那曲市人大常委会公告

政务   2024-10-03 10:32   西藏  
▲ 戳蓝色字关注我们!



那曲市人民代表大会常务委员会

公    告

〔2024〕9号


《那曲市文明行为促进条例》已由那曲市第二届人民代表大会常务委员会第十五次会议于2024年8月27日审议通过,经西藏自治区第十二届人民代表大会常务委员会第十二次会议于2024年9月26日批准,现予公布,自公布之日起施行。


特此公告。


那曲市人民代表大会常务委员会

2024年9月30日


西藏自治区人民代表大会常务委员会关于批准《那曲市文明行为促进条例》的决定


(2024年9月26日西藏自治区第十二届人民代表大会常务委员会第十二次会议通过)


西藏自治区人民代表大会常务委员会决定:批准《那曲市文明行为促进条例》,由那曲市人民代表大会常务委员会公布施行。



附件:《那曲市文明行为促进条例》



向上滑动阅览

那曲市文明行为促进条例

(2024年8月27日那曲市第二届人民代表大会常务委员会第十五次会议通过  2024年9月26日西藏自治区第十二届人民代表大会常务委员会第十二次会议批准)


目  录

第一章  总则

第二章  文明行为规范

第三章  实施与监督

第四章  法律责任

第五章  附则


第一章 总则

第一条  为了引导和促进文明行为,培育和践行社会主义核心价值观,传承和弘扬中华民族传统美德,铸牢中华民族共同体意识,推进社会主义精神文明建设,促进社会文明进步,根据有关法律、法规规定,结合本市实际,制定本条例。


第二条  本市行政区域内的文明行为促进工作,适用本条例。

本条例所称文明行为,是指遵守宪法和法律法规规定,坚持社会主义核心价值观,符合社会主义道德规范,维护公序良俗,引领社会风尚,加强民族团结,推动新时代社会文明进步的行为。


第三条  文明行为促进工作应当坚持倡导与治理相结合,自治、法治、德治相结合,奖励与惩戒相结合的原则,构建党委统一领导、政府组织实施、部门各负其责、全社会共同参与的工作格局,形成共建共治共享的长效机制。


第四条  市、县(区)精神文明建设工作机构,统筹推进本行政区域内的文明行为促进工作,建立文明行为促进工作联席会议制度,研究拟定文明行为促进工作各项措施,指导协调、督促检查和评估考核等工作:

(一)组织开展文明城市、文明单位、文明村镇、文明家庭、文明校园等群众性精神文明创建活动;

(二)建立健全文明行为促进工作机制,建立文明行为表扬、奖励、扶助制度,加强对不文明行为的监督,及时发现、纠正和制止不文明行为;

(三)定期开展文明行为情况社会调查,做好民意征集和测评等工作,并及时向社会公布测评结果;

(四)组织开展精神文明建设的其他工作。


第五条  市、县(区)人民政府应当将文明行为促进工作纳入国民经济和社会发展规划,所需经费列入本级财政预算,推动文明行为促进工作与经济社会协调发展。

市、县(区)人民政府有关部门应当在各自职责范围内,做好文明行为促进工作。

乡镇人民政府、街道办事处应当做好本辖区内的文明行为促进工作。

村(居)民委员会应当发挥基层群众性自治组织作用,加强文明行为宣传、教育和引导,组织村(居)民依法制定和实施村规民约、居民公约,培育文明乡风。


第六条  文明行为促进是全社会的共同责任。

国家机关、企业事业单位、社会团体、其他组织和公民应当支持和参与文明行为促进工作。

国家工作人员、人大代表、政协委员、先进模范人物、教育工作者、志愿者、社会公众人物、窗口服务人员等应当在文明行为促进工作中发挥表率作用。


第二章 文明行为规范

第七条  公民应当坚定对伟大祖国、中华民族、中华文化、中国共产党、中国特色社会主义的认同,增强国家意识、公民意识、法治意识,自觉遵守法律法规、公序良俗、文明公约和其他文明行为规范,践行社会主义核心价值观,铸牢中华民族共同体意识,传承和弘扬“老西藏精神”“两路”精神,弘扬传统美德,遵守社会公德、职业道德、家庭美德,提高个人品德修养。 


第八条  公民应当遵守下列公共场所文明行为规范:

(一)不利于民族团结的话不讲,不利于民族团结的事不做,人人都做民族团结的守护者;

(二)衣着整洁得体,言行举止文明,不大声喧哗,不争吵谩骂,不使用粗言秽语,不在火车站、长途客运站等场所喊站揽客;

(三)等候服务时自觉依次排队,乘坐电梯先下后上,乘坐自动扶梯依次有序,上下楼梯靠右侧通行;

(四)开展广场舞、文艺表演、体育锻炼以及其他群众性活动时,遵守活动规定,服从现场管理,控制好相关活动设施音量,不影响他人正常生活、学习和工作;

(五)爱护公共设施,不攀爬、跨越围栏、栅栏等设施,合理使用公共座椅和其他设施;

(六)遇突发事件时,服从现场指挥,配合应急处置,不盲目聚集、围观,不散布不实信息;

(七)法律法规规定的其他公共场所文明行为规范。


第九条  公民应当遵守下列公共环境卫生文明行为规范:

(一)积极参加爱国卫生运动,爱护市容环境,维护市容整洁,严格遵守垃圾分类规定,在指定的地点分类投放垃圾,不乱扔垃圾、杂物,不随地吐痰、便溺;

(二)不放任牦牛等家畜家禽在建成区街道上散游;

(三)不在禁止吸烟的场所吸烟,在非禁止吸烟场所吸烟时合理避开他人;

(四)履行传染病防治相关义务,主动配合执行预防、控制以及应急措施,如实提供有关情况;

(五)不在树木、地面、建(构)筑物和其他公共设施上乱刻画、乱涂写、乱张贴;不在城镇建(构)筑物临街外墙面晾晒、吊挂影响市容市貌的物品;

(六)不向河流、水库、池塘等水体及其沿岸倾倒、丢弃废弃物、病死畜禽;

(七)不在禁止区域内露天烧烤、焚烧废纸、垃圾或者其他废弃物;

(八)按规定燃放烟花爆竹;

(九)文明如厕,保持公共厕所干净卫生;

(十)法律法规规定的其他公共环境卫生文明行为规范。


第十条  公民应当遵守下列文明生活行为规范:

(一)文明用餐,提倡使用公筷公勺、消毒餐具,不劝酒、不拼酒、不酗酒,珍惜粮食,杜绝粮食和食物浪费;

(二)咳嗽、打喷嚏时遮掩口鼻,患有流行性感冒等传染性呼吸道疾病时应当科学佩戴口罩;

(三)遵守饲养宠物的相关规定,定期为饲养宠物接种狂犬病疫苗及其他免疫疫苗,不虐待、遗弃宠物,携带宠物出户时,应当束链牵领或者采取其他约束措施,主动避让他人,及时清理宠物粪便;

(四)抵制黄赌毒、封建迷信、邪教等活动;

(五)低碳生活、绿色出行,节约油、水、电、气等公共资源,优先选择步行或者乘坐公共交通工具出行;

(六)法律法规规定的其他文明生活行为规范。


第十一条  公民应当遵守下列文明出行行为规范:

(一)驾驶机动车时,应当让行执行紧急任务的警车、消防车、救护车、工程救险车和其他有紧急情况的车辆,礼让军车、校车;通过人行横道时,礼让行人,行经积水路段时,减速慢行;不随意变道、穿插、超车、停车,不拨打接听手持电话、观看视频,不向车外抛撒物品;

(二)机动车和非机动车按照规定有序停放,不占用盲道、人行道和消防、医疗急救等通道;

(三)乘坐公共交通工具时,不干扰驾驶人安全行车,有序上下车,不抢座、霸座,主动为老、弱、病、残、孕、幼等有需要的乘客让座,不食用具有特殊气味或者刺激性气味食物;

