གནམ་གཤིས་ཇེ་འཁྱག་ལ་སོང་བ་བསྟུན་ནས་དགུན་གྱི་གྲང་བ་ཡང་རིམ་གྱིས་ཚོར། དེ་བས་ད་ལོའི་དགུན་ཁར་གང་དུ་སོང་ན་བཟང་། ཆེས་དྲོ་བའི་དགུན་དེ་གང་ན་ཡོད། མདོ་ལ་རྫོང་གི་ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མ། ལ་བཙས་སྒང་། སྟོང་སོ་ཆུང་བ། བར་དུམ་གྲོག་རོང་ཆེན་མོ་སོགས་ལྗོངས་ཁུལ་ནི་བར་སྐབས་ཤིག་ལ་རྒྱ་ཆེའི་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བས་ཡིད་སྨོན་བྱེད་ས་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་བས་ལག་ཁྱེར་ཁ་པར་དང་པར་ཆས། བརྙན་ལེན་ཆས་སོགས་ཀྱིས་མདོ་ལའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་དག་པར་དང་ཡི་གེ བརྙན་ལམ་སོགས་ནས་མཉམ་སྤྱོད་བྱས་ཏེ་རྒྱ་ཆེའི་ཡུལ་སྐོར་བ་དང་པར་ལེན་ལ་དགའ་མཁན་ཚོས་དགུན་དུས་མདོ་ལའི་མཛེས་སྡུག་ལ་གསོན་ཤུགས་གསར་བ་བསྩལ།གལ་སྲིད་ཁྱེད་རང་ད་དུང་མདོ་ལ་རུ་ཡོང་མ་མྱོང་ཚེ། རྒྱང་རིང་གི་གྲོགས་པོ་ཁྱེད་རང་མདོ་ལར་ཕེབས་པར་སྟ་གོན་གྱིས་དང་། ལམ་ལ་ཆས་པ་ནས་མཐོང་ཐུབ་པ་ནི་མཛེས་སྡུག་རྣམ་པར་བཀྲ་བའི་མདོ་ལ་རི་བོ་ཡིན། གནས་འདིའི་རི་སྟེང་ཁ་བས་གཡོགས་ཤིང་རི་འདབས་ནགས་ཀྱིས་བརྒྱན། རྩྭ་ཆུ་ཀུན་ཏུ་རྒྱས་ཤིང་མཐོང་བ་ཙམ་གྱིས་མི་སེམས་ལ་དགའ་བས་སྣང་བ་སྟེར་ཐུབ།
མདོ་ལ་རུ་རང་བྱུང་ཁམས་ཆེན་མོས་བཞེངས་བསྐྲུན་བྱས་པའི་ངོ་མཚར་གྱི་རི་ཆུ་དང་མི་ཁྱུད་ཡོངས་སུ་བསྐོར་བའི་ཏན་ཞའི་ས་དབྱིབས་མཐོང་ཐུབ། ད་དུང་མཐའ་ཡས་པའི་རྩྭ་ཐང་དུ་རྟ་ཕོའི་བང་ཁ་ལྷོད་ཆོག་ལ་སྙན་ངག་དང་རི་མོ་ལྟ་བུའི་རི་ཆུ་ནགས་གསུམ་གྱི་མཛེས་པར་བལྟས་ཆོག
ཉེ་ཆར། མདོ་ལའི་དགུན་དུས་ཡུལ་སྐོར་དང“དགུན་ཤའི་ཟས་མཆོག”གི་བྱེད་སྒོ་རབ་དང་རིམ་པ་སྤེལ་མགོ་ཚུགས་པ་དང་རྒྱ་ཆེའི་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བས“ལྷ་ཡུལ་མདོ་ལའི”རི་འདབས་སུ“ལྷ་ཡུལ་མདོ་ལ”ཞེས་པའི་གངས་འཁྱག་དུས་ཚིགས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་དང་། “ལྷ་ཡུལ་མདོ་ལའི”དགུན་དུས་ཀྱི་ཐུན་མོང་མ་ཡིན་པའི་སྤྲོ་སྣང་མཉམ་སྤྱོད། “ལྷ་ཡུལ་མདོ་ལའི”དགུན་དུས་ཀྱི་རི་ཆུའི་ངོ་མཚར་ཆེ་བའི་སྙན་ངག་བརྩམས་ཡོད། དགུན་དུས་མདོ་ལའི“མཛེས་ཉམས”མང་པོར་ཕྱོགས་བཞིའི་ཡུལ་སྐོར་བས་བསྔགས་བརྗོད་ཐོབ། ཟི་ལིང་ནས་ཡོང་པའི་ཡུལ་སྐོར་བ་ཁྲེན་ཞང་གིས་ཐེངས་འདིའི་བྱེད་སྒོར་བསྔགས་བརྗོད་ཚད་མེད་བྱེད་སྐབས“འདི་ནི་ང་རང་མདོ་ལར་ཡུལ་སྐོར་དུ་ཡོང་ཐེངས་དང་པོ་ཡིན། སེམས་པ་ཧ་ཅང་སྐྱིད་པོ་འདུག