སྲིད་གྲོས་སྐབས15པའི་གྲོས་ཚོཊ6ཚོཊ།ཀྲུང་ཀྲི་ཅུན་ཀྲུའུ་ཞིར་བདམས།

政务   2024-11-19 10:31   青海  

ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

ཀྲུང་ཀྲི་ཅུན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས།

ཟླ11པའི་ཚེས18ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས།

ཚོགས་ཆེན་ཐོག་མིང་མ་བཀོད་པར་འདེམ་ཤོག་འཕེན་ཐབས་ལ་བརྟེན་ནས་བློ་མཐུན་ཀྲུང་ཀྲི་ཅུན་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་པའི་ཀྲུའུ་ཞིར་བདམས།    
ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་མ་ཁྲེང་ཀོས། སུའུ་བདུན་ཅུ། ལི་ཞུ་ཀྲེན། ཝན་བཀྲ་ཤིས་དོན་འགྲུབ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མ་ཝུན་ཆོན་བཅས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་ཆེན་ལ་ཞུགས་ནས་ཀྲུའུ་ཞི་སྟེགས་བུའི་ཐོག་བསྡད་ཡོད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་དང་། ཀྲུའུ་ཞི་གཞོན་པ་ཁྲང་ལིན། པོ་ཀྲེང་ཆིན། ལུང་དབྱང་ཧྲེང་། དབྱང་ཏེ། ཞོ་རོས་ཞིན། དྲུང་ཡིག་ཆེན་མོ་ལིས་ཧུང་པོ་བཅས་ཚོགས་འདུར་ཞུགས།
ཀྲུང་ཀྲི་ཅུན་གྱིས་མཇུག་སྒྲིལ་ཚོགས་ཆེན་ཐོག་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ངེས་ཤུགས་ལ་ཤུགས་བསྣན་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་མོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏང་གིས་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ངེས་པར་བརྩི་སྲུང་ནན་མོ་བྱེད་དགོས་པའི་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་དུ་བརྩིས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་ཏན་ཏིག་གཏོང་བ། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་སྒྲོག་མཁན་དང་སྲུང་སྐྱོང་མཁན། ལག་ལེན་མཁན་བཅས་ཡག་པོ་ཞིག་བྱེད་དགོས། བྱ་སྤྱོད་ཐད་སྔར་ལས་རང་རྟོགས་བྱས་ཏེ། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”དང“དམངས་ཀྱི་དོ་ཁུར་བྱེད་ས”སེམས་སུ་བཅངས་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཇི་མ་ཇི་བཞིན་ཁྱབ་པར་བྱས་ནས་ཏང་ཨུ་ལ་བླང་བྱ་ཡོད་པ་དང་། སྲིད་གྲོས་ཀྱི་འགུལ་སྐྱོད་དངོས་སུ་མཐོང་བ། གྲོས་མོལ་ལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས། གྲོས་མོལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་དགོས། སྲིད་གྲོས་ཀྱི་བྱ་བ་དེ་ཁུལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ནང་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། ཁུལ་ཨུའི“243”འཕེལ་རྒྱས་བཀོད་པ་གཞི་རྩར་འཛིན་པ། སྲིད་གྲོས་ནི་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འགན་འཁྲི་ལག་བསྟར་འགུལ་སྐྱོད་ཆེན་པོ་བཅུའི”ནང་ཞུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཇུས་འབུལ་ཤུགས་འདོན་བྱེད་དགོས། གྲོས་མོལ་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་ནུས་པ་ཆེ་རུ་གཏོང་བ། གྲོས་མོལ་གྱི་དངོས་ཕན་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས་ལ་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་བརྩེ་སེམས་བཅངས་ཏེ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་གནད་དོན་ལ་དམིགས་ནས། བརྟག་ཞིབ་དང་ལྟ་ཞིབ། གྲོས་གཞི་སྒྲུབ་གཉེར། ཡུལ་བབ་དམངས་འདུན་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཧུར་ཐག་གིས་ཐབས་འདོན་བྱས་ཏེ། མང་ཚོགས་ཀྱི“བྲེལ་དཀའ་སྡུག་སྨོན”གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་དང་དུས་རབས་ཀྱི་ལས་འགན་ལྕི་མོ་ཐུན་མོང་ཐོག་འཁུར་དགོས། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ཏེ། ཏང་ཤོག་ཚོགས་པ་སོ་སོ་དང་། མི་རིགས་དང་ལས་རིགས་སོ་སོའི་མི་སྣར་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་མི་སྣ། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི“གཡུལ་ས་གལ་ཆེན་དང་སྟེགས་བུ་གལ་ཆེན། ཐབས་ལམ་གལ་ཆེན”གྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁུལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ལ་དམིགས་ནས་འཐབ་ཕྱོགས་དང་པོའི་སྲིད་གྲོས་ལག་བསྟར་བྱེད་པ་དང་། འབྲེལ་བ་མཐུན་སྦྱོར་དང་སེམས་ཁྲལ་དཀའ་ངལ་སེལ་བ། དོགས་གནད་སེལ་བའི་བྱ་བ་མང་པོ་སྒྲུབ་སྟེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མ་གཞི་གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་ངོས་འཛིན་ཆེན་པོ་དང་སྟོབས་ཤུགས་ཆེན་པོ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གཞུང་འཁྱོངས་གསར་འབྱེད་རྒྱུན་འཁྱོངས་བྱས་ནས་སྲིད་གྲོས་རྩ་འཛུགས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི“དཔུང་ཁག་གཉིས”ཀྱི་འཛུགས་སྐྱོང་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། ཞན་ཆ་ཁ་གསབ་དང་ཕན་ནུས་ཆེ་རུ་གཏོང་དགོས། སྲིད་གྲོས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་སྤྲོད་བྱེད་དགོས། རྒྱ་ཆེའི་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་སྒྲུབ་པ་དང་དམངས་ལ་འགན་འཁྲི་སྒྲུབ་པའི་བརྩེ་སེམས་ཡིད་ལ་བཅངས་ནས“དམངས་ལ་གྲོས་མོལ་བྱེད་པ་དང་དམངས་ཆེད་གྲོས་མོལ་བྱེད་པའི”འདུ་ཤེས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགན་འཁྲིའི་ལས་གནས་ཐོག་བྱས་རྗེས་འཇོག་པ་དང་འགན་ནུས་སྒྲུབ་པའི་བྱ་བའི་ཁྲོད་ཉམས་འགྱུར་མངོན་པར་བྱས་ཏེ“ཨུ་ཡོན་གྱི་ལས་བྱ”དེ་མང་ཚོགས་ཀྱི་སེམས་ཀྱི་འདོད་དང་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ཧུར་ཐག་སྒོས་འགོད་དགོས་ཟེར།
ཚོགས་འདུའི་གྲོས་རིམ་ཡོངས་སུ་ལེགས་འགྲུབ་བྱུང་རྗེས་ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་གྲོལ།   

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源/文/海北政协 图/陈文年 

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章