ཆབ་མདོ་ནས་མི་མང་པོ་བཟུང་འདུག རྒྱུ་མཚན་ནི……

文摘   2024-10-28 19:48   西藏  


    


ཁྲིམས་ལྟར་རྒྱལ་སྲུང་སློབ་གསོ་དང་ལེན་བྱ་རྒྱུ་ནི་སྤྱི་དམངས་ཡོངས་ཀྱི་དབང་ཆ་དང་འོས་འགན་ཞིག་ཡིན།


 ཉེ་ཆར། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་སྤྱི་བདེ་ཅུས་ལ་ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་བྱ་ཡུལ་ཞིག་གི་འགན་འཁུར་བའི་ཁ་པར་འབྱོར་ཏེ། ཨར་སྐྲུན་བྱ་ཡུལ་དུ་བཞག་པའི་གློག་སྐུད་འབོར་ཆེན་ཞིག་བརྐུས་འདུག་པས། ང་ཚོར་གྱོང་གུན་ཚབས་ཆེན་བཟོས་བྱུང་། དེར་བརྟེན་རྩད་གཅོད་གནང་རོགས་ཞེས་ཞུས། སྙན་སེང་འབྱོར་རྗེས་ལྷོ་རོང་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མར་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གྱོད་གཞི་ཐོན་སར་བསྐྱོད་པ་དང་སྦྲགས། ནག་ལྕོག་ཤང་མངགས་གཏོང་ཁང་དང་མཉམ་དུ་གྱོད་གཞིར་མྱུལ་ཞིབ་བྱས་ཤིང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉིན་མཚན་བལྟོས་མེད་དུ་མྱུལ་ཞིབ་ཞིབ་ཚགས་དང་ཁུངས་སྣེ་འདེད་པ་བརྒྱུད། ཆུ་ཚོད་24ཡི་ནང་གྱོད་གཞི་བདེ་བླག་ངང་རྩད་ཆོད་ནས་མཐར་ཁྲིམས་འགལ་ཉེས་གསོག་དོགས་ཅན་12བཟུང་བ་རེད།


    གྱོད་གཞི་ཐོན་ས་ནི་ཨར་སྐྲུན་བྱ་ཡུལ་ཞིག་ཡིན་པ་དང་མི་འདྲ་མིན་སྣ་ཚོགས་ཡོད་པས། མྱུལ་ཞིབ་དང་རྩད་གཅོད་བྱེད་པར་དཀའ་ཚེགས་ཅུང་ཆེན་པོ་ཡོད། ཡིན་ནའང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་རྐུ་ཤོར་བའི་གློག་སྐུད་དག་གི་ལྗིད་ཚད་རྒྱ་མ་སྟོང་ཕྲག་ཟིན་པ་དང་སྤྱིའི་རིང་ཚད་ལ་སྨི་བརྒྱ་ལྷག་ཙམ་ཡོད་པས། མི་ཁོ་ནར་བརྟེན་ཚེ་དབོར་ཁག་པོ་ཡོད། དེས་ན་རླངས་འཁོར་གྱིས་དབོར་སྲིད་པའི་བསམ་བློ་འཁོར། དེ་ནས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་བྱེད་ཐབས་ལ་འགྱུར་ལྡོག་བཏང་སྟེ་གྱོད་གཞི་ཐོན་སའི་ཉེ་འཁོར་གྱི་རླངས་འཁོར་གཙོ་བོར་བཟུང་ནས་བརྟག་དཔྱད་བྱས། འདྲི་རྩད་དང་གྱོད་གཞིའི་འབྲེལ་ཡོད་ཁུངས་སྣེར་ཕྱོགས་བསྡུས་ཞིབ་དཔྱད་དང་དབྱེ་ཞིབ་བྱས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉེས་གསོག་ཚོགས་པ་མགྱོགས་མྱུར་གཏན་འཁེལ་ཐུབ།


    ཉེས་གསོག་ཚོགས་པ་དེའི་ཁོངས་མིའི་འགྲོ་སྡོད་སྤྱོད་གསུམ་ཤེས་རྟོགས་བྱུང་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བཀོད་སྒྲིག་ཞིབ་ཚགས་དང་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་གྱོད་འབྲེལ་གྱི་མི་ཚང་མ་བཟུང་ནས་ཁྲིམས་ལ་སྦྱར་བ་རེད། འདྲི་གཅོད་བྱས་པ་བརྒྱུད། གྱོད་འབྲེལ་མི་སྣས་གློག་སྐུད་བཏུབས་ནས་རྐུན་མ་ཐེངས་གཉིས་བརྐུས་པའི་ཁྲིམས་འགལ་གྱི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

    མིག་སྔར། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་7གྱིས་རྐུ་རྒྱག་གི་བྱས་ཉེས་བསགས་པའི་དབང་གིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་ཁྲིམས་འགལ་ཉེས་གསོག་དོགས་ཅན་5ལ་སྲིད་འཛིན་ཆད་པ་བཅད་ཡོད་པ་རེད། གྱོད་གཞི་དེ་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།


   ཡོང་ཁུངས།  ཁྲིམས་གསལ་མེ་ལོང་།  



 རྩོམ་སྒྲིག་པ།  བློ་བཟང་ལྷ་མོ།

ལྟ་ཞིབ། བློ་བཟང་ཕུན་ཚོགས།

སྤྱི་ཁྱབ་ལྟ་སྐུལ་བ། ཁྱི་ལོད་གྲགས་པ།

ཆབ་མདོའི་བོད་སྐད་འཕྲིན་ལམ།

གཡས་ཀྱི་རྩ་གཉིས་རྟགས་རིས་བཤེར་ནས་

ང་ཚོར་དོ་ཁུར་བྱ་ཆོག

昌都藏语频道
权威发布昌都藏语新闻 向农牧区宣传党的政策 传播康巴文化
 最新文章