ཉེ་ཆར། སྤྱི་བདེ་པུའུ་ཡིས་འཕྲུལ་བསྐོར་འཁོར་ལོའི་ཁ་ལོ་བའི་དཔང་ཡིག་ལེན་པ་དང་བཀོལ་སྤྱོད་གཏན་འབེབས་སྐོར་ལ་བཟོ་བཅོས་བྱས་པའི་ཆོད་དོན་ཏེ༼བསམ་འཆར་བསྡུ་ལེན་ཟིན་ཐོ༽ཞིག་ཡོངས་བསྒྲགས་བྱས། འཕྲུལ་བསྐོར་འཁོར་ལོའི་ཁ་ལོ་བའི་དཔང་ཡིག་ལེན་པ་དང་བཀོལ་སྤྱོད་གཏན་འབེབས་ལ༼སྤྱི་བདེ་པུའུ་ཡི་བཀའ་རྒྱ་༡༦༢༽ལས་བསྡོམས་པས་དོན་ཚན༡༡༡ནང་ཐེངས་འདིར་བཟོ་བཅོས་དང་འཆར་འགོད་གཏན་འབེབས་ཟིན་པའི་དོན་ཚན་གཙོ་བོ་ལྔ་ཡོད།
གཅིག། དབྱིབས་ཆེ་འབྲིང་གི་འགྲུལ་འཁོར་དང་ཟོག་འཁོར་གྱི་ཁ་ལོ་བའི་དཔང་ཡིག་ལེན་པའི་རེ་ཞུའི་ལོ་ཚོད་གཏན་འབེབས་ལེགས་སྒྲིག་བྱས་ནས་དབྱིབས་ཆེ་འབྲིང་གི་འགྲུལ་འཁོར་དང་ཟོག་འཁོར་གྱི་ཁ་ལོ་བའི་དཔང་ཡིག་ལེན་པའི་ལོ་ཚོད་དེ་ལོ༦༠ནས་༦༣བར་ཇེ་རིང་གཏོང་རྒྱུ།
གཉིས། དབྱིབས་ཆེ་འབྲིང་གི་འགྲུལ་འཁོར་དང་ཟོག་འཁོར་བསྐོར་ཆོག་པའི་ཁ་ལོ་བའི་ལོ་ཚོད་ལེགས་སྒྲིག་བྱས་ནས། དབྱིབས་ཆེ་འབྲིང་གི་འགྲུལ་འཁོར་དང་ཟོག་འཁོར་བཅས་འཁོར་རིགས་བསྐོར་ཆོག་པའི་གཏན་འབེབས་ལོ་ཚོད་ལོ༦༠ནས༦༣བར་ཇེ་རེང་གཏོང་རྒྱུ།
གསུམ། དབྱིབས་ཆེ་འབྲིང་གི་འགྲུལ་འཁོར་དང་ཟོག་འཁོར་ཁ་ལོ་བས་རང་མོས་ཀྱིས་ལས་འཁྱུར་ངལ་གསོ་ཕྱིར་འགྱངས་གཏོང་བའི་རྐྱེན་གྱིས་རླངས་འཁོར་བསྐོར་ཆོག་པའི་ཡུན་རིང་དུ་གཏོང་བའི་གཏན་འབེབས་དུས་ཚོད་ཁ་གསལ་གཏན་འཁེལ་བྱ་རྒྱུ། རྒྱལ་ཁབ་ཀྱི་རང་མོས་ལས་འཁྱུར་ངལ་གསོ་ཕྱིར་འགྱངས་གཏོང་བ་ཆབ་སྲིད་དང་མཐུན་པའི་གཏན་འབེབས་ལོ་ཚོད༦༣ཡན་གྱི་དབྱིབས་ཆེ་འབྲིང་གི་འགྲུལ་འཁོར་དང་ཟོག་འཁོར་ཁ་ལོ་བས་མུ་མཐུད་དེ་རླངས་འཁོར་བསྐོར་བར་རེ་ཞུ་རྒྱག་ན། ལུས་པོ་རྟག་དཔྱད་དང་། དྲན་ཤེས་ནུས་པ། བརྡར་ཤ་གཅོད་ནུས། ཚོར་སྣང་བཅས་ཀྱི་ནུས་པ་བརྟག་བཤེར་བྱས་པ་ལས་ལུས་པོའི་ཆ་རྐྱེན་མུ་མཐུད་འཁོར་དབྱིབས་ཆེ་འབྲིང་གི་འགྲུལ་འཁོར་དང་ཟོག་འཁོར་བསྐོར་ཆོག་པའི་བླང་བྱ་དང་མཐུན་ན། འཁོར་རིགས་དོ་དམ་ལས་ཁུངས་ཀྱིས་གཏན་འབེབས་ཟིན་པའི་རླངས་འཁོར་བསྐོར་བའི་ཆོག་ཡིག་ཐོག་རླངས་འཁོར་བསྐོར་བའི་ཐོབ་ཐང་དུས་ཡུན་ཇེ་རིང་གཏོང་ཆོག།
