ཚའེ་དབྱིན་ཝུན་གྱི་གཏམ་བརྗོད་འདི་ལ་ལན་བསློཊ།

民生   2024-11-29 11:30   北京  

   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་གཞུང་ལས་ཁང་གིས་ཚེས་27ཉིན་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པ་ཞིག་གིས་ཚའེ་དབྱིན་ཝུན་གྱིས་ཉིན་ཤས་གོང་ཁ་ན་ཏ་རུ་ཨ་རིས་ནུས་ཤུགས་ཡོད་རྒུས་ཡུག་རེན་ལ་རོགས་རམ་བྱེད་དགོས་པ་མ་ཟད། ཡུག་རེན་གྱི་གནད་དོན་དེ་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་དང་མཉམ་བཤད་བྱེད་དགོས། གལ་ཏེ་ཡུག་རེན་ལ་རྒྱལ་ཁ་ཐོབ་ན་འབྱུང་འགྱུར་གྱི“བཙན་འཛུལ་བྱ་སྤྱོད”ལ་འཇིགས་སྣང་སྐུལ་ཤུགས་ཆེ་ཤོས་སུ་འགྱུར་ངེས་ཡིན་པས། ཐའེ་ཝན་ལ་ད་དུང་དུས་ཚོད་ཡོད་ཅེས་བཤད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 

   མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་བསྟན་དོན། ཐའེ་ཝན་གནད་དོན་གྱི་ངོ་བོ་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བའི་ངོ་བོ་ནི་སྐམ་ས་ཆེན་པོ་དང་ཐའེ་ཝན་གཉིས་ཀ་ཀྲུང་གོ་གཅིག་ལ་གཏོགས་པ་ཡིན། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཀྱིས“དམངས་གཙོའི་འགྲན་རྒོལ་དབང་བཙན”ཞེས་པའི་དོན་བརྗོད་རྫུན་མ་བཟོས་ནས། གླིང་ཕྲན་ནང་ཁུལ་གྱི་མང་ཚོགས་ལ་མགོ་སྐོར་གཏོང་བ་དང་རྒྱལ་སྤྱི་ལོག་ལམ་དུ་ཁྲིད་རྒྱུའི་རེ་ངན་བཅངས་པ་རེད། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཀྱིས“ཐའེ་ཝན་རང་བཙན”གྱི་ཁ་བྲལ་ལངས་ཕྱོགས་མཁྲེགས་བཟུང་གིས་རྒྱུན་འཁྱོངས་བྱས་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་དང་ངན་འབྲེལ་བྱས་ནས“རང་བཙན”གྱི་འཁྲུག་རྐྱེན་བསླངས་ཤིང་། ཐའེ་ཝན་མཚོ་འགག་གི་གནས་བབ་ཛ་དྲག་ཆེ་རུ་བཏང་བ་ནི་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་གི་འཇིགས་སྐུལ་ཆེ་ཤོས་རེད། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་ལག་བསྟར་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་ཡིན། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ལ་ཁ་ཕྲལ་དང་འགྲན་རྒོལ་བྱས་ན་མདུན་ལམ་མེད་པ་དང་། “ཕྱི་ལ་བརྟེན་ནས་རང་བཙན་དོན་གཉེར”བྱེད་པའི་སྟོང་བསམ་ཕམ་ཉེས་ཡོང་ངེས་རེད།


གསར་འགྱུར་འོས་སྦྱོར།
རྒྱལ་ཁབ་4ཡིས་དོན་འདི་བསྒྲགས་འདུག
ས་ཆ་འདི་དག་གི་ཚད་ལྡན་མིང་བསྒྲགས།
ཨ་རིས་ཙུང་ཐུང་འདིར་བཀག་སྡོམ་བྱས་འདུག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章