(四)驾驶非机动车在道路上行驶应当遵守有关交通安全的规定。非机动车应当在非机动车道内行驶,在没有非机动车道的道路上,应当靠车行道的右侧行驶;

(五)机动车驾驶人及乘车人下车时,应当观察车辆侧方和后方通行状况,避免妨碍他人通行,不随意横穿道路、不跨越道路隔离设施;

(六)行人通过路口或者横过道路,走人行横道或者过街设施,通过有交通信号灯的人行横道按照交通信号灯指示通行;通过没有交通信号灯、人行横道的路口,或者在没有过街设施的路段横过道路,应当在确认安全后通过;不得停留、嬉闹,不随意横穿道路、翻越道路隔离设施,遇车辆礼让时迅速安全通过;

(七)使用共享交通工具及相关设施时,遵守有关规定,爱护车辆及设施,使用后规范有序停放;

(八)法律法规规定的其他文明出行行为规范。


第十二条  公民应当遵守下列文明旅游行为规范:

(一)尊重当地风俗习惯、文化传统和宗教信仰;

(二)尊重英雄人物,保护英雄烈士纪念设施,在英雄烈士纪念设施、爱国主义教育基地等场所内瞻仰、祭奠、参观,遵守相关制度和礼仪规范,自觉维护庄严肃穆的氛围;

(三)爱护文物古迹,不攀爬、触摸文物,不乱涂乱划,拍照摄像时,遵守有关规定;

(四)在景区景点内服从引导和管理,不从事危及人身财产安全的活动;

(五)不采摘、采挖景区景点野生植物,不追逐、捕捉、投打、乱喂野生动物;

(六)法律法规规定的其他文明旅游行为规范。


第十三条  公民应当遵守下列文明就医行为规范:

(一)尊重医务人员和医学规律,遵守医疗秩序,保持诊疗场所的整洁和安静;

(二)尊重他人隐私,保持就诊距离,不影响医务人员为他人诊疗;

(三)遵守各项诊疗服务制度,尊重和配合医护人员工作,通过合法途径解决医疗纠纷;

(四)法律法规规定的其他文明就医行为规范。


第十四条  公民应当遵守下列拥军优属行为规范:

(一)弘扬拥军优属优良传统,关爱烈士遗属、因公牺牲军人遗属、残疾军人和退伍军人;

(二)尊重、宣扬军人、退伍军人、功臣模范;

(三)尊重、关爱军人及其家属;

(四)为军人(军属)以及退伍军人依法优先提供支持;

(五)法律法规规定的其他拥军优属行为规范。


第十五条  公民应当遵守下列社区文明行为规范:

(一)不从建(构)筑物中向外抛掷物品,不违法搭建,不侵占公共场地、疏散通道、安全出口、消防通道、无障碍设施等;

(二)不在住宅小区、院落、楼道等公共区域堆放物品,不占用公共绿地,不在公共区域或者禁养区域饲养家禽或者家畜;

(三)进行装修装饰、聚会聚餐、健身歌舞等活动时,采取有效措施避免影响他人正常生活;

(四)遵守电动车辆管理有关规定,电动车辆不进入电梯,不在建筑内的共用走道、楼梯间、安全出口处等公共区域停放,不私拉乱接电线为电动车充电;

(五)法律法规规定的其他社区行为规范。


第十六条  公民应当遵守下列网络文明行为规范:

(一)保护他人隐私,不通过发帖、评论等方式损害他人合法权益;

(二)遵守网络行为规范,维护网络安全和网络秩序,不编造、散布虚假信息,不浏览、不转发不良信息,自觉抵制境外非法网络群组;

(三)不拨打骚扰电话,不发送骚扰信息;

(四)不发表有损英雄、模范人物形象的言论;

(五)法律法规规定的其他网络文明行为规范。


第十七条  本市倡导以下文明行为:

(一)弘扬勤俭节约传统美德,树立正确消费观,养成勤俭节约消费的习惯,践行简约适度、绿色低碳的生活方式;

(二)移风易俗、节俭办喜事、丧事,不大操大办、不互相攀比;

(三)注重家庭、注重家教、注重家风;

(四)助人为乐、拾金不昧;

(五)关心关爱空巢老人、失智老人、留守儿童、留守妇女、失独家庭、残疾人等社会群体;

(六)从事经营活动时,诚信守法、态度谦和、以礼待客;

(七)不能以经济利益为目的,违背公序良俗和乡规民约、居民公约;

(八)其他应当倡导的文明行为。


第十八条  本市鼓励实施以下文明行为:

(一)采取合法、适当方式,实施与自身能力相符的见义勇为行为;

(二)开展扶贫、济困、助残、救灾等慈善公益活动;

(三)自愿捐献造血干细胞、遗体、遗体器官,无偿献血;

(四)参加各类志愿服务组织,参与多样性志愿服务活动;

(五)具备救护技能的公民对需要急救的人员实施现场紧急救助;

(六) 其他应当鼓励实施的文明行为。


第三章 实施与监督

第十九条  市、县(区)精神文明建设工作机构开展群众性精神文明创建活动、先进典型评选表彰,应当将文明行为促进工作和文明行为表现情况纳入推选条件、评选标准。


第二十条  市、县(区)人民政府应当在人员密集的公共场所设立展示和纪念设施,宣传道德模范、身边好人、见义勇为等模范人物和先进事迹。


第二十一条  市、县(区)人民政府及其有关部门对文明行为促进工作中表现突出的组织和个人,按照有关规定给予表彰、奖励,对生活有困难的文明行为先进人物给予优先帮扶。


第二十二条  市、县(区)人民政府应当制定文明行为促进工作措施,建设完善相关公共服务设施,明确部门职责分工,建立考评机制。有关部门应当建立信息共享和执法合作机制,按照职责开展日常检查,制止、查处不文明行为。

第二十三条  市、县(区)精神文明建设工作机构,市、县(区)人民政府及其有关部门应当完善文明行为促进的相关工作制度和机制,组织开展文明实践活动,促进文明行为习惯养成。


第二十四条  市、县(区)精神文明建设工作机构会同市、县(区)人民政府及其有关部门,可以设立不文明行为曝光平台,曝光不文明行为应当遵守法律法规的规定,不得侵害当事人的合法权益。


第二十五条  市、县(区)精神文明建设工作机构,市、县(区)人民政府及其有关部门可以聘请文明行为义务协管员、监督员,协助做好文明行为宣传教育、公共秩序维护和不文明行为制止等工作。


第二十六条  市、县(区)人民政府及其有关部门应当建立不文明行为举报、投诉、处理制度。有关部门应当向社会公布举报方式和途径,及时受理和查处不文明行为,并将处理结果告知举报人,对举报人的身份信息等应当予以保密。


第二十七条  市、县(区)人民政府及其有关部门应当建立文明行为记录制度,将受到行政处罚的不文明行为纳入本地公共信用信息平台。


第二十八条  国家机关、人民团体、企业事业单位及其他组织应当积极响应文明单位创建,突出政治引领、弘扬主流价值、推进道德建设、强化为民服务、履行社会职责、建设优美环境,支持新时代文明实践工作开展,建立健全志愿服务工作机制和队伍,广泛参与文明城市创建活动。


第二十九条  新闻媒体应当通过报道道德模范、身边好人先进模范事迹的方式,强化先进模范的精神引领、典型示范。刊播公益广告,加强文明行为促进工作的宣传,对不文明行为实施舆论监督。车站、广场、街道等公共场所和公共交通工具具备相应条件的,应当按照规定刊播公益广告。


第三十条  在公共场所、公共交通工具内实施不文明行为的,经营者、管理者和服务者应当进行劝阻、制止,不听劝阻或者制止无效的,应当及时报告有关部门。


第三十一条  学校应当采取下列措施,加强文明校园建设,保障学生健康成长:

(一)坚持立德树人,培育优良校风、学风;

(二)加强中华优秀文化传承教育,加强学生文明行为养成教育、礼仪礼节教育和心理健康教育;