འདི་ཡི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་མི་གཤིས་བཟང་པ། ཆུ་བོ་དྭངས་པ། རི་བོ་མཛེས་པ། ག་ས་གང་དུ་མཛེས་སྡུག་ལྡན་པ། འདི་ནི་ངས་ཡིད་སྨོན་བྱེད་སའི་ཞིང་ཁམས་དེ་ཡིན། ལྷག་པར་དུ་མདོ་ལའི་རྒྱ་ཁོག་ཧ་ཅང་ཞིམ། གནས་འདི་ནས་ནོར་ལུག་གི་ཤ་གསར་བ་ཡིན་ལ་རིན་གོང་ཡང་ཧ་ཅང་བདེ། ཚོང་པས་ད་དུང་ང་ལ་ནོར་ཤ་དང་ལུག་ཤ་དུམ་བུར་གསིལ་ནས་རོགས་བྱས་སོང་། ངས་མདོ་ལའི་བྱེད་སྟངས་དེར་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད”ཅེས་ཟེར།
“ལྷ་ཡུལ་མདོ་ལ”ནི་གངས་རི་དང་གྲོག་རོང་། ཏན་ཞ། རྩྭ་ཐང་། ནགས་ཚལ། ཆུ་ཚན། ཞིང་ཚུགས་བཅས་གཞི་གཅིག་ཏུ་འདུས་པའི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་པས་ཀྱག་ཀྱོག་གི་རི་ལམ་བརྒྱུད་སྐབས་གཞན་དང་མི་འདྲ་བའི་སྤྲོ་སྣང་ཞིག་སྐྱེས་སྲིད། འདི་ན་སྟོང་སོ་ཆུང་བའི་སྔོ་ལྗང་དང་སྟག་སྣ་དགོན་པའི་ཆུ་མཛོད་ཀྱི་སྔོ་ཞིང་དྭངས་བའི་མཚེའུ། ཁྲི་སྐུ་བྲག་གཟར་གྱི་ངོ་མཚར་པའི་མཛེས་ལྗོངས། ད་དུང་དཔོག་དཀའ་བའི་བར་དམ་ཆུ་བོའི་གྲོང་རོང་། བློན་པོ་ཞལ་དཀར་བཅས་ཡོད། ཨ་རིག་གླུ་ཤགས་དང་སྒོ་མེ་རྩེད་རིགས། ཨ་རིག་མག་པ་ཚེ་རིང་ལོ་བརྒྱ། ནས་ཀྱི་རིག་གནས། པི་ཝང་འབྲུག་མགོ་མའི་དཀྲོལ་ལེན། བསང་མཆོད་གོམས་སྲོལ། སྦྲ་གུར་བཟོ་བ་དང་ཕུབ་པའི་རིག་གནས། དེ་བཞིན་བོད་འགྲིག་དང་སོག་པོའི་རྒྱན་གོས། གཡང་ཊི་རྐོ་བའི་ལག་རྩལ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་དང་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་གོམས་གཤིས་ཡོད། ཨ་རིག་དགོན་ཆེན་དང་མཁར་དམར་གནའ་མཁར། ཁ་རུབ་རིག་གནས་རྗེས་ཤུལ། སུང་རྒྱལ་རབས་ཀྱི་ཟུར་གསུམ་གྲོང་ཁྱེར། སྡེ་གོང་མའི་དབྱི་སི་ལམ་ཆོས་ཁང་སོགས་ཀྱིས་མཚོན་པའི་རིག་དངོས་རྗེས་ཤུལ་སོགས་ཡོད། མདོ་ལ་ནི་ས་མཐོའི་དབུས་སུ་གནས་པ་དང་འདི་རུ་ཁྱད་ལྡན་ཟས་མཆོག་མང་པོ་ཡོད་པའི་ནང་མདོ་ལའི་ཤ་སྲེག་མ་དང་མདོ་ལའི་རྩམ་པ། ལུག་ཤ་དང་ལུག་ཤའི་ཁུ་བ། རྒྱ་ཁོག མཐེབ་ཐུག ཤ་མོ་སེར་པོ་བརྔོས་མ་སོགས་ཡོད་པར་མ་ཟད་ད་དུང་ལུག་རྒྱུའི་ཐུག་པ་དང་ལུག་ཤ་རྡོག་བཙོས། འབྲི་ཞོ། མདོ་ལའི་སྟ་རུ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་ཧ་ཅང་མང་། ཀོང་ཏུང་ནས་ཡོང་པའི་ཡུལ་སྐོར་བ་ཀྲང་ཉིང་ཉིང་གིས་དགའ་ཚོར་ཆེན་པོས་བཤད་རྒྱུར། “འདི་ནི་ང་དང་ནང་མི་ཚོ་མཛེས་སྡུག་ལྡན་པའི་མདོ་ལར་ཡུལ་སྐོར་ལ་ཡོང་ཐེངས་གཉིས་པ་ཡིན། གནས་འདིའི་ཡུལ་སྲོལ་གོམས་གཤིས་དང་དགུན་དུས་མདོ་ལས་ཡིད་དབང་རབ་ཏུ་འཕྲོག་སོང”ཞེས་ཟེར། ཐེངས་འདིའི་མདོ་ལའི་ཡུལ་སྐོར་སྐོར་གླེང་སྐབས་མོས་མྱོང་སྣང་ངོ་མ་ནི་མདོ་ལའི་མགྲོན་ཁང་གི་རིན་གོང་དམའ་བ་དང་གཙང་སྦྲ་ལེགས་པ། འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་ཡིན་བཅས་རེད། ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ས་ཁོངས་ཀྱི་ཕུན་སུམ་ཚོགས་པའི་དགུན་དུས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བཏང་། མདོ་ལའི་དགུན་དུས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ“དགུན་དུས་ཀྱི་གངས་འཁྱག་དང་ཡུལ་སྐོར། དམངས་སྲོལ་དུས་སྟོན། གསར་བརྗེའི་ཡུལ་སྐོར”བཅས་དགུན་དུས་ཡུལ་སྐོར་གྱི་བརྗོད་དོན་ཐོན་རྫས་ཆེན་པོ་བཞི་བཏོན་ནས། རྫོང་ཡོངས་ཀྱི་དགུན་དུས་རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་གསོན་ཤུགས་འཕེལ་རྒྱས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།དེ་སྔོན་ལམ་ཐག་རིང་བའི་དབང་གིས་ས་ཆ་གཞན་གྱི་ཡུལ་སྐོར་བ་མདོ་ལར་ཡུལ་སྐོར་དུ་ཡོང་བ་ཧ་ཅང་ཉུང་ཉུང་རེད། ལོ་འདི་དག་རིང་ལ་འགྲིམ་འགྲུལ་དར་རྒྱས་ཆེན་པོ་བྱུང་ནས་རྒྱལ་ཁབ་ཀྱིས་མྱུར་བགྲོད་གཞུང་ལམ་བསྐྲུན་པ་དང་། ཟི་ལིང་ནས་འཇུ་ལག་བར་དུ་མེ་འཁོར་ཡོད་པ། མདོ་ལར་ཐད་གཏོང་བྱེད་པའི་གནམ་གྲུ་ཡོད་པར་མ་ཟད། ཡུལ་གཞན་གྱི་མི་རྣམས་ཀྱིས་ནུབ་བྱང་ཁུལ་དུའང་དཔྱིད་ཀྱི་དུས་སུ་མེ་ཏོག་སྣ་བརྒྱ་བཞད་པ་དང་སྟོན་གྱི་དུས་སུ་ཟླ་བ་འཆར་བ། དབྱར་གྱི་དུས་སུ་བསིལ་རླུང་ལྡང་པ། དགུན་གྱི་དུས་སུ་ཁ་བ་འབབ་པའི”སྤྲོ་སེམས་དང་འཆར་ཅན་གྱི་མཛེས་ལྗོངས་མྱོང་རོལ་བྱེད་པར་ཡོང་བསམ་གྱིན་འདུག ཡུལ་སྐོར་བ་དབྱར་དགུན་གྱི་མདོ་ལའི་མཛེས་པར་ཆགས་ནས་དུས་ནམ་ཡང་མདོ་ལར་ཡུལ་སྐོར་བྱེད་པའི་སྤྲོ་སྣང་འདུག རྒྱུས་ལོན་པ་ལྟར་ན། མདོ་ལས་དགུན་དུས་ནགས་ཚལ་བརྒལ་ནས་རྐང་ཐང་དུ་བསྐྱོད་པ་དང་མདོ་ལ་རི་བོའི་དར་གོས་ཚོང་ལམ་རྟགས་མའི་གཟེབ་གྲུག་གདན་ཞུའི་འགྲན་སྡུར། དགུན་ཤ་འོ་ཇའི་དུས་ཆེན། མདོ་ལ་རི་བོའི་དགུན་དུས་ཀྱི་གངས་ལྗོངས་པར་ལེན་འགྲན་སྡུར་ཆེན་མོ། དཔྱིད་གསར་དགོང་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དང་། དགུན་དུས་ཀྱི་ཁྱད་ལྡན་རིག་གནས་དང་ལུས་རྩལ་ཡུལ་སྐོར་བྱེད་སྒོ། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི་གློག་སྒྲོན་འགྲེམས་ཚོགས་ཆེ་གྲས། རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་ལྒང་ཞུའི་རྩེད་མོ། ཧྲེ་ཧའོ་ཟློས་གར་འཁྲབ་སྟོན་སོགས་སྲོལ་རྒྱུན་གྱི