ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-11-19 08:43   青海  

གསར་འགྱུར་གལ་ཆེན། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།     

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་དང་མཇལ་འཛོམས་གནང་བ་རེད།     

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ་རེད།     

ཟླ11པའི་ཚེས18ཉིན།  བློ་མཐུན་ལིའང་ཀོང་ལེ་ཡི་སྐུ་གདུང་པེ་ཅིན་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོ་རུ་སྐུ་བསྲེགས། བློ་མཐུན་ལིའང་ཀོང་ལེར་སྙུན་གཞི་ལྕི་པོ་ཕོག་སྐབས་དང་སྐུ་གཤེགས་རྗེས།    བློ་མཐུན་ཞི་ཅིན་ཕིང་དང་།  ལི་ཆང་།  ཀྲའོ་ལེ་ཅི།  ཝང་ཧུའུ་ཉིང་།  ཚའེ་ཆི། ཏིང་ཞུའེ་ཞང་།  ལི་ཤིས།  ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་བརྒྱུད་བློ་མཐུན་ལིའང་ཀོང་ལེ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གཏིང་ནས་འཚམས་འདྲི་ཞུས་པ་རེད།     

གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན།    ཟླ1པོ་ནས10པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར184981ལ་སླེབས་ཡོད།   

རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ཟླ11པའི་ཚེས17ཉིན་བར། རང་རྒྱལ་གྱི་མྱུར་སྐྱེལ་ལོའི་ལས་སྒོའི་གྲངས་འབོར་དུང་ཕྱུར1500ལས་ཐོག་མར་བརྒལ་ཡོད་པ་རེད།     

ཚེས18ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག《ཁྲིམས་བཅད་དང་བཀའ་བཅད་ལག་བསྟར་མི་བྱེད་པའི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པའི་ཐད་སྤྱོད་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད》ཡོངས་བསྒྲགས་བྱས་ནས2024ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།    

རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།    རྒྱལ་ཡོངས་སུ་སྐྲུན་བཞིན་ཡོད་པ་དང་སྐྲུན་ཟིན་པའི་རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལྟེ་གནས74ཡོད་པ་རེད།     

ཚེས17ཉིན། མཁའ་གྲུ་ཨང་བདུན་པའི་ཟོག་འདྲེན་འཕུར་གྲུར་ཚོད་འཛིན་ཐེབས་ནས་སླར་ཡང་རླུང་ཁམས་ཆེན་པོའི་བང་རིམ་དུ་བསྐྱོད་པ་རེད།  འཕུར་གྲུའི་ལྷུ་ལག་མང་ཆེ་བ་སླར་ཡང་རླུང་ཁམས་ཆེན་པོའི་རིམ་པར་འཛུལ་བའི་བརྒྱུད་རིམ་ནང་སྲེག་བསླད་དང་མེད་པར་བཟོས་པ་དང་།    ཆག་རོ་ཉུང་ཤས་སྔོན་དུ་གཏན་འཁེལ་བྱས་པའི་བདེ་འཇགས་མཚོ་ཁོངས་སུ་ལྷུང་བ་རེད།     

ཚེས18ཉིན་བར། དབྱི་ཝུའུ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ལོ་བཅུའི་རིང་རིམ་རྩིས་བྱས་ན་མེ་འཁོར6700ལྷག་ཙམ་བཏང་བ་དང་དངོས་ཟོག་ཚད་ལྡན་སྒམ་ཁྲི67ལྷག་ཙམ་བསྐྱལ་ཡོད་པ་རེད།     

སྤྱི་ཚོགས།

ཚེས18ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཆེན་གྱི་ཉེན་ཟོན་སྔོན་བསྒྲགས་བྱས་པ་སྟེ།  སྔོན་དཔག་བྱས་ན་ཚེས18ཉིན་གྱི་ཆུ་ཚོད20ནས་ཚེས19ཉིན་གྱི་ཆུ་ཚོད20བར། ཀྲེ་ཅང་ཤར་ལྷོའི་རྒྱུད་དང་། ཧྥུའུ་ཅན་ཤར་རྒྱུད། ཀོང་ཏུང་མཚོ་རྒྱུད།    ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད།  ཐའེ་ཝན་གླིང་ཕྲན་སོགས་སུ་རིམ་པ5ནས6བར་གྱི་རླུང་ཆེན་དང་རིམ་པ7ནས8བར་གྱི་ཐོལ་རླུང་གཡུག་རྒྱུ་རེད།  

ཐོལ་རླུང་རྒྱལ་ཡོངས་ཀྱི་ཁྲལ་འཇལ་ཡིད་རྟོན་ལོ་འཁོར་གྱི་གདེང་འཇོག་འབྲས་བུ་ལས་མངོན་པར་གཞིགས་ན།    2024ལོར་རྒྱལ་ཡོངས་སུ་ཡིད་རྟོན་ཁྲལ་འཇལ་མཁན་དུད་ཚང་ཁྲི4127སླེབས་པ་དང་། 2023ལོ་ལས་དུད་ཚང་ཁྲི378འཕར་ཡོད་པ་རེད།     

རྒྱལ་ཁབ་སྦུག་ལམ་དོ་དམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན།    རང་རྒྱལ་གྱི་ནུས་རྒྱུའི་བགྲོད་ལམ་གལ་ཆེན་སྟེ། ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ལས་གྲྭའི་ལམ་ཐིག་ཧྲིལ་པོ་ལས་མཇུག་སྒྲིལ་བ་རེད།     