(三)完善校园文化设施,开展形式多样的校园文化活动,培育健康向上的校园文化;

(四)净化、绿化、美化校园环境,建设美丽校园;

(五)加强法治宣传教育,防止校园欺凌,建设安全文明校园;

(六)法律法规规定的其他措施。


第三十二条  任何组织和个人有权对文明行为促进工作提出意见和建议,对不文明行为予以批评、劝阻、投诉、举报,对有关单位及其工作人员的履行职责情况依法进行监督。


第四章  法律责任

第三十三条  违反本条例规定,实施不文明行为,法律法规已有处罚规定的,从其规定。


第三十四条 违反本条例规定,实施不文明行为,情节恶劣的,有关部门在依法给予行政处罚的同时,可以将行政处罚决定书抄送行政相对人所在单位或者村(居)民委员会。


第三十五条 违反本条例规定,实施不文明行为,当事人主动消除或者减轻违法行为危害后果的,应当依法从轻或者减轻行政处罚;违法行为轻微并及时改正,没有造成危害后果的,不予行政处罚。对违法行为依法不予行政处罚的,行政机关应当对当事人进行教育。


第三十六条 国家机关及其工作人员在文明行为促进工作中不履行或者不正确履行职责的,由其所在单位或者上级主管部门责令改正,并视情节轻重,对负有责任的主管人员和直接责任人员依法给予处分。


第五章 附则

第三十七条  本条例自公布之日起施行。



ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

〔2024〕ཡིག་ཨང་9པ།


<<ནག་ཆུ་གྲོང་ཁྱེར་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་སྲོལ་ཡིག>>དེ་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔའི་ཐོག་2024ལོའི་ཟླ་8ཚེས་27ཉིན་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པས་2024ལོའི་ཟླ་9ཚེས་26ཉིན་ཆོག་མཆན་སྤྲད་པ་བརྒྱུད་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་དང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།


ཆེད་དོན་སྤྱི་བསྒྲགས།



ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

2024ལོའི་ཟླ་9ཚེས་30ཉིན་ལ།

<<ནག་ཆུ་གྲོང་ཁྱེར་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་སྲོལ་ཡིག>>ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།


(2024ལོའི་ཟླ་9ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས<<ནག་ཆུ་གྲོང་ཁྱེར་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་སྲོལ་ཡིག>>ལ་ཆོག་མཆན་སྤྲད་དེ་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱེད་རྒྱུའི་གཏན་འབེབས་བྱས་པ།


ནག་ཆུ་གྲོང་ཁྱེར་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་སྲོལ་ཡིག



向上滑动阅览

ནག་ཆུ་གྲོང་ཁྱེར་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་སྲོལ་ཡིག

 

(2024ལོའི་ཟླ་8ཚེས་27ཉིན་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔའི་ཐོག་གྲོས་འཆམ་བྱུང་བ་དང་། 2024ལོའི་ཟླ་9ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་ཆོག་མཆན་སྤྲད་པ)

དཀར་ཆག

ལེའུ་དང་པོ།     སྤྱིའི་རྩ་འཛིན།

ལེའུ་གཉིས་པ།   ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཚད་གཞི།

ལེའུ་གསུམ་པ།   ལག་བསྟར་དང་ལྟ་སྐུལ།

ལེའུ་བཞི་པ།     བཅའ་ཁྲིམས་འགན་འཁྲི།

ལེའུ་ལྔ་པ།      ཞར་བྱུང་།


ལེའུ་དང་པོ།   སྤྱིའི་རྩ་འཛིན།

དོན་ཚན་དང་པོ། ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱ་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རང་རེའི་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།


དོན་ཚན་གཉིས་པ། རང་རེའི་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཀྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀར་སྲོལ་ཡིག་འདི་སྤྱད་གོ་ཆོད་ཐུབ། 

སྲོལ་ཡིག་འདིའི་ནང་བརྗོད་པའི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཅེས་པ་ནི་རྩ་ཁྲིམས་དང་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཚད་གཞི་དང་མཐུན་པ། སྤྱི་སྒྲིག་སྲོལ་བཟང་སྲུང་སྐྱོང་། སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དུས་རབས་གསར་པའི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་ཟེར།


དོན་ཚན་གསུམ་པ། ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀ་དར་སྤེལ་དང་བཅོས་སྐྱོང་ཟུང་འབྲེལ་དང་། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་འབྲེལ། བྱ་དགའ་སྤྲོད་པ་དང་ཆད་གཅོད་བསླབ་འདོམས་ཟུང་འབྲེལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་ དང་། སྲིད་གཞུང་གིས་སྒྲིག་འཛུགས་ལག་བསྟར། སྡེ་ཚན་ཁག་གིས་རང་འགན་རང་འཁུར། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱས་ནས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་ཡུན་ཕན་ལམ་སྲོལ་ཆགས་པར་བྱེད་དགོས།


དོན་ཚན་བཞི་པ། གྲོང་ཁྱེར་དང་རྫོང་(ཆུས)གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཚན་པས་སྲིད་འཛིན་ས་ཁོངས་དེ་གའི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པ། ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀའི་བྱེད་ཐབས་ཁག་ཞིབ་འཇུག་དང་གཏན་འབེབས་བྱེད་པ། མཛུབ་ཁྲིད་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་དང་དཔྱད་དཔོག་དཔྱད་ཞིབ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་རྒྱུ་སྟེ།

(གཅིག) ཤེས་དཔལ་ལྡན་པའི་གྲོང་ཁྱེར་དང་། ཤེས་དཔལ་ལྡན་པའི་སྡེ་ཚན། ཤེས་དཔལ་ལྡན་པའི་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ལྡན་པའི་ཁྱིམ་ཚང་། ཤེས་དཔལ་ལྡན་པའི་སློབ་གྲྭ་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་གཏོད་ཀྱི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་པ།

 (གཉིས) ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལ་བསྟོད་བསྔགས་དང་། བྱ་དགའ། རོགས་སྐྱོར་བཅས་བྱེད་པའི་ལམ་ལུགས་འཛུགས་པ། ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་། ཡོ་བསྲང་། བཀག་འགོག་བཅས་བྱེད་པ།

(གསུམ) དུས་བཀག་ལྟར་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་སྤེལ་ཚུལ་ལ་སྤྱི་ཚོགས་ཀྱི་བརྟག་དཔྱད་བྱས་ཏེ་དམངས་ཀྱི་འདོད་བློ་བསྡུ་རུབ་དང་ཚད་ལེན་དཔྱད་བསྡུར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་མ་ཟད། དུས་ཐོག་ཏུ་སྤྱི་ཚོགས་ལ་ཚད་ལེན་དཔྱད་བསྡུར་བྱས་འབྲས་ཁྱབ་བསྒྲགས་བྱེད་པ།

 (བཞི) བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ལས་ཀ་གཞན་དག་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་བཅས་ཡིན།


དོན་ཚན་ལྔ་པ། གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་གིས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད་ནང་འཇུག་དགོས་པ་དང་། དེར་མཁོ་བའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀ་དེ་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་དོན་ལེགས་པར་སྒྲུབ་དགོས།

ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་གིས་རང་ཁོངས་ས་ཁུལ་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་དོན་ལེགས་པར་སྒྲུབ་དགོས།

གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་གིས་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་དྲིལ་བསྒྲགས་དང་། སློབ་གསོ། ཁྲིད་སྟོན་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཡུལ་མི(གྲོང་མི)སྒྲིག་འཛུགས་བྱས་ནས་ཁྲིམས་ལུགས་གཞིར་བཟུང་ཡུལ་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་བཟོ་བ་དང་ལག་བསྟར་བྱས་ཏེ་ཡ་རབས་ལྡན་པའི་གྲོང་སྲོལ་གཏོད་དགོས།


དོན་ཚན་དྲུག་པ། ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།

རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་ཚོགས་པ། རྩ་འཛུགས་གཞན་དག་དེ་བཞིན་སྤྱི་དམངས་བཅས་ཀྱིས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀར་རྒྱབ་སྐྱོར་དང་དེའི་ནང་ཞུགས་དགོས།

རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། སྔོན་ཐོན་དཔེ་བཟང་མི་སྣ། སློབ་གསོའི་ལས་ཀ་བྱེད་མཁན། དང་བླངས་པ། སྤྱི་ཚོགས་ཀྱི་སྤྱི་གྲགས་མི་སྣ། སྐར་ཁུང་ཞབས་ཞུའི་མི་སྣ་སོགས་ཀྱིས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀའི་ཁྲོད་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས།


ལེའུ་གཉིས་པ།  ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཚད་གཞི།

དོན་ཚན་བདུན་པ། སྤྱི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མོས་པ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས། བཅའ་ཁྲིམས་ཁྲིམས་སྲོལ་དང་། སྤྱི་སྒྲིག་སྲོལ་བཟང་། ཡ་རབས་ཚུལ་ལྡན་གྱི་སྤྱི་ཆིངས་དེ་བཞིན་ཡ་རབས་བྱ་སྤྱོད་ཚད་གཞི་གཞན་དག་རང་རྟོགས་ཀྱིས་བརྩི་སྲུང་ཞུ་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་ཀུན་སྤྱོད་བཅས་བརྩི་སྲུང་ཞུས་ནས་མི་སྒེར་གྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་དགོས།


དོན་ཚན་བརྒྱད་པ། སྤྱི་དམངས་ཀྱིས་གཤམ་གྱི་མི་ཚོགས་འདུ་སར་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) མི་རིགས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་མི་བཤད་པ་དང་། མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་བ་མི་སྒྲུབ་པ།  མི་ཚང་མས་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་མཁན་བྱེད་པ།

 (གཉིས) གྱོན་ཆས་གཙང་ཞིང་གྲལ་འགྲིག་པ་དང་། གཏམ་སྤྱོད་ཚུལ་ལྡན་ཡིན་པ། སྐད་ཅོར་མི་རྒྱག་པ། ཁ་རྩོད་དང་འཕྱ་སྨོད་མི་བྱེད་པ། སྐད་ཆ་བཙོག་པ་མི་བཤད་པ། མེ་འཁོར་འབབ་ཚུགས་དང་ཐག་རིང་འགྲུལ་སྐྱེལ་ས་ཚིགས་སོགས་སུ་འགྲུལ་པ་རག་ཐབས་མི་བྱེད་པ།

(གསུམ) ཞབས་ཞུ་སྒུག་སྐབས་རང་རྟོགས་ཀྱིས་རིམ་པ་ལྟར་གྲལ་སྒྲིག་དགོས་པ་དང་། གློག་སྐས་ལ་འཛེག་སྐབས་སྔོན་ལ་མར་དོན་པ་དང་དེ་རྗེས་ཡར་འཛུལ་དགོས། རིམ་ལྡན་ངང་རང་འགུལ་གློག་སྐས་ལག་འཇུ་ཅན་ལ་སྡོད་པ།  ཐེམ་སྐས་ཡར་འཛེག་མར་འབབ་བྱེད་སྐབས་གཞོགས་གཡས་ནས་འགྲོ་བ།

(བཞི) ཐང་ཆེན་ཞབས་བྲོ་དང་། རིག་རྩལ་འཁྲབ་སྟོན། ལུས་རྩལ་སྦྱོང་བརྡར་བཅས་དང་དེ་བཞིན་མང་ཚོགས་རང་བཞིན་གྱི་བྱེད་སྒོ་གཞན་དག་སྤེལ་སྐབས་བྱེད་སྒོའི་གཏན་འབེབས་ལ་བརྩི་སྲུང་དང་། ཡུལ་དངོས་ཀྱི་དོ་དམ་ལ་བརྩི་སྲུང་། འབྲེལ་ཡོད་བྱེད་སྒོའི་སྒྲིག་བཀོད་ཀྱི་སྒྲ་གདངས་ཚོད་འཛིན་ཡག་པོ་བཅས་བྱས་ཏེ་མི་གཞན་གྱི་རྒྱུན་ལྡན་གྱི་འཚོ་བ་དང་། སློབ་སྦྱོང་། ལས་ཀ་བཅས་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་པ།

(ལྔ) སྤྱི་པའི་སྒྲིག་བཀོད་ལ་གཅེས་སྐྱོང་དང་། ལྕགས་ཁྲ་སོགས་ཀྱི་སྒྲིག་བཀོད་ལ་མི་འཛེག་པ་དང་མི་བརྒལ་བ། སྤྱི་པའི་རྐུབ་སྟེགས་དང་སྒྲིག་བཀོད་གཞན་དག་བེད་སྤྱོད་ལུགས་མཐུན་བྱེད་པ། 

(དྲུག) གློ་བུར་དུ་ཐོན་པའི་དོན་རྐྱེན་འཕྲད་སྐབས་ལས་ཡུལ་དངོས་ཀྱི་བཀོད་འདོམས་ལ་ཉན་པ་དང་བབ་བསྟུན་ཐག་གཅོད་བྱེད་པར་གཞོགས་འདེགས་བྱེད་དགོས་པ་ལས་མུན་འཐོམས་ཀྱིས་འདུ་འཛོམས་མི་བྱེད་པ་དང་། ལྟད་མོ་མི་ལྟ་བ།  དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་འགྲེམས་སྤེལ་མི་བྱེད་པ།

(བདུན) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་མི་མང་འདུ་འཛོམས་ཀྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཚད་གཞི་གཞན་དག་བཅས་ཡིན།


དོན་ཚན་དགུ་པ། སྤྱི་དམངས་ཀྱིས་གཤམ་གྱི་སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) རྒྱལ་གཅེས་འཕྲོད་བསྟེན་གཙང་སྦྲའི་ལས་འགུལ་ནང་ཧུར་ཐག་ཞུགས་ནས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་ལ་གཅེས་སྤྲས་དང་། གྲོང་ཁྱེར་གྱི་རྣམ་པ་གཙང་ཞིང་གྲལ་འགྲིག་པོ་ཡོང་བ་སྲུང་སྐྱོང་། གད་སྙིགས་རིགས་དབྱེའི་གཏན་འབེབས་ལ་བརྩི་སྲུང་ནན་པོ་བཅས་བྱས་ཏེ་དམིགས་འཛུགས་བྱས་པའི་ས་ཆར་གད་སྙིགས་རིགས་དབྱེ་ནས་གཡུགས་པ་ལས་གད་སྙིགས་དང་ཟོག་རོ་གང་བྱུང་དུ་མི་གཡུགས་པ་བྱས་ནས། གང་སར་ཁ་ལུད་མི་འཕེན་པ་དང་སྐྱག་གཅིན་མི་གཏོང་བ་བཅས་བྱེད་པ།

(གཉིས) འབྲི་གཡག་སོགས་སྒོ་ཕྱུགས་དང་ཁྱིམ་བྱ་འཛུགས་སྐྲུན་ཁུལ་གྱི་ཁྲོམ་གཞུང་དུ་འགྲོ་མི་ཆོག་པ།

(གསུམ) ཐ་མག་འཐེན་མི་ཆོག་པའི་གནས་སུ་ཐ་མག་མི་འཐེན་པ་དང་། ཐ་མག་འཐེན་ཆོག་པའི་གནས་སུ་ཐ་མག་འཐེན་སྐབས་མི་གཞན་ལས་གཡོལ་ཐབས་བྱེད་པ།

(བཞི) རིམས་ནད་འགོག་བཅོས་ཀྱི་འབྲེལ་ཡོད་འོས་འགན་སྒྲུབ་པ་དང་། རང་འགུལ་གྱིས་སྔོན་འགོག་དང་ཚོད་འཛིན་དང་དེ་བཞིན་བབ་བསྟུན་བྱེད་ཐབས་ལག་བསྟར་བྱེད་པར་གཞོགས་འདེགས་བྱས་ནས་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་པ།

