防疫新歌རིམས་འགོག་གཞས་གསར།

旅行   2022-08-21 11:14  


向上滑动阅览

རིམས་འགོག་གཞས་གསར།

防疫新歌


སྔོན་ཆད་ཏོག་དབྱིབས་ནད་དུག་ཟེར་བ་འདི། །ས་གཙང་བོད་ལྗོངས་ཁུལ་ལ་ཁྱབ་མ་མྱོང་། །

གློ་བུར་ནད་ཡམས་འདྲེ་རླུང་འཚུབ་པ་ན། །ཕྱར་བ་གྲུ་འདེགས་གྱིས་ཤོག་ཨ་མའི་བུ།།ཕྱར་བ་གྲུ་འདེགས་གྱིས་ཤོག་ཨ་མའི་བུ་མོ།།


རང་གཞན་ཀུན་གྱི་བདེ་འཇགས་བདེ་ཐང་ཆེད།།ཁྱིམ་དུ་བཞུགས་ནས་ཁྱིམ་ལས་ལུས་སྦྱོང་གནང་། །སྨན་པ་ཉེན་རྟོག་དང་བླངས་ལ་སོགས་པ།། ལྷག་བསམ་ཅན་ལ་སྙིང་ནས་བསྟོད་གླུ་ལེན།།


གྲོང་དང་སྡེ་ཁུལ་གོང་རིམ་བཀའ་ལ་ཉོན། །ཉིང་སྐྱུར་བརྟག་ཞིབ་དུས་ཐོག་བྱེད་དགོས་སོ། །

རང་ཤེད་སྤངས་ན་རང་གཞན་ཀུན་ལ་ཕན། །འཚང་ཁ་ཅན་ལ་ནད་དུག་འགོ་ཉེན་ཡོད། །


ཉིང་སྐྱུར་བརྟག་དཔྱད་བྱེད་པའི་གནས་སྐབས་སུ། །རྒྱབ་མདུན་བར་ཐག་རྨིད་གཅིག་ཡན་བཞག་ནས། །

ཁ་གདངས་ཚད་ལེན་སྐབས་སུ་དབུགས་བསྒོམ་ན། །ནད་དུག་མི་འགོ་བ་ཡི་ཁྱད་ཆེ་ཟེར།


ཏོག་གསར་ནད་དུག་བོད་ཁུལ་ཁྱབ་གྱུར་ཡང་།།མེས་རྒྱལ་མི་དམངས་སྟོབས་ཤུགས་གཅིག་ལ་སྒྲིལ།།དཀྲོག་གཏམ་མ་བཟོ་མགོ་བསྐོར་མ་ཐེབས་པར།། ལག་གདང་སྒྲིལ་ཤོག་ཨ་མའི་ལོ་ལོ་ཚོ།། 




  扫码关注我们  

主编:杜 林 春  

责编:次旺 塔培

编辑:才仁拉珠

求分享

求点赞

求在看


看那曲
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章