མཚོ་བྱང་དུ་དེ་རིང་ནས་སང་ཉིན་བར་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ།

政务   2024-11-11 16:02   青海  


མཁའ་རླུང་གྲང་མོ་དང་མཐོ་སྒང་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། སྔོན་དཔག་བྱས་པ་ལྟར་ན། ཟླ11པའི་ཚེས11ཉིན་ནས་ཚེས12ཉིན་བར་མཚོ་བྱང་ཁུལ་གྱི་དྲོད་ཚད་མངོན་གསལ་གྱིས་ཇེ་དམའ་རུ་སོང་ནས། ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་རེད།  

ཚེས11ཉིན་ཁུལ་ཡོངས་ཀྱི་དྲོད་ཚད་མཐོ་ཤོས2ནས4℃ཇེ་དམའ་རུ་འགྲོ་རྒྱུ་རེད། ཚེས12ཉིན་མདོ་ལར་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་ཡིན་པ་དང་། མདའ་བཞི་དང་འཇུ་ལག རྐང་ཚ་བཅས་སུ་ཁ་བ་འབྲིང་ཙམ་འབབ་རྒྱུ་རེད། དེའི་ནང་མདའ་བཞིའི་ཤར་རྒྱུད་དང་རྐང་ཚའི་ཤར་རྒྱུད་དུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན་ཞིང་། ཆར་ཆུ་འབབ་ཚད་གཙོ་བོ་ཚེས12ཉིན་གྱི་ས་སྲོད་ནས་དགོང་མོའི་བར་ཡིན་ལ། རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧའོ་སྨི1ནས6ཟིན་རྒྱུ་ཡིན་ཞིང་། དྲོད་ཚད་བསྟུད་མར2ནས4℃བར་ཇེ་དམའ་རུ་འགྲོ་རྒྱུ་རེད།

གཅིག བྱེ་བྲག་གི་གནམ་གཤིས་སྔོན་བརྡ།

ཚེས11ཉིན། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་ཡིན་ཞིང་། དྲོད་ཚད་མཐོ་ཤོས2ནས4℃བར་ཇེ་དམའ་རུ་འགྲོ་རྒྱུ་རེད།
ཚེས12ཉིན། མདོ་ལར་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་ཡིན་པ་དང་། མདའ་བཞི་དང་འཇུ་ལག རྐང་ཚ་བཅས་སུ་ཁ་བ་འབྲིང་ཙམ་འབབ་རྒྱུ་རེད། དེའི་ནང་མདའ་བཞིའི་ཤར་རྒྱུད་དང་རྐང་ཚའི་ཤར་རྒྱུད་དུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན་ཞིང་། དྲོད་ཚད་བསྟུད་མར2ནས4℃བར་ཇེ་དམའ་རུ་འགྲོ་རྒྱུ་རེད།
ཚེ13ཉིན། ཁུལ་ཡོངས་ལ་གནམ་ཐང་རྒྱུ་རེད།

གཉིས། ཤུགས་རྐྱེན་དང་དོ་ཁུར།

1.དྲོད་ཚད་ཇེ་དམའ་རུ་འགྲོ་བ་དང་ཁ་བ་བབས་པས་འགྲིམ་འགྲུལ་ཤར་གཏོང་འགན་ལེན་དང་ནུས་རྒྱུ་འགན་ལེན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས། བྱ་བའི་བཀོད་གཏོང་ལ་ཤུགས་བསྣན་ཏེ་གནམ་གཤིས་མི་ལེགས་པས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་བ་ཚད་གཞི་མཐོན་པོའི་སྒོ་ནས་སྔོན་འགོག་དང་ཉུང་དུ་གཏོང་དགོས། 

2.དྲོད་ཚད་ཅུང་དམའ་བས། སྤྱི་དམངས་ཀྱིས་གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས་པ་དང་ཆམ་པ་མི་ཕོག་པ་བྱེད་དགོས།



海北州重要天气预报

受冷空气和高原槽共同影响,预计11日-12日海北州将出现降温、降雪天气。

11日全州最高气温将下降2~4℃。12日祁连小到中雪,海晏、门源、刚察中雪,其中海晏东部、刚察东部大雪,降水主要集中在12日傍晚至夜间,累计降水量1~6毫米,气温持续下降2~4℃。


一、具体天气预报

11日:全州多云,最高气温下降2~4℃;

12日:祁连小到中雪,海晏、门源、刚察中雪,其中海晏东部、刚察东部大雪,气温持续下降2~4℃;

13日:全州晴。

二、影响与关注

1.降温、降雪天气对交通保畅、能源保供等影响较大,需加强工作调度,最大限度地预防和减少不利天气对社会生产生活产生的影响;

2.气温较低,公众需注意防寒保暖,谨防感冒。

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/海北州气象台   责编/彭毛才旦

监制/杨本才让  总监制/刘增奎


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章