ཨུ་རུ་སུས་དམག་དོན་མཚོན་ཆ་འདི་བཀོད་སྒྲིག་བྱེད་སྲིད།

民生   2024-11-27 11:30   北京  

   ཚེས་25ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལི་ཡ་པུའུ་ཁོ་ཧྥུའུ་ཡིས། གལ་ཏེ་ཨ་རིས་ཨེ་ཤ་ཡར་འཕུར་མདའ་བཀོད་སྒྲིག་བྱས་ཚེ། ཨུ་རུ་སུས་ཨེ་ཤ་ཡའི་ས་ཁུལ་དུ་རྒྱང་འབྲིང་དང་རྒྱང་ཐག་ཐུང་བའི་འཕུར་མདའ་བཀོད་སྒྲིག་བྱེད་པར་བསམ་བློ་གཏོང་རྒྱུ་ཡིན་ཞེས་བཤད།

   ལི་ཡ་པུའུ་ཁོ་ཧྥུའུ་ཡིས། “ཀྲེན་སྡོང་”འཕུར་མདའ་སྤྱད་ན《འཐབ་ཇུས་ཀྱི་མཚོན་ཆ་ཉུང་དུ་གཏོང་རྒྱུའི་ཆིངས་ཡིག་གསར་པའི》ཚོད་འཛིན་མི་ཐེབས་པ་དང་། “ཀྲེན་སྡོང་”འཕུར་མདའི་མ་ལག་བཀོད་སྒྲིག་བྱེད་པར་ཡང་རྒྱལ་སྤྱིའི་ཚོད་འཛིན་གང་ཡང་མེད་པས་ཨུ་རུ་སུས་ཆིངས་ཡིག་དེར་བརྩི་སྲུང་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས“ཀྲེན་སྡོང་”འཕུར་མདའ་སྤྱད་རྗེས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་འདྲི་རྩད་གང་ཡང་མ་འབྱོར་ཞེས་བཤད།


གསར་འགྱུར་འོས་སྦྱོར།
ཁ་བ་ཆེན་པོ་འབབ་པའི་ཉེན་བརྡ་བཏང་།
ཀྲུང་གོས་གསལ་བསྒྲགས་འདི་སྤེལ་འདུག
ས་ཆ་འདི་དག་གི་ཚད་ལྡན་མིང་བསྒྲགས།

人民网藏文版
人民网 藏文版 / 报道全球 传播西藏及涉藏州县 介绍中国
 最新文章