བྱིས་གཉོར་ཁང་གི་ལས་བྱེད་པའི་རྒྱབ་ལྗོངས་འདྲི་རྩད་བྱ་རྒྱུ་རེད།

政务   2024-11-15 11:08   青海  

བྱིས་གཉོར་ཁང་གི་ལས་བྱེད་པའི་རྒྱབ་ལྗོངས་འདྲི་རྩད་དང་བདེ་ཐང་ཞིབ་བཤེར་བྱ་དགོས་བའི་བླང་བྱ་བཏོན།

སློབ་གསོ་པུའུ་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། གསར་དུ་བཏོན་པའི་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་ནང་དགེ་རྒན་དཔུང་ཁག་གི་བྱང་ཚད་ཇེ་མཐོར་གཏོང་བ་དེ་ནང་དོན་གལ་ཆེན་དུ་བརྩིས་ནས། སྔོན་འགྲོ་སློབ་གསོ་གཉེར་མཁན་གྱི་ཐོབ་ཐང་སྐོར་གྱི་བླང་བྱ་ཁ་གསལ་བཟོས་ཤིང་། བྱིས་གཉོར་ཁང་གི་དགེ་རྒན་དང་སློབ་གཙོ།  བྱིས་གཉོར་བ། འཕྲོད་བསྟེན་བདེ་སྲུང་བ་སོགས་ལ་གཏན་འབེབས་ནང་བཏོན་པའི་ཆ་རྐྱེན་དག་ཚང་དགོས་པ་གསལ་འབེབས་བྱས།
མི་སྣ་བཀོད་སྒྲིག་ལ་ཤུགས་སྣོན་དགོས། དགེ་རྒན་དང་ལས་བཟོ་པར་ཚད་གཞི་གཏན་འབེབས་བྱས་ཏེ། བྱིས་གཉོར་ཁང་དང་དེའི་འཛུགས་གཉེར་བྱེད་མཁན་གྱིས་འབྲེལ་ཡོད་ཀྱི་ཚད་གཞི་ལྟར་དགེ་རྒན་དང་ལས་བྱེད་པ་གཞན་དག་བཅས་འདང་ངེས་ཤིག་བཀོད་སྒྲིག་བཟང་པོ་བྱ་དགོས་པའི་བླང་བྱ་བཏོན།
ལས་བསྡུ་ཕྱོགས་ལ་དོ་དམ་ནན་པོ་བྱ་དགོས། བྱིས་གཉོར་ཁང་གི་གདན་ཞུས་ལས་བསྐོས་དགེ་རྒན་སོགས་ལས་བྱེད་པར་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུས་ནས་རྒྱབ་ལྗོངས་རྩད་ཞིབ་དང་བདེ་ཐང་ཞིབ་བཤེར་བྱ་དགོས་པ་གཏན་འབེབས་བྱས། བྱིས་པའི་ལུས་སེམས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་སྲིད་པ་དང་སྔོན་འགྲོ་སློབ་གསོའི་བྱ་བ་བྱེད་མི་འོས་པའི་གནས་ཚུལ་ཡོད་ན་གདན་ཞུས་ལས་བསྐོས་བྱས་མི་ཆོག
ཐོབ་ཐང་འགན་སྲུང་ལ་ཤུགས་བསྣོན་དགོས། བྱིས་གཉོར་ཁང་དང་དེའི་གཉེར་མཁན་གྱིས་དགེ་རྒན་དང་ལས་བཟོ་པའི་གླ་ཕོགས་ཁེ་ཕན་ལ་འགན་སྲུང་བྱེད་དགོས་པ་དང་། གཞུང་བཙུགས་བྱིས་གཉོར་ཁང་གི་དགེ་རྒན་གྱི་གླ་ཕོགས་ནོར་སྲིད་ཀྱི་འགན་སྲུང་ཁྱབ་ཁོངས་ནང་འཇུག་དགོས་པའི་བླང་བྱ་བཏོན། བྱིས་གཉོར་ཁང་གི་དགེ་རྒན་ལ་གོ་མིང་ཞིབ་དཔྱད་གཏན་འཁེལ་དང་ལས་གནས་གདན་བསྐོ་སོགས་ཀྱི་ཐད་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་ཁ་གསལ་བཟོ་དགོས།
གསོ་སྐྱོང་སྦྱོང་བརྡར་ལ་ཤུགས་བསྣོན་དགོས།  སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྔོན་འགྲོ་སློབ་གསོའི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱ་བའི་འཆར་གཞི་བཟོས་ནས། རྣམ་པ་སྣ་ཚོགས་པའི་གསོ་སྐྱོང་སྦྱོང་བརྡར་བྱ་དགོས་པ་གཏན་འབེབས་བྱས་ཡོད། 
