུང་རྒྱལ་ཁབ་ཀྱི་ཐོན་ལས་མཉམ་འདྲེས་ལས་སྟེགས་ཀྱིས་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་བྱ་རྒྱུར་རོགས་སྐྱོར་བྱེད་ཚད་སྒོར་དུང་ཕྱུར2900འཕར་ཡོད་ཅིང་། དུས་མཚུངས་ལས་འཕར་ཚད40.7%ཡིན་པ་རེད། མིག་སྔར། ལས་སྟེགས་དེས་རིམ་རྩིས་བྱས་ན་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་བྱེད་རོགས་བྱེད་ཚད་སྒོར་དུང་ཕྱུར་ཁྲི1ལྷག་ཡིན་པ་རེད།
➤ཉེ་ཆར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཁག་བཞིས་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་ནས་ལས་སྟེགས་ཁེ་ལས་ཀྱིས་བཟོ་ཚོགས་དང་ངལ་རྩོལ་པའི་འཐུས་མིའི་བསམ་འཆར་དང་གྲོས་གཞི་གང་ལེགས་ཉན་རྒྱུར་མཛུབ་ཁྲིད་བྱས་ཏེ། ངལ་རྩོལ་པའི་ཁེ་དབང་དང་འབྲེལ་བ་ཡོད་པའི་ལམ་ལུགས་ཀྱི་སྒྲིག་སྲོལ་དང་ལས་སྟེགས་བརྩི་ཐབས་ལུགས་མཐུན་ངང་བཟོས་པ་རེད།
➤ཉིན་འགའི་སྔོན་ལ། སྤྱི་བདེ་པུས་རྫུན་བཟོ་སྤུས་ཞན་གྱི་མེ་ཟོན་ཐོན་རྫས་ལ་རྡུང་རྡེག་ཚ་ནན་གཏོང་བའི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས་པ་རེད།
➤འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། རང་རྒྱལ་དུ་འཛམ་གླིང་རིམ་པའི་གྲུ་ཁའི་ཚོགས་པ་མང་པོ་ཞིག་ཆགས་ཡོད་པ་དང་། རང་འགུལ་ཅན་གྱི་གྲུ་ཁའི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
➤ མཁའ་གྲུ་ཨང་བདུན་པའི་ཟོག་འདྲེན་འཕུར་གྲུ་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་སྒྲིག་གཞི་ནས་བདེ་བླག་ངང་ཕྱིར་འཐེན་བྱས་ཏེ། རང་ཚུགས་ངང་འཕུར་སྐྱོད་བྱེད་པའི་དུས་མཚམས་སུ་སླེབས་ནས། ཉེ་དུས་གོ་སྐབས་བདམས་ཏེ་སླར་ཡང་རླུང་ཁམས་ཆེན་པོའི་བང་རིམ་དུ་འཛུལ་རྒྱུ་ཡིན་པ་རེད།
➤ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཟླ11པའི་ཚེས10ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོའི་གཞི་རྟེན་ཐིག་ཚད་ལ་གསལ་བསྒྲགས་སྤེལ།
➤འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོ་ནི་ཟིན་ཐོ་ཡོད་པ་ནས་བཟུང་ཚ་བ་ཆེ་ཤོས་ཀྱི་ལོ་ཞིག་ཏུ་འགྱུར་ངེས་རེད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས10པའི་ཉིན་གྱི་མཚན་མོ་ནས་ཚེས12ཉིན་བར་ཧྭ་བྱང་གི་དབུས་ལྷོའི་རྒྱུད་དང་ཧོང་ཧའེ་ནུབ་རྒྱུད་སོགས་སུ་རླུང་ཁམས་ཆེན་མོ་ཁྱབ་པའི་ཆ་རྐྱེན་ཅུང་ཞན་པ་དང་སྨུག་རྡུལ་ཕྲན་ཙམ་ནས་འབྲིང་ཙམ་ཐོན་རྒྱུ་ཡིན་པ་རེད།
➤ཉེ་ཆར་པེ་ཅིང་དང་ཧོ་ནན། ཀྲེ་ཅང་། ཀོང་ཏུང་སོགས་ས་གནས་མང་པོའི་རིམས་ནད་འགོག་སྡོམ་སྡེ་ཁག་གིས་དྲན་སྐུལ་བྱས་པ་ལྟར་ན། ནའོ་རུའུ་ནད་དུག་ལས་བྲེལ་མྱུར་གཉན་ཚད་རང་བཞིན་གྱི་གྲོད་པ་བཤལ་མང་བའི་དུས་སུ་སླེབས་ཡོད་པ་རེད།
➤ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མ་འཇོག་དུས་མཚུངས་ལས17.6%འཕར་བ་དེས་ཀྲུང་དབྱང་ཁེ་ལས་ཀྱི་མ་འཇོག་སྡོམ་འབོར་གྱི40%ཙམ་ཟིན་ཡོད།
