འཕྲལ་མར་མཚམས་འཇོག་དགོས།

民生   2024-11-16 11:31   北京  

   ཟླ་11ཚེས་13ཉིན། ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོང་ཞིན་ལན་གྱིས་ཧྥི་ལི་ཕིན་ཕྱོགས་དང་“རྒྱ་མཚོའི་ས་ཁོངས་ཀྱི་བཅའ་ཁྲིམས་”དང་“གླིང་ཚོམ་གྱི་མཚོ་ལམ་བཅའ་ཁྲིམས་”ལ་མིང་རྟགས་འགོད་པའི་ཐད་ཧྥི་ལི་ཕིན་ཕྱི་འབྲེལ་པུའི་འགན་ཁུར་བར་འབྲེལ་གཏུག་ནན་པོར་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོའི་གཞི་རྟེན་གྱི་ཐིག་ཚད་དབྱེ་འབྱེད་གཏན་འབེབས་དང་ཡོངས་བསྒྲགས་བྱེད་པའི་ཐད་ལངས་ཕྱོགས་གསལ་སྟོན་བྱས་པ་དང་། དེ་ནི་ཧྥི་ལི་ཕིན་ནས་“རྒྱ་མཚོའི་ས་ཁོངས་ཀྱི་བཅའ་ཁྲིམས་”བཏོན་པར་བརྡ་ལན་དགོས་ངེས་བསློགས་པ་ཞིག་དང་ཀྲུང་གོའི་སྲིད་གཞུང་གིས་ཁྲིམས་ལྟར་རྒྱ་མཚོ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་རྒྱུན་གཏན་གྱི་བྱེད་ཐབས་ཤིག་ཡིན་པས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་རྒྱུན་སྲོལ་དང་མཐུན་ཡོད་ཅེས་ནན་བཤད་བྱས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཁྲིམས་ལྟར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དང་། རྩོད་གཞི་ཆེ་རུ་གཏོང་བ་དང་གནས་བབ་རྙོག་འཛིང་ཆེ་རུ་འགྲོ་སྲིད་པའི་ཕྱོགས་རྐྱང་པའི་ཧྥི་ལི་ཕིན་ཕྱོགས་ཀྱི་བྱ་སྤྱོད་འཕྲལ་མར་སྤེལ་མཚམས་བཞག་ནས། ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།


人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章