རྐང་ཚ་རྫོང་གིས་དབང་སྐྱོན་གྱི་རམ་འདེགས་ལས་ཞུགས་རྟེན་གཞི་ཐོག་མ་བཙུགས།
ཟླ11པའི་ཚེས14ཉིན། རྐང་ཚ་རྫོང་གིས་འོམ་ཆུ་གྲོང་རྡལ་རྐ་ཆུ་སྡེ་བ་རུ་དབང་སྐྱོན་གྱི་རམ་འདེགས་ལས་ཞུགས་རྟེན་གཞི་ཐོག་མའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་དབང་སྐྱོན་ལས་ཞུགས་རྟེན་གཞིར་ཞབས་ཕྱི་སྒྲུབ་པའི་འགན་འཁུར་བ། དབང་སྐྱོན་ལས་བཟོ་བ་སོགས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།
ཐེངས་འདིའི་སྒོ་བྱང་འགེལ་བའི་བྱེད་སྒོས་རྐང་ཚ་རྫོང་གི་དབང་སྐྱོན་ཚོར་རྒྱ་ཆེའི་ལས་སྟེགས་གསར་པ་སྔར་བས་མཁོ་འདོན་དང་། དབང་སྐྱོན་ལ་ཕན་པ་དང་རོགས་རམ་བྱ་རྒྱུ་དོན་འཁྱོལ་བྱས་འདུག གོམ་སྟབས་རྗེས་མར་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་སྐྱོན་དང་སྤྱི་ཚོགས་བར་གྱི་འབྲེལ་གཏུག་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དྲིལ་སྒྲོག་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ་མ་ཟད། དབང་སྐྱོན་ལ་ཞབས་ཕྱི་སྒྲུབ་པའི་ལས་ཞུགས་རྟེན་གཞིར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་བྱས་ཏེ། ལས་བརྟན་འབབ་འཕར་གྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རྐང་ཚ་རྫོང་གི་དབང་སྐྱོན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་དང་། དཔལ་འབྱོར་ཡོང་འབབ་མང་དུ་གཏོང་བ། དབང་སྐྱོན་གྱི་བདེ་སྣང་དང་ཐོབ་སྣང་སོགས་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས།
ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系