➤ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ཚོང་འགྲིག་པའི་ཚ་རླབས་འཕྱུར་ཞིང་། ལོ་གཅིག་ལྟར་རྩིས་ན་ཚོང་འགྲིག་དངུལ་འབོར་ཨ་སྒོར་དུང་ཕྱུར800.1ཡིན་པ་དེ་སྐབས་གོང་མ་ལས2.0%འཕར་ཡོད་པ་རེད།
➤རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་རིག་ནུས་འོད་གློག་བརྙན་གྲུབ་ཡོ་ཆས་ཁྱབ་ཁོངས་ཐད་ཐོལ་བརྒལ་བྱུང་ཞིང་། ལས་ཕྱོད་ཆེ་བ་དང་རིག་ནུས་ཅན་གྱི་འཚོལ་ཞིབ་ཚད་ལེན་གྱི“གཞི་རྩའི་ཁ་དོག་གསུམ”ཕུད་པའི“གཞི་རྩའི་ཁ་དོག”དེ་བས་མང་བ་ཐོན་རྒྱུ་རེད།
➤ཉེ་ཆར་མུ་ཏིག་པེ་མིའོ(珍珠贝苗)ཁྲི200ཐ་ཁེ་ལ་མ་ཀན་དབུས་ཁུལ་གྱི་གསོ་སྤེལ་རྟེན་གཞི་ཞིག་ཏུ་ཚོད་ལྟའི་གསོ་ཚགས་ལེགས་གྲུབ་བྱུང་བ་རེད།
➤ཉིན་འགའི་སྔོན་ལ་ཀེ་རི་སེས་ཀྲུང་གོར་མཚན་ཉིད་རིག་པ་གྲགས་ཅན་ཡ་ལི་ཧྲི་ཏུའོ་ཏེ་ཡིས་བྲིས་པའི་དཔེ་དེབ་གཉིས་སྐྱེས་སུ་ཕུལ་ཞིང་། དེ་དག་ནི་དུས་རབས17པར་པར་འདེབས་བྱས་པའི《ཉི་ཀོ་མ་ཁོའི་མི་ཆོས་རིག་པ》དང《ཆབ་སྲིད་རིག་པ》ཡིན་པ་དང་། གནའ་དཔེ་དེ་གཉིས་ནི་རིག་དངོས་ཡིན་ལ་དེབ་རྐྱང་པ་ཞིག་ཀྱང་ཡིན་པ་རེད།
➤རྒྱལ་ཁབ་ལྕགས་ལམ་ཝུའུ་ལུའུ་མུའུ་ཆི་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་ཤིན་ཅང་ལྕགས་ལམ་གྱིས་ད་ལོ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར2ལས་བརྒལ་བ་དེ་ན་ནིང་ལས་ཉིན29ཡིས་སྔ་བ་ཡོད་པ་རེད།
སྲིད་ཇུས།
➤《མེ་འགོག་སྒོ་མོའི》རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་ནས་མེ་འགོག་སྒོ་ལ་ཐ་མག་ཁ་བཀག་དགོས་པའི་བླང་བྱ་གསར་སྣོན་བྱས་པ་དེས་མེ་སྐྱོན་དང་དུག་རླངས་མཆེད་རྒྱུ་སྔོན་འགོག་ནུས་ལྡན་ཐུབ་རྒྱུ་རེད།
➤ནང་སོག་གིས་ཇུས་གཞི་དཔར་འགྲེམ་བྱས་ནས། གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱེད་པའི་གྲོན་བསྡུའི་རྣམ་གྲངས་དང་འགྲོ་གྲོན་གྱིས་བཟུང་བའི་བསྡུར་ཚད་ཚོད་འཛིན་ནན་མོ་བྱ་རྒྱུ་ཡིན་ལ། སྨན་བཅོས་ཞབས་ཞུ་ཡོངས་ཀྱི10%ལས་མི་བརྒལ་བ་བྱ་རྒྱུ་རེད།
➤ཧྥུ་ཅན་ཞ་མོན་གྱིས་ཆ་རྐྱེན་འཛོམས་པའི་ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་བ་བཅས་ཀྱི་རྗེས་གྲབས་ཁེ་ལས་ལ་ཡིག་ཐོག་སྙན་ཞུ་ཕུལ་ཆོག་པ་དང་ལས་རྗེས་གདེང་འཇོག་བྱས་འབྲས་གཞིར་བཟུང་ལོ་གསུམ་བསྟུད་མར་མ་དངུལ་བྱ་དགའ་སོ་སོར་ཆེས་མཐོ་ཤོས་སྒོར་ཁྲི15དང་། སྒོར་ཁྲི10དང་སྒོར་ཁྲི5བཅས་སྤྲོད་རྒྱུ་རེད།
དེ་རིང་གི་གནམ་གཤིས།
➤ནང་སོག་གི་ཤར་རྒྱུད་དང་ཧེ་ལུང་ཅང་གི་དབུས་ནུབ་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ངུ་ནས་འབྲིང་བའམ་ཁ་མ་ཆར་འབབ་རྒྱུ་ཡིན་ལ། ཧེ་ལུང་ཅང་གི་ལྷོ་ནུབ་རྒྱུད་དང་། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། ཧྲན་ཞི(陕西)ཞིང་ཆེན་གྱི་ས་ཁུལ་ཕལ་ཆེ་བ། ཧྲན་ཞིའི(山西)ནུབ་རྒྱུད། སི་ཁྲོན་གཤོང་ས། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་དང་དབུས་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/彭毛才旦
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系