བཞི། འཁོར་ལོ་ཅན་གྱི་ཆེད་སྤྱོད་འཕྲུལ་འཁོར་དང་། འཁོར་ལམ་མེད་པའི་གློག་འཁོར། འཁོར་ལམ་ཡོད་པའི་གློག་འཁོར་གྱི་ཁ་ལོ་བའི་དཔང་ཡིག་གི་ཐོ་སུབ་པའི་ལོ་ཚོད་གཏན་འབེབས་ལེགས་སྒྲིག་བྱེད་པ། འཁོར་ལོ་ཅན་གྱི་ཆེད་སྤྱོད་འཕྲུལ་འཁོར་དང་། འཁོར་ལམ་མེད་པའི་གློག་འཁོར། འཁོར་ལམ་ཡོད་པའི་གློག་འཁོར་བསྐོར་བའི་ཆོག་ཡིག་གི་ཐོ་སུབ་པའི་ལོ་ཚོད་དེ་ལོ༦༠ནས༦༣གསུམ་བར་ཕྱིར་འཐེན་པ།
ལྔ། སློབ་གྲྭའི་རླངས་འཁོར་གྱི་ཁ་ལོ་བའི་དཔང་ཡིག་གི་རེ་ཞུ་ལོ་ཚོད་དང་ཐོ་སུབ་ལོ་ཚོད་ཀྱི་གཏན་འབེབས་འཐུས་ཚང་གཏོང་བ། ཁ་ལོ་བའི་སློབ་གྲྭའི་རླངས་འཁོར་གྱི་ཁ་ལོ་བའི་ཡི་གེ་རེ་ཞུ་ལོ་ཚོད་ནི་ལོ་དྲུག་ཅུ་ལས་མི་བརྒལ་བ་དེ། ལོ་ཚོད་ནི་རྒྱལ་ཁབ་ཀྱི་སློབ་གྲྭའི་རླངས་འཁོར་གྱི་ཁ་ལོ་བའི་ཐོབ་ཐང་གི་ཆ་རྐྱེན་དང་འཚམས་པའི་བར་ལེགས་སྒྲིག་བྱེད་པ། སློབ་གྲྭའི་རླངས་འཁོར་གྱི་ཁ་ལོ་བའི་ཐོབ་ཐང་གི་ཐོ་སུབ་པའི་ལོ་ཚོད་ནི་ལོ་དྲུག་ཅུ་ལས་བརྒལ་བ་དེ། རྒྱལ་ཁབ་ཀྱི་སློབ་གྲྭའི་རླངས་འཁོར་གྱི་ཁ་ལོ་བའི་ཐོབ་ཐང་གི་ཆ་རྐྱེན་དང་འཚམ་པའི་ལོ་ཚོད་ལས་བརྒལ་བའི་བར་ལེགས་སྒྲིག་བྱེད་པ། དེའི་ཐོག་གི་བཅའ་ཁྲིམས་སློབ་གྲྭའི་རླངས་འཁོར་གྱི་ཉེན་མེད་དོ་དམ་སྒྲིག་སྲོལ་གྱི་གཏན་འབེབས་དང་གཅིག་མཚུངས་ཡིན་དགོས།
དེ་མ་ཟད་ལག་བསྟར་བྱས་ཟིན་པའི་སྤྱིར་བཏང་འཁོར་གསུམ་འཕྲུལ་རྟ་དང་། སྤྱིར་བཏང་འཁོར་གཉིས་འཕྲུལ་རྟའི་ཁ་ལོ་བའི་རེ་ཞུ་ལོ་ཚོད་ནི་ལོ་དྲུག་ཅུ་ནས་ལོ་བདུན་ཅུའི་བར་ཇེ་རིང་གཏོང་བའི་དམངས་བདེ་བྱེད་ཐབས་ནི་སྡེ་ཁག་གི་གཏན་འབེབས་སྒྲིག་སྲོལ་དུ་བྱེད་དེ། དམངས་ཕན་ཞབས་ཞུ་བྱེད་ཐབས་ལམ་ལུགས་ཅན་དང་། བཅོས་བསྒྱུར་ཁྲིམས་སྐྱོང་ཅན་དུ་བྱེད་པ།
དག་བཅོས་བྱས་རྗེས་ཀྱི་སྤྱི་བདེ་པུའུ་ཡི་འཕྲུལ་སྐོར་འཁོར་ལོའི་ཁ་ལོ་བའི་དཔང་ཡིག་རེ་ཞུ་དང་བེད་སྤྱོད་གཏན་འབེབས་དག་བཅོས་སྐོར་གྱི་ཆོད་དོན་ནི༢༠༢༥ལོའི་ཟླ་དང་པོའི་ཚེས༡ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
来源:康巴传媒藏文
编辑:她姆措
校对:她姆措
二审:梅朵
三审:白玛曲吉
监制:彭刚