ཟླ་11ཚེས་12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
གསར་འགོད་པ་ཞིག་གིས། ཁོ་རེ་ཡ་དང་ཨུ་རུ་སུས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆིངས་ཡིག》ལ་ཆོག་མཆན་སྤྲད་ནས། ཕན་ཚུན་བར་དམག་མི་གཏོང་བའི་མཉམ་ལས་བྱ་རྒྱུའི་མོས་མཐུན་བྱས་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
ལིན་ཅན་གྱིས། ཁོ་རེ་ཡ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་འགྲོ་འོང་མཉམ་ལས་སྐོར་ལ་ང་ཚོས་ལངས་ཕྱོགས་ཐེངས་མང་གསལ་སྟོན་བྱས་ཡོད། ཁོ་རེ་ཡ་དང་ཨུ་རུ་སུ་ནི་བདག་དབང་རང་བཙན་གྱི་རྒྱལ་ཁབ་གཉིས་ཡིན་པས་ཇི་ལྟར་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཁོང་ཚོ་རང་ཉིད་ཀྱི་དོན་དག་ཡིན་ཞེས་བཤད།