བྱིས་གཉོར་ཁང“སློབ་ཆུང་ཅན”དུ་འགྱུར་བར་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས། སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། བྱིས་གཉོར་དང་སློབ་གསོའི་སྤུས་ཚད་སྔར་བས་ཇེ་མཐོར་བཏང་ནས་མུ་མཐུད་གཙང་བཤེར་བཅོས་སྒྲིག་བྱས་ཏེ། བྱིས་གཉོར་ཁང“སློབ་ཆུང་ཅན”དུ་འགྱུར་བ་སོགས་ཀྱི་ཚད་ལྡན་མིན་པའི་བྱིས་གཉོར་ཁང་འཛུགས་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཡོ་བསྲང་བྱ་རྒྱུ་རེད།
བྱིས་གཉོར་ཁང་གི་ཆེད་ལས་མཛུབ་ཁྲིད་ལ་ཤུགས་བསྣོན་དགོས། བྱིས་གཉོར་ཁང་གིས་བྱིས་གཉོར་དང་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱ་བར་ཁྲིད་སྟོན་བྱས་ཏེ། རོལ་རྩེད་གཞི་བྱས་པའི་བྱེད་སྒོ་ལག་བསྟར་བྱས་ནས་སློབ་གསོའི་ཁོར་ཡུག་ཕུན་སུམ་ཚོགས་པར་གཏོང་བ་དང་། བྱིས་པས་མ་སྐུལ་རང་རྟོགས་ཀྱིས་སློབ་སྦྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རོལ་རྩེད་དང་འཚོ་བའི་ཁྲོད་ནས་བྱིས་པ་བདེ་ཐང་ཡིན་ལ་སྤྲོ་སྣང་དང་ལྡན་པས་འཚར་ལོངས་ཡོང་བར་སྐུལ་འདེད་གཏང་རྒྱུ།
བདེ་སྐྱོང་བསླབ་གསུམ་གྱི་སློབ་གསོའི་བྱ་སྤྱོད་ཚད་ལྡན་དུ་གཏང་རྒྱུ་སྟེ། སློབ་ཚན་དང་སློབ་ཁྲིད་ཀྱི་ཐོན་ཁུངས་ཞིབ་བཤེར་གཏན་འབེབས་དང་དོ་དམ་བྱེད་ཐབས་ཞིབ་འཇུག་ཐོག་གཏན་འབེབས་བྱས་ནས་བྱིས་གཉོར་ཁང་གི་སློབ་ཚན་དང་སློབ་ཁྲིད་ཀྱི་ཐོན་ཁུངས་ཐད་ཀྱི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏང་རྒྱུ།
སློབ་གསོ་དང་སློབ་གསོའི་སྤུས་ཚད་ཀྱི་དཔྱད་དཔོག་བྱེད་ཤུགས་ཇེ་ཆེར་གཏང་རྒྱུ་སྟེ། བྱིས་གཉོར་ཁང་གི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་གཏིང་ཟབ་ཏུ་སྤེལ་བ་དང་།《བྱིས་གཉོར་ཁང་གི་བྱིས་གཉོར་དང་སློབ་གསོའི་སྤུས་ཚད་ཀྱི་དཔྱད་དཔོག་ཕྱོགས་སྟོན》ལག་བསྟར། ཚན་རིག་དང་མཐུན་པའི་ཁྲིད་སྟོན་བཅས་བྱས་ནས་བྱིས་གཉོར་ཁང་གིས་བདེ་སྐྱོང་བསླབ་གསུམ་གོ་རིམ་དམིགས་སུ་འཛིན་པ་དང་། རང་ངོས་ལ་དཔྱད་དཔོག་བྱ་བར་ཤུགས་བསྣན་ནས་བྱིས་གཉོར་ཁང་གི་བྱིས་པའི་བདེ་སྲུང་དང་གཉོར་སྐྱོང་། སློབ་གསོའི་སྤུས་ཚད་བཅས་ཟམ་མི་ཆད་པར་ཇེ་མཐོར་གཏང་རྒྱུ།
ཁྱིམ་བདག་གིས་ཚན་རིག་དང་མཐུན་པས་བྱིས་པ་སྐྱོང་པར་མཛུབ་ཁྲིད་ལ་ཤུགས་བསྣན་རྒྱུ་སྟེ། སྔོན་འགྲོ་སློབ་གསོའི་དྲིལ་སྒྲོག་ཟླ་བའི་སྟེགས་བུ་མུ་མཐུད་དུ་བེད་སྤྱད་དེ། བྱིས་གཉོར་ཁང་གི་དྲིལ་སྒྲོག་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་དང་། ཁྱིམ་བདག་ལ་ཁ་ཕྱོགས་ནས་ཚན་རིག་དང་མཐུན་པའི་ངང་བྱིས་པ་སྐྱོང་སྟངས་དྲིལ་སྒྲོག ཡང་དག་པའི་བྱིས་པ་སྐྱོང་སྟངས་ཀྱི་འདུ་ཤེས་དང་ཤེས་བྱ་བརྒྱུད་སྤེལ་བཅས་བྱས་ནས་ཁྱིམ་གཞིས་མཉམ་གསོའི་ལམ་སྲོལ་བཟང་པོ་ཞིག་ཆགས་སུ་འཇུག་རྒྱུ།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章