(ལྔ) ཤིང་སྡོང་དང་། ས་ངོས། འཛུགས་སྐྲུན(བཟོ་བཀོད)དངོས་པོ་དང་སྤྱི་པའི་སྒྲིག་བཀོད་གཞན་དག་ཐོག་གང་བྱུང་དུ་རི་མོ་འབྲི་མི་ཆོག་པ་དང་ཤོག་བུ་གང་བྱུང་དུ་སྦྱར་མི་ཆོག  གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན

(བཟོ་བཀོད)དངོས་པོའི་ཁྲོམ་གཞུང་དང་ཐག་ཉེ་སའི་གྱང་ངོས་སུ་གྱོན་ཆས་སྐམ་མི་ཆོག་པ་དང་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་བཟོས་པའི་དངོས་རྫས་བཀལ་མི་ཆོག

(དྲུག) ཆུ་བོ་དང་། ཆུ་མཛོད། རྫིང་བུ་སོགས་ཀྱི་ཆུ་གཟུགས་དང་དེའི་འགྲམ་རྒྱུད་དུ་བེད་མེད་དངོས་རོ་དང་། ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་བསྐྱུར་མི་ཆོག

(བདུན) བཀག་སྡོམ་ས་ཁོངས་ནང་མཐོངས་ཡངས་སྲེག་ཟས་མི་བྱེད་པ་དང་། ཤོག་སྙིགས་དང་གད་སྙིགས་སམ་ཡང་ན་བེད་མེད་དངོས་རོ་གཞན་དག་སྲེག་མི་ཆོག

(བརྒྱད) གཏན་འབེབས་ལྟར་ཤོག་སྦག་སྤར་བ།

(དགུ) ཡ་རབས་ཚུལ་ལྡན་གྱི་སྒོ་ནས་ཆབ་གསང་གནང་ནས་སྤྱི་པའི་གསང་སྤྱོད་ཀྱི་གཙང་སྦྲ་འཕྲོད་བསྟེན་རྒྱུན་འཁྱོངས་བྱེད་པ།

(བཅུ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཚད་གཞི་གཞན་དག་བཅས་ཡིན།


དོན་ཚན་བཅུ་པ། སྤྱི་དམངས་ཀྱིས་གཤམ་གྱི་ཡ་རབས་ཚུལ་ལྡན་གྱི་འཚོ་བའི་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) ཡ་རབས་ཚུལ་ལྡན་ངང་ཟ་མ་ཟ་བ་དང་། སྤྱི་ཐུར་དང་སྤྱི་ཁེམ་སྤྱོད་པ། དུག་སེལ་གསོལ་ཆས་སྤྱོད་རྒྱུ་དར་སྤེལ་གཏོང་བ་དང་། ཆང་རག་བཞེས་པར་མ་སྐུལ་པ་དང་ཆང་རག་བག་མེད་དུ་མི་བཏུང་བ།  འབྲུ་རིགས་དང་ཟས་རིགས་འཕྲོ་བརླག་མི་གཏོང་བ་བཅས་བྱེད་པ།

(གཉིས) གློ་རྒྱག་པ་དང་དང་ཧབ་ཆི་རྒྱག་སྐབས་ཁ་སྣ་བཀབ་ནས་རིམས་ནད་རང་བཞིན་གྱི་ཆམ་པ་ཕོག་པ་སོགས་ཀྱི་འགོས་ནད་གྱི་དབུགས་ལམ་གྱི་ནད་ཕོག་སྐབས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་རྒྱག་པ།

(གསུམ) གཅེས་ཉར་སྲོག་ཆགས་གསོ་ཚགས་བྱེད་པའི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་དུས་བཀག་ལྟར་གཅེས་ཉར་སྲོག་ཆགས་ལ་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་དང་རིགས་འགོག་སྨན་ཁབ་གཞན་དག་རྒྱག་དགོས་པ་དང་། གཅེས་ཉར་སྲོག་ཆགས་མནར་གཅོད་མི་གཏོང་བ་དང་མི་བསྐྱུར་བ། གཅེས་ཉར་སྲོག་ཆགས་ཕྱི་ལ་འཁྲིད་སྐབས་འབྲེལ་ཐག་འཐེན་པའམ་གཅུན་སྡོམ་གྱི་བྱེད་ཐབས་གཞན་དག་སྤྱད་དེ་རང་འགུལ་གྱིས་མི་གཞན་གཟུར་གཡོལ་བྱེད་དགོས་པ་དང་། གཅེས་ཉར་སྲོག་ཆགས་ཀྱི་སྐྱག་གཅིན་དུས་ཐོག་ཏུ་གཙང་བཤེར་བྱེད་པ།

(བཞི) འཆལ་རྒྱན་དུག་གསུམ་དང་། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད། ལོག་ཆོས་སོགས་ཀྱི་བྱེད་སྒོ་བཀག་འགོག་བྱེད་པ།

(ལྔ) ཐཱན་ཉུང་འཚོ་བ་དང་འབྱུང་འཕྲོད་ཕྱིར་སྐྱོད་བྱས་ནས། སྣུམ་དང་། ཆུ། གློག རླངས་སོགས་སྤྱི་པའི་ཐོན་ཁུངས་གྲོན་ཆུང་བྱས་ཏེ། རྐང་ཐང་ངམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བསྡད་ནས་ཕྱིར་སྐྱོད་བྱེད་རྒྱུ་སྔོན་ལ་གདམ་ག་བྱེད་པ།

(དྲུག) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཡ་རབས་ཚུལ་ལྡན་གྱི་འཚོ་བའི་བྱ་སྤྱོད་ཚད་གཞི་གཞན་དག་བཅས་ཡིན།


དོན་ཚན་བཅུ་གཅིག་པ། སྤྱི་དམངས་ཀྱིས་གཤམ་གྱི་ཡ་རབས་ཚུལ་ལྡན་ངང་ཕྱིར་སྐྱོད་པའི་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) རླངས་འཁོར་གཏོང་སྐབས་ཛ་དྲག་ཆེ་བའི་ལས་འགན་སྒྲུབ་མཁན་གྱི་ཉེན་རྟོག་རླངས་འཁོར་དང་། མེ་གསོད་རླངས་འཁོར། སྨན་བཅོས་སྲོག་སྐྱོབ་རླངས་འཁོར། ལས་གྲྭའི་ཉེན་སྐྱོབ་རླངས་འཁོར། དེ་བཞིན་ཛ་དྲག་ཆེ་བའི་གནས་ཚུལ་ཡོད་པའི་རླངས་འཁོར་གཞན་དག་བཅས་སྔོན་ལ་གཏོང་དགོས་པ་དང་། དམག་མིའི་རླངས་འཁོར་དང་སློབ་གྲྭའི་རླངས་འཁོར་ཡང་སྔོན་ལ་གཏོང་དགོས། འཕྲེད་བཅད་རྐང་ལམ་བརྒྱུད་སྐབས་རྐང་ཐང་བར་གུས་ཞབས་ལྡན་པའི་སྒོ་ནས་སྔོན་ལ་གཏོང་བ་དང་། ཆུ་འཁྱིལ་བའི་ལམ་དུམ་བརྒྱུད་སྐབས་འཁོར་རིགས་ཀྱི་མྱུར་ཚད་དལ་དུ་གཏོང་བ། རང་དགར་འགྲོ་ལམ་བསྒྱུར་བ་དང་། རླངས་འཁོར་མདུན་མ་ལས་བརྒལ་བ། རླངས་འཁོར་འཇོག་པ་བཅས་མི་བྱེད་པ་དང་། རླངས་འཁོར་གཏོང་སྐབས་ལག་ཁྱེར་ཁ་པར་མི་ལེན་པ་དང་བརྙན་ལམ་མི་ལྟ་བ། རླངས་འཁོར་གྱི་ཕྱི་རོལ་དུ་དངོས་རྫས་མི་གཏོར་བ་བཅས་བྱེད་པ།