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་སོ་སོ་གྲུབ་འབྲས་ཐོབ་པའི་ངང་གཉེར། “ལྷ་ཡུལ་མདོ་ལ”ཞེས་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་གཙོ་གནད་ཐོག་དྲིལ་སྒྲོག་འོས་སྦྱོར་བྱས་ནས་སྲོལ་རྒྱུན་གྱི་བྲིན་ཚོང་ཐབས་ལམ་དང་གཞི་གྲངས་ཆེན་མོ། སྤོ་འགུལ་སྦྲེལ་དྲ། སྨྱན་སྦྱོར་གསར་བ་སོགས་ཀྱི་ལས་སྟེགས་གསར་བ་དང་ཐབས་ལམ་གསར་བ། ལག་རྩལ་གསར་བ་བཅས་གང་ལེགས་སྤྱད་དེ་ཁྱབ་ཁོངས་ཡོངས་ཀྱི་སྨྱན་སྦྱོར་ཧྲིལ་པོའི་དྲིལ་སྒྲོག་ཁྱབ་གདལ་མཉམ་ལས་ལས་སྟེགས་བསྐྲུན། ཁྱུག་དབྱངས་སོགས་སྨྱན་སྦྱོར་གསར་བ་དང་དེ་བཞིན་གྲགས་ཅན་སྦྲེལ་དྲའི་ཚོགས་པ་དང་མཉམ་ལས་བྱས་ནས་སྨྱན་སྦྱོར་གསར་བའི་དྲིལ་སྒྲོག་བྱ་བ་སྒྲུབ་ནས“ལྷ་ཡུལ་མདོ་ལའི”དགུན་དུས་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་བྱས་ཏེ་རྫོང་ཡོངས་སུ་དགུན་དུས་ཡུལ་སྐོར་ལ་ཡོང་མཁན་མང་དུ་བཏང་། མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥེང་ལིན་ལིན་གྱིས“ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་མདོ་ལ་རྫོང་གིས་ཕུན་སུམ་ཚོགས་པའི་དགུན་དུས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས‘ལྟ་ན་སྡུག་པའི་ཡུལ་སྐོར·གངས་འཁྱག་མདོ་ལ’བརྗོད་དོན་བྱེད་པ་དང་། གངས་འཁྱག་ཡུལ་སྐོར་དམིགས་ཡུལ་དུ་བྱེད་པ། རིག་གནས་ཉམས་ལེན་འགག་རྩར་བྱེད་པ་བཅས་བྱས་ནས། ཚོན་ཁྲའི་ཤོག་སྦག་དང་ཚོན་ཁྲའི་གློག་འོད་འགྲེམས་སྟོན། ཁངས་དཔར་དང་དར་བརྐོས་ལ་ལྟ་བ། ‘ཆུ་ཚན+’གངས་ཁྲོད་བརྒལ་ནས་ཤྭ་བ་འཚོལ་བ་དང་གངས་ཁྲོད་ནགས་ཚལ་དུ་རྐང་ཐང་ལ་བསྐྱོད་པ། གངས་ཁྲོད་གཉེན་སྒྲིག་མཛད་སྒོ་སོགས་གངས་འཁྱག་སྐྱེ་ཁམས་ཡུལ་སྐོར་མྱོང་རོལ་ལས་གཞི་མང་པོ་གཙོ་གནད་ཐོག་ཁྱབ་གདལ་གཏོང་བ་དང‘ལྷ་ཡུལ་མདོ་ལའི’ཁྱད་ལྡན་བཟའ་བཏུང་གི་བྲོ་བ་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན། ཁྱད་ལྡན་དམངས་སྲོལ་མྱོང་རོལ། ཁྱད་ལྡན་རིག་གནས་འཁྲབ་སྟོན་སོགས་གཞི་གཅིག་ཏུ་འདུས་པའི་བྱེས་བགྲོད་རྒྱས་སྤྲོས་སྒར་སའི་ཕྱོགས་བསྡུས་ཁུལ་བཏོད་དེ་གངས་ཁྲོད་དུ་བསྲེགས་ཟས་བཟོ་བ་དང་ལུག་ཤ་ཧྲིལ་བསྲེགས། རྒྱ་ཁོག་འཐུང་བ། སྐམས་ཤ་དང་འོ་ཇ་འཐུང་ནས་དགུན་དཔྱིད་ཀྱི་ཁྱད་ལྡན་བཟའ་བཏུང་ལས་རིགས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན”ཟེར།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/文图/祁连山报社全媒体记者 李潇
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系