རྒྱ་གར་དང་ཐག་གཅོད་ཇུས་གཞི་འདི་བཏིང་བ།

民生   2024-11-02 19:01   北京  

   ཟླ་10ཚེས་30ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

   རྒྱ་གར་ཚགས་པར་ལས་རིགས་ཐའོ་ལཱ་སིའི་གསར་འགོད་པས། དེ་སྔོན་མགྲིན་ཚབ་པས་ཀྲུང་གོ་དང་རྒྱ་གར་གྱི་དམག་དོན་ཁ་བྲལ་བའི་བརྒྱུད་རིམ་བདེ་བླག་བྱུང་ཡོད་པ་ངོ་སྤྲོད་བྱས། གནས་འཕྲིན་སྤེལ་བར་གཞིགས་ན། རྒྱ་གར་དང་ཀྲུང་གོས་དེ་རིང་དངོས་སུ་ཚོད་འཛིན་བྱེད་ཁུལ་དངོས་ཀྱི་(LAC)དམག་དོན་ཁ་བྲལ་ལེགས་གྲུབ་བྱ་རྒྱུ་ཡིན་པ་རེད། ཀྲུང་གོ་ཕྱོགས་ནས་ཀྲུང་གོ་དང་རྒྱ་གར་བར་དང་ཚོད་འཛིན་བྱེད་ཁུལ་དངོས་ཀྱི་(LAC)དམག་དོན་ཁ་བྲལ་རིམ་གྱི་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས་ན་ཆོག་གམ་ཞེས་དྲིས། 

   ལིན་ཅན་གྱིས། མི་རིང་བའི་གོང་ལ་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོས་མཐའ་མཚམས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་ཀྱི་ཇུས་གཞི་བཏིང་ཡོད། ཉེ་ལམ། ཕྱོགས་གཉིས་པོའི་འཐབ་ཕྱོགས་དང་པོའི་དཔུང་སྡེས་གོ་རིམ་ལྡན་པའི་ངང་དོན་འཁྱོལ་གྱི་ལས་དོན་སྤེལ་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།


གསར་འགྱུར་འོས་སྦྱོར།
སྒོར་དུང་ཕྱུར་7.19གཤམ་སྤྲོད་བྱས།
གནད་དོན་ཡོད་ན་འདི་རུ་ཐེར་འདོན་བྱས་ཆོག

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章