(གཉིས) འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་གཏན་འབེབས་ལྟར་གོ་རིམ་ལྡན་པའི་ངང་འཇོག་དགོས་པ་དང་། ལོང་བའི་འགྲོ་ལམ་དང་། རྐང་ཐང་འགྲོ་ལམ། མེ་གསོད་མེ་འགོག སྨན་བཅོས་མྱུར་སྐྱོབ་སོགས་ཀྱི་འགྲོ་ལམ་བཟུང་སྤྱོད་མི་བྱེད་པ།

 (གསུམ) སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་ཁ་ལོ་བས་བདེ་འཇགས་ངང་རླངས་འཁོར་གཏོང་བར་འགལ་རྐྱེན་མི་བཟོ་བ་དང་། གོ་རིམ་ལྡན་པའི་སྒོ་ནས་རླངས་འཁོར་ཡར་འཛུལ་མར་འབབ་བྱེད་པ། སྡོད་གནས་འཕྲོག་རེས་དང་བཙན་བཟུང་མི་བྱེད་པ། རང་འགུལ་གྱིས་རྒན་རྒོན་དང་། ཉམ་ཞན། ནད་ཕོག་པ། དབང་པོ་སྐྱོན་ཅན། མངལ་ཆགས་པ། བྱིས་པ་སོགས་དགོས་མཁོ་ཡོད་པའི་འགྲུལ་པར་སྡོད་ས་སྤྲོད་དགོས་པ་ལས་དམིགས་བསལ་གྱི་དྲི་མ་ལྡན་པའམ་ཟུག་གཟེར་རང་བཞིན་གྱི་དྲི་མ་ལྡན་པའི་བཟའ་བཅའ་མི་ཟ་བ།

(བཞི) འཕྲུལ་སྒུལ་མིན་པའི་འཁོར་རིགས་བཏང་ནས་གཞུང་ལམ་ཐོག་བསྐྱོད་སྐབས་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་ཞུ་དགོས་པ་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འགྲོ་ལམ་མེད་ཚེ་རླངས་འཁོར་འགྲོ་ལམ་གྱི་གཞོགས་གཡས་ངོས་ནས་བསྐྱོད་དགོས།

(ལྔ) འཁོར་རིགས་ཀྱི་ཁ་ལོ་བ་དང་རླངས་འཁོར་ལ་སྡོད་མཁན་རླངས་འཁོར་ལས་འབབ་སྐབས་རླངས་འཁོར་གྱི་གཞོགས་ངོས་དང་རྒྱབ་ཕྱོགས་ཀྱི་འགྲོ་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་མི་གཞན་འགྲོ་སྐྱོད་བྱེད་པར་འགོག་རྐྱེན་མི་བཟོ་བ་དང་། རང་དགར་གཞུང་ལམ་འཕྲེད་བཅད་མི་གཏོང་བ་དང་ལམ་ངོས་ལོགས་དབྱེའི་སྒྲིག་བཀོད་ལས་མི་བརྒལ་བ།

(དྲུག) རྐང་ཐང་བ་ལམ་མདོ་བརྒྱུད་པའམ་ཡང་ན་གཞུང་ལམ་འཕྲེད་བརྒལ་བྱེད་སྐབས། འཕྲེད་བཅད་རྐང་ལམ་མམ་ཡང་ན་ལམ་སྒྲོལ་སྒྲིག་བཀོད་ནས་འགྲོ་དགོས། འགྲིམ་འགྲུལ་བརྡ་རྟགས་ཡོད་པའི་འཕྲེད་བཅད་རྐང་ལམ་འགྲོ་སྐབས་འགྲིམ་འགྲུལ་བརྡ་རྟགས་ཀྱི་མཛུབ་སྟོན་ལྟར་ཤར་བགྲོད་བྱེད་དགོས་པ་དང་། འགྲིམ་འགྲུལ་བརྡ་རྟགས་མེད་པའི་འཕྲེད་བཅད་རྐང་ལམ་མམ་ཡང་ན་ལམ་སྒྲོལ་སྒྲིག་བཀོད་མེད་པའི་འགྲོ་ལམ་ནས་བསྐྱོད་སྐབས་བདེ་འཇགས་ཡིན་པ་གཏན་འཁེལ་བྱས་རྗེས་གཞི་ནས་ཤར་བགྲོད་བྱེད་དགོས་པ་ལས། རང་སོར་མི་སྡོད་པ་དང་། རྩེད་མོ་མི་རྩེ་བ། རང་དགར་གཞུང་ལམ་འཕྲེད་བརྒལ་མི་བྱེད་པ་དང་ལམ་ངོས་ལོགས་དབྱེའི་སྒྲིག་བཀོད་མི་བརྒལ་བ་བཅས་བྱེད་དགོས་པ་དང་། རླངས་འཁོར་གྱིས་གུས་ཞབས་ངང་ཟུར་གཡོལ་བྱས་རྗེས་མྱུར་དུ་བདེ་འཇགས་ངང་ཤར་བགྲོད་བྱེད་པ།

(བདུན) མཉམ་སྤྱོད་འགྲིམ་འགྲུལ་ཡོ་བྱད་དང་འབྲེལ་ཡོད་སྒྲིག་བཀོད་བེད་སྤྱོད་བྱེད་སྐབས་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་དང་། རླངས་འཁོར་དང་སྒྲིག་བཀོད་ལ་གཅེས་སྐྱོང་བྱེད་དགོས་པ་དང་བེད་སྤྱོད་བྱས་རྗེས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཇོག་པ།

(བརྒྱད) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཡ་རབས་ཚུལ་ལྡན་གྱི་ཕྱིར་སྐྱོད་བྱ་སྤྱོད་གཞན་དག་གི་ཚད་གཞི་བཅས་ཡིན།


དོན་ཚན་བཅུ་གཉིས་པ། སྤྱི་དམངས་ཀྱིས་གཤམ་གྱི་ཡ་རབས་ཚུལ་ལྡན་གྱི་ཡུལ་སྐོར་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་སྲོལ་རྒྱུན། ཆོས་ལུགས་དད་མོས་བཅས་ལ་བརྩི་འཇོག་བྱེད་པ།

(གཉིས) དཔའ་བོ་མི་སྣར་བརྩི་འཇོག་དང་། དཔའ་བོ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་བཀོད་སྲུང་སྐྱོང་། དཔའ་བོ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་བཀོད་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་ཀྱི་གནས་ཡུལ་གདུང་མཇལ་དང་། མཆོད་འབུལ་བྱེད་པ། ལྟ་སྐོར་བྱེད་པ། འབྲེལ་ཡོད་ལམ་ལུགས་དང་གུས་སྲོལ་ཚད་ལྡན་བརྩི་སྲུང་། བརྗིད་ཉམས་ལྡན་ཞིང་གཟབ་ནན་ཡིན་པའི་ངང་ཚུལ་རང་རྟོགས་ཀྱིས་སྲུང་སྐྱོང་བཅས་བྱེད་པ།

(གསུམ) རིག་གནས་ཤུལ་དངོས་དང་གནའ་ཤུལ་ལ་གཅེས་སྤྲས་བྱས་ནས་རིག་གནས་ཤུལ་དངོས་ལ་འཛེག་པ་དང་རེག་པ་མི་བྱེད་པ་དང་། གང་བྱུང་དུ་རི་མོ་མི་འབྲི་བ། པར་ལེན་བྱེད་སྐབས་འབྲེལ་ཡོད་ཀྱི་གཏན་འབེབས་བརྩི་སྲུང་ཞུ་དགོས་པ། 

(བཞི) མཛེས་ལྗོངས་ཁུལ་དུ་ཁྲིད་སྟོན་དང་དོ་དམ་ལ་བརྩི་སྲུང་ཞུས་ནས་མིའི་ལུས་ཁམས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་མི་སྤེལ་བ།

