གཟི་མིག་ལ་ཕྱོགས་སུ་གཞུང་ལམ་བཀག་སྡོམ་བྱེད་ཀྱི་འདུག

政务   2024-11-01 18:41   西藏  






2024ལོའི་ཟླ་10ཚེས་31ཉིན།  བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་རྐྱེན་འགན་སྲུང་ལྟེ་གནས་རྒྱལ་རྩེ་བདག་སྐྱོང་དུམ་བུས་གལཆེའི་སྤྱི་བསྒྲགས་ཤིག་སྤེལ་འདུག་པ་སྟེ། འདི་ལོ་ཚུན་དུ། རྒྱལ་ལམ་349ལམ་ཐིག་གི་K1314+700གཟི་མིག་ལའི་མཚམས་སུ་རི་ཉིལ་བའི་གནས་ཚུལ་ཐེངས་7ཙམ་ཐོན་པ་དང་རིམ་རྩིས་བྱས་ན་ཆུ་ཚོད་23ཙམ་འགྲིམ་འགྲུལ་འགག་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་དང་མང་ཚོགས་ལ་བདེ་འཇགས་ཤར་བགྲོད་ཀྱི་ཁོར་ཡུག་མཁོ་འདོན་བྱ་ཆེད། 2024ལོའི་ཟླ་11ཚེས་1ཉིན་ནས་ཟླ་12ཚེས་9ཉིན་བར་སྔོན་དཔག་བྱས་ན་ལས་ཡུན་ཉིན་40ཙམ་རྒྱལ་རྩེའི་བདག་སྐྱོང་དུམ་བུས་བདག་སྐྱོང་བྱེད་པའི་རྒྱལ་ལམ་349ལམ་ཐིག་གི་K1314+700གཟི་མིག་ལའི་མཚམས་སུ་གཞུང་ལམ་གྱི་གནོད་འཚེ་ཐག་གཅོད་ལས་དོན་སྤེལ་ནས། གཞུང་ལམ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་རེད་འདུག

ཞིབ་ཕྲའི་འགྲིམ་འགྲུལ་བཀག་སྡོམ་བྱེད་པའི་ས་གནས་ནི།

རྒྱལ་ལམ་349ལམ་ཐིག་གི་K1314+200ནས་K1314+900གཟི་མིག་ལའི་མཚམས་ཡིན།

དོ་དམབཀག་སྡོམ་དང་ཤར་གཏོང་དུས་ཚོད། 

2024ལོའི་ཟླ་11ཚེས་1ཉིན་ནས་ཟླ་12ཚེས་9ཉིན་བར་ཉིན་ལྟར་གྱི་ཞོགས་པའི་ཆུ་ཚོད་8:00ནས་ཉིན་གུང་གི་ཆུ་ཚོད་01:00ལམ་བུ་ཡོངས་སུ་བཀག་ནས་ཨར་ལས་བྱ་རྒྱུ་དང་། དེ་མིན་གྱི་དུས་ཚོད་ནང་རྒྱུན་གཏན་ལྟར་འགྲོ་སྐྱོད་བྱེད་ཆོག་གི་ཡོད།

འདི་གར་དྲན་སྐུལ་ཞུ་རྒྱུར།

ཨར་ལས་བྱེད་རིང་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོས་ཕྱིར་འགྲོ་བྱེད་པའི་ལམ་ཐིག་སྔ་ས་ནས་འཆར་འགོད་ཡག་པོ་བྱེད་པ་དང་ལམ་བསྐོར་ནས་བསྐྱོད་དགོས། རི་ཉིལ་བའི་གནོད་འཚེ་ཐག་གཅོད་བྱེད་རིང་རྡོ་ལྷུང་བ་སོགས་ཀྱི་ཉེན་ཁ་ཐོན་སྲིད་པས་རྒྱ་ཆེའི་གྲོང་མི་དང་ཁ་ལོ་བ་དང་འགྲུལ་པ་བཅས་ཀྱིས་བཀག་སྡོམ་ལམ་རྒྱུད་དུ་ཉེ་འགྲམ་དུ་བཅར་མི་རུང་བ་དང་། ལས་ཡུལ་གྱི་ཨར་ལས་བདེ་འཇགས་མི་སྣ་དང་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་དང་ལེན་བྱས་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཡོང་བ་བྱེད་དགོས། 


བསྐྱར་ཞུས། རྒྱལ་མཚན།

ཞུ་དག  ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།

ཡིག་སྒྱུར། བཀྲ་ཤིས་ཚེ་རིང་།

སྒྲ་འཇུག སྐལ་བཟང་རྒྱལ་མཚན། 

ཡོང་ཁུངས། གཞིས་ཀ་རྩེ་འགྲིམ་འགྲུལ་ཉེན་རྟོག


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章