ཚེས18ཉིན། ཁྲུང་ཆིང་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་སྟོང་སྨི3ཡན་གྱི་ཕུག་ལམ་རིང་པོ་ཐོག་མ་དེ་ཤར་གཏོང་ཐུབ་པ་དེ་འཆར་གཞི་ལས་ཉིན172སྔ་བ་ཡོད་པ་རེད།     

ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ལིའུ་ཤིང་ཐའེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་ལས་ཁོངས་ནས་ཕྱིར་ཕུད་པ་རེད།     

ཉིན་ཤས་གོང་མཇུག་སྒྲིལ་བའི2024-2025འགྲན་སྡུར་དུས་ཚིགས་ཀྱི་རྒྱལ་སྤྱིའི་འཁྱག་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་མྱུར་ཚད་འཁྱག་ཤུད་གླིང་ཆེན་བཞིའི་ལེགས་སྐྱེས་འགྲན་སྡུར་ནང་། ཀྲུང་གོའི་མྱུར་ཚད་འཁྱག་ཤུད་རུ་ཁག་གིས་གསེར་གྱི་རྟགས་མ1དང་དངུལ་གྱི་རྟགས་མ3བླངས་པ་རེད།     

ཀྲུང་གོའི་མཚོ་དམག་གི་རླུང་གཡོར་སྦྱོང་བརྡར་དམག་གྲུ་དང་པོ“རླབས་གཏོད”རྟགས་ཅན་ཚེས18ཉིན་ཤང་ཀང་དུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་མཚོ་འགྲུལ་མཚམས་འཇོག་རྒྱུ་ཡིན་པ་རེད།     

ཧེ་ལུང་ཅང་པོ་ལི་རྫོང་གིས“རི་སྐྱེས་སྲིག་ཆགས་བྱང་ཤར་སྟག་གྲོང་ཚོར་བསྐྱོད་ནས་མི་ལ་རྨུགས་པའི”དོན་རྐྱེན་བརྡ་ཁྱབ་བཏང་བ་སྟེ།  ཡུལ་དངོས་སུ་ཞིབ་དཔྱད་རགས་ཙམ་བྱས་པ་བརྒྱུད་གྲོང་མི་ཞིག་གི་ལག་གཡོན་མར་སྟག་གིས་རྨུགས་ཤིང་།    མིག་སྔར་སྨན་བཅོས་བྱེད་བཞིན་ཡོད་ཅིང་ལུས་ཕུང་དང་ཚེ་སྲོག་ལ་གནོད་སྐྱོན་བྱུང་མེད།     

ཧོ་པེ་ཧྲི་ཅ་ཀྲོང་གི་མ་བུ་གཉིས་གཟབ་གཟབ་མ་བྱས་པར་ཆུའི་ནང་ལྷུང་བ་དང་།   མང་ཚོགས་ཉིའུ་ཝུན་དབྱིས་དེ་མཐོང་རྗེས་ལམ་སེང་ཆུའི་ནང་མཆོངས་ནས་ཁོང་གཉིས་ཆུ་འགྲམ་དུ་བསྐྱབས།    དེ་ནས་ལམ་བར་དུ་ཡོད་པའི་སྨན་པ་ཀྲའོ་ཅན་ལིན་གྱིས་གློ་སྙིང་སླར་གསོ་བྱས་པ་དང་མཐར་མ་བུ་གཉིས་ལ་འགོག་རྐྱེན་གང་ཡང་མ་བྱུང་།     

སྲིད་ཇུས།

ཧྲང་ཧའེ་ཡིས་སྤྱི་བསྒྲགས་སྤེལ་ནས་སྤྱིར་བཏང་གི་སྡོད་ཁང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་མེད་པ་བཟོ་རྒྱུ་ཁ་གསལ་བཏོན་ཡོད།     

ཀྲེ་ཅང་གིས་སྲིད་ཇུས་བཏོན་ནས་འཚོ་བར་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུ་དང་རྒན་གསོའི་ནད་གཡོག་གི་ཁ་གསབ་ལག་བསྟར་བྱས་ནས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་དང་རྒན་རྒོན་གྱི་ཟས་རོགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།  

ཀོང་ཏུང་ཀོང་ཀྲོའུ་ཡིས་ཐེམ་ཐོ་འགོད་པའི་ཆ་རྐྱེན་དང་ཚད་གཞི་ཁྱོན་ཡོངས་ནས་ལྷུག་ཏུ་གཏོང་བའི་ཐད་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱས་པའི་ནང་། སྲིད་འཛིན་ཁུལ7ནས་ཁང་པ་ཉོ་བ་དང་སྤྱི་ཚོགས་འགན་བཅོལ་རྩིས་སྤྲོད་བྱས་ནས་ལོ་གཅིག་སོང་རྗེས་ཐེམ་ཐོ་འགོད་པའི་རེ་ཞུ་བྱེད་ཆོག་པའི་གཏན་འབེབས་བྱ་རྩིས་ཡོད་པ་རེད།     

དེ་རིང་གི་གནམ་གཤིས།

བོད་ལྗོངས་ཀྱི་ཤར་རྒྱུད་དང་མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞི་ཡི་དབུས་རྒྱུད།    ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།  ཧྥུའུ་ཅན་ཤར་ལྷོ་རྒྱུད་དང་།  ཧྭ་ནན་ལྷོ་རྒྱུད། ཀོང་ཏུང་བྱང་ཤར་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང། ཧྥུའུ་ཅན་ཤར་ལྷོ་རྒྱུད་དང་། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།     

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章