(ལྔ) མཛེས་ལྗོངས་ཁུལ་གྱི་བྱེས་སྐྱེས་རྩི་ཤིང་མི་འཐུ་བ་དང་སྔོག་འདོན་མི་བྱེད་པ། བྱེས་སྐྱེས་སྲོག་ཆགས་རྗེས་འདེད་དང་། འཛིན་བཟུང་། རྡུང་རྡེག་གཏོང་བ། གང་བྱུང་དུ་གསོ་བ་བཅས་མི་བྱེད་པ།

(དྲུག) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཡ་རབས་ཚུལ་ལྡན་གྱི་ཡུལ་སྐོར་བྱ་སྤྱོད་ཚད་གཞི་གཞན་དག་བཅས་ཡིན།


དོན་ཚན་བཅུ་གསུམ་པ། སྤྱི་དམངས་ཀྱིས་གཤམ་གྱི་ཡ་རབས་ཚུལ་ལྡན་གྱི་སྨན་པ་བསྟེན་པའི་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) སྨན་བཅོས་མི་སྣ་དང་གསོ་རིག་གི་ཆོས་ཉིད་ལ་བརྩི་འཇོག་དང་། སྨན་བཅོས་སྒྲིག་ལམ་ལ་བརྩི་སྲུང་། ནད་བརྟག་སྨན་བཅོས་བྱེད་གནས་གཙང་ཞིང་གྲལ་འགྲིག་པ་དང་ལྷིང་འཇགས་ཡོང་བ་རྒྱུན་འཁྱོངས་བཅས་བྱེད་པ།

(གཉིས) མི་གཞན་གྱི་གསང་དོན་ལ་བརྩི་འཇོག་དང་སྨན་པ་བསྟེན་པའི་བར་ཐག་རྒྱུན་འཁྱོངས་བྱས་ནས་སྨན་བཅོས་མི་སྣས་མི་གཞན་ལ་ནད་བརྟག་སྨན་བཅོས་བྱེད་པར་ཤུགས་རྐྱེན་མི་ཐེབས་པ་བྱེད་པ།

(གསུམ) ནད་བརྟག་སྨན་བཅོས་ཞབས་ཞུའི་ལམ་ལུགས་ཁག་བརྩི་སྲུང་དང་། སྨན་དོན་མི་སྣའི་ལས་ཀར་བརྩི་འཇོག་དང་གཞོགས་འདེགས་བྱས་ཏེ་ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་ནས་སྨན་བཅོས་རྩོད་གཞི་ཐག་གཅོད་བྱེད་པ།

(བཞི) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཡ་རབས་ཚུལ་ལྡན་གྱི་སྨན་བཅོས་བྱ་སྤྱོད་ཀྱི་ཚད་གཞི་གཞན་དག་བཅས་ཡིན།


དོན་ཚན་བཅུ་བཞི་པ། སྤྱི་དམངས་ཀྱིས་གཤམ་གྱི་དམག་བཀུར་དང་ཁྱིམ་མིར་གཟིགས་སྐྱོང་གི་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) དམག་བཀུར་དང་ཁྱིམ་མིར་གཟིགས་སྐྱོང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་སྔོན་གཤེགས་དཔའ་བོའི་ནང་མི་དང་། གཞུང་དོན་དུ་རང་སྲོག་བློས་བཏང་བའི་དམག་མིའི་ནང་མི། དབང་པོ་སྐྱོན་ཅན་གྱི་དམག་མི། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ལ་གཅེས་སྐྱོང་བྱེད་པ།

(གཉིས) དམག་མི་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། བྱས་རྗེས་ཅན་གྱི་དཔེ་བཟང་བཅས་ལ་བརྩི་འཇོག་དང་དྲིལ་བསྒྲགས་བྱེད་པ།

(གསུམ) དམག་མི་དང་དེའི་ཁྱིམ་མིར་བརྩི་འཇོག་དང་གཅེས་སྐྱོང་བྱེད་པ།

(བཞི) དམག་མི(དམག་མིའི་ཁྱིམ་མི)དང་དེ་བཞིན་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ལ་ཁྲིམས་ལྟར་སྔོན་ལ་རྒྱབ་སྐྱོར་བྱེད་པ།

(ལྔ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་དམག་བཀུར་དང་ཁྱིམ་མིར་གཟིགས་སྐྱོང་གི་བྱ་སྤྱོད་ཀྱི་ཚད་གཞི་གཞན་དག་བཅས་ཡིན།


དོན་ཚན་བཅོ་ལྔ་པ། སྤྱི་དམངས་ཀྱིས་གཤམ་གྱི་སྡེ་ཁུལ་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) འཛུགས་སྐྲུན(བཟོ་བཀོད)དངོས་པོ་ནས་ཕྱི་ལ་དངོས་རྫས་མི་འཕེན་པ་དང་། ཁྲིམས་འགལ་གྱིས་འཛུགས་སྐྲུན་མི་སྐྲུན་པ། སྤྱི་པའི་ས་ཆ་དང་། ཁ་འགྲེམ་བགྲོད་ལམ། ཉེན་མེད་ཐོན་སྒོ། མེ་གསོད་བགྲོད་ལམ། གེགས་མེད་སྒྲིག་བཀོད་སོགས་བཙན་བཟུང་མི་བྱེད་པ།

(གཉིས) སྡོད་ཁང་ཁུལ་ཆུང་དང་། སྒོ་ར། བར་ཁྱམས་སོགས་སྤྱི་པའི་ས་ཁོངས་སུ་དངོས་ཟོག་མི་སྤུངས་པ་དང་། སྤྱི་པའི་སྤང་ལྗོངས་བཟུང་སྤྱོད་མི་བྱེད་པ། སྤྱི་པའི་ས་ཁོངས་སོགས་སུ་ཁྱིམ་བྱ་དང་སྒོ་ཕྱུགས་མི་གསོ་བ།

(གསུམ) མཛེས་རྒྱན་སྤྲས་པ་དང་། འདུ་འཛོམས་གསོལ་སྟོན། ལུས་སྦྱོང་གླུ་གར་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་བྱེད་ཐབས་ནུས་ལྡན་སྤྱད་དེ་མི་གཞན་གྱི་རྒྱུན་ལྡན་འཚོ་བར་ཤུགས་རྐྱེན་མི་ཐེབས་པ།

(བཞི) གློག་སྒུལ་འཁོར་རིགས་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་གློག་སྒུལ་འཁོར་རིགས་གློག་སྐས་ནང་མི་འཛུལ་བ་དང་། ཨར་ལས་ནང་གི་མཉམ་སྤྱོད་འགྲོ་ལམ་དང་། སྐས་རིམ་བར་འཁྱམས། བདེ་འཇགས་ཕྱིར་གཏོང་ཁང་སོགས་སྤྱི་པའི་ས་ཁོངས་སུ་མི་འཇོག་པ། སྒེར་གྱིས་གློག་སྐུད་གང་བྱུང་དུ་འཐེན་ནས་གློག་སྒུལ་འཁོར་རིགས་ལ་གློག་མི་གསོག་པ།

(ལྔ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྡེ་ཁུལ་གྱི་བྱ་སྤྱོད་ཚད་གཞི་གཞན་དག་བཅས་ཡིན།


དོན་ཚན་བཅུ་དྲུག་པ། སྤྱི་དམངས་ཀྱིས་གཤམ་གྱི་དྲ་རྒྱའི་ཡ་རབས་ཚུལ་ལྡན་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག) མི་གཞན་གྱི་གསང་དོན་སྲུང་སྐྱོབ་དང་། དཔྱད་གཏམ་བརྗོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་གཏོང་བ།

(གཉིས) དྲ་རྒྱའི་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་། དྲ་རྒྱའི་བདེ་འཇགས་དང་དྲ་རྒྱའི་སྒྲིག་ལམ་སྲུང་སྐྱོང་། ཆ་འཕྲིན་རྫུན་མ་བཟོ་བ་དང་ཁྱབ་སྤེལ་མི་བྱེད་པ། ཆ་འཕྲིན་མི་ལེགས་པར་མི་ལྟ་བ་དང་བརྒྱུད་བསྐུར་མི་བྱེད་པ། རང་རྟོགས་ཀྱིས་རྒྱལ་ཕྱིའི་ཁྲིམས་འགལ་དྲ་རྒྱའི་ཚོགས་པ་བཀག་འགོག་བྱེད་པ།

(གསུམ) སྙད་གཙེར་ཁ་པར་མི་རྒྱག་པ་དང་སྙད་གཙེར་ཆ་འཕྲིན་མི་གཏོང་བ།

(བཞི) དཔའ་བོ་དང་དཔེ་བཟང་མི་སྣའི་གཟུགས་བརྙན་ལ་གནོད་པའི་གཏམ་མི་བརྗོད་པ།

(ལྔ) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་དྲ་རྒྱའི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་བདུན་པ། རང་རེའི་གྲོང་ཁྱེར་གྱིས་གཤམ་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་དར་སྤེལ་གཏོང་རྒྱུ་སྟེ།

(གཅིག) ཧུར་བརྩོན་གྲོན་ཆུང་གི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་། འཛད་སྤྱོད་ཀྱི་ལྟ་བ་ཡང་དག་འཛུགས་པ། ཧུར་བརྩོན་གྲོན་ཆུང་གི་འཛད་སྤྱོད་གོམས་གཤིས་ཆགས་པ། སྟབས་བདེ་འོས་འཚམ་དང་འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་བ།

 (གཉིས) གོམས་སྲོལ་བསྒྱུར་བ་དང་། གྲོན་ཆུང་གིས་བཀྲ་ཤིས་པའི་བྱ་བ་དང་གཤིན་པོའི་བྱ་བ་སྒྲུབ་པ། རྒྱས་སྤྲོས་རྒྱས་གཤོམ་མི་བྱེད་པ་དང་ཕན་ཚུན་བསྡུར་རེས་མི་བྱེད་པ།

(གསུམ) ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། དེ་བཞིན་ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱེད་པ།

(བཞི) གཞན་ཕན་སྒྲུབ་པར་དགའ་བ་དང་། དངུལ་རྙེད་ཀྱང་མི་རྐུང་བ་བྱེད་པ།

(ལྔ) ཚང་སྟོང་རྒན་རྒོན་དང་། རིག་རྟུལ་རྒན་རྒོན། གཞིས་སྲུང་བྱིས་པ། གཞིས་སྲུང་བུད་མེད། ཁེར་ཕྲུག་འདས་ཁྱིམ། དབང་པོ་སྐྱོན་ཅན་སོགས་སྤྱི་ཚོགས་ཀྱི་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ།

(དྲུག) གཉེར་སྐྱོང་བྱེད་སྒོ་སྤེལ་སྐབས་ཡིད་རྟོན་ཁྲིམས་སྲུང་དང་། རྣམ་འགྱུར་ཁེངས་ཆུང་གཤིས་འཇམ། གུས་ཞབས་སྣེ་ལེན་བྱེད་པ།

(བདུན) དཔལ་འབྱོར་ཁེ་ཕན་དམིགས་ཡུལ་དུ་འཛིན་ནས། སྤྱི་སྒྲིག་སྲོལ་བཟང་དང་ཡུལ་སྲོལ་དམངས་ཆིངས་དེ་བཞིན་ཡུལ་མིའི་སྤྱི་ཆིངས་རྒྱབ་འགལ་མི་བྱེད་པ།

(བརྒྱད)  དར་སྤེལ་གཏོང་དགོས་པའི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་གཞན་དག་བཅས་ཡིན།

དོན་ཚན་བཅོ་བརྒྱད་པ། རང་རེའི་གྲོང་ཁྱེར་གྱིས་གཤམ་གྱི་ཡ་རབས་ཚུལ་ལྡན་བྱ་སྤྱོད་ལ་བསྔགས་སྐུལ་བྱེད་རྒྱུ་སྟེ།

(གཅིག) ཁྲིམས་མཐུན་དང་འོས་འཚམ་གྱི་བྱེད་ཐབས་སྤྱད་དེ་རང་ངོས་ཀྱི་ནུས་པ་དང་མཐུན་པའི་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་སྤེལ་བ།

(གཉིས) དབུལ་སྐྱོར་དང་། དཀའ་ངལ་སེལ་བ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། རྒུད་སྐྱོབ་སོགས་དགེ་སྒྲུབ་སྤྱི་ཕན་གྱི་བྱེད་སྒོ་སྤེལ་བ།

(གསུམ) རང་མོས་ཀྱིས་ཁྲག་བཟོ་ཕྲ་ཕུང་ཨ་མ་དང་། སྐུ་ཕུང་། སྐུ་ཕུང་དབང་པོ་བཅས་ཞལ་འདེབས་སུ་ཕུལ་བ་དང་རིན་ཚབ་མི་དགོས་པར་ཁྲག་འབུལ་བ།

(བཞི) དང་བླངས་ཞབས་ཞུའི་རྩ་འཛུགས་སྣ་ཚོགས་ལ་ཞུགས་པ་དང་། སྣ་མང་རང་བཞིན་གྱི་དང་བླངས་ཞབས་ཞུ་ནང་ཐེ་ཞུགས་བྱེད་པ།

 (ལྔ) མྱུར་སྐྱོབ་ཀྱི་ནུས་རྩལ་ལྡན་པའི་སྤྱི་དམངས་ཀྱིས་མྱུར་སྐྱོབ་བྱེད་དགོས་པའི་མི་སྣར་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པ།

(དྲུག) བསྔགས་སྐུལ་བྱེད་དགོས་པའི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་གཞན་དག་བཅས་ཡིན།


ལེའུ་གསུམ་པ།  ལག་བསྟར་དང་ལྟ་སྐུལ།

དོན་ཚན་བཅུ་དགུ་པ། གྲོང་ཁྱེར་དང་རྫོང་(ཆུས)གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཚན་པས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོ་དང་། སྔོན་ཐོན་དཔེ་མཚོན་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྐབས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་དོན་དང་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་མཚོན་ཚུལ་དེ་འདེམས་སྒྲུག་ཆ་རྐྱེན་དང་དཔྱད་འདེམས་ཚད་གཞིའི་ནང་འཇུག་དགོས།


དོན་ཚན་ཉི་ཤུ་པ། གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་གིས་མི་མང་འདུ་འཛོམས་ཆེ་སར་འགྲེམས་སྟོན་དང་དྲན་གསོའི་སྒྲིག་བཀོད་བཙུགས་ནས་ཀུན་སྤྱོད་དཔེ་བཟང་དང་། ཉེ་འགྲམ་གྱི་མི་བཟང་། བདེན་པའི་རྒྱབ་ལངས་སོགས་དཔེ་བཟང་མི་སྣ་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་དགོས།      


དོན་ཚན་ཉེར་གཅིག་པ། གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀའི་ནང་མཚོན་ཚུལ་མངོན་གསལ་དོད་པའི་རྩ་འཛུགས་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ་དང་། འཚོ་བར་དཀའ་ངལ་ཡོད་པའི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་སྤེལ་མཁན་གྱི་སྔོན་ཐོན་མི་སྣར་དམིགས་བསལ་གྱིས་སྔོན་ལ་རོགས་སྐྱོར་བྱེད་དགོས།


དོན་ཚན་ཉེར་གཉིས་པ། གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་གིས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀའི་བྱེད་ཐབས་གཏན་འབེབས་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་གཏོང་བ། ཚན་པའི་འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ། དཔྱད་བསྡུར་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཆ་འཕྲིན་མཉམ་སྤྱོད་དང་ཁྲིམས་སྒྱུར་མཉམ་ལས་ལམ་སྲོལ་བཙུགས་ཏེ་འགན་འཁྲི་གཞིར་བཟུང་རྒྱུན་གཏན་གྱི་ཞིབ་བཤེར་བྱས་ནས་ཡ་རབས་མིན་པའི་བྱ་སྤྱོད་བཀག་འགོག་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས།


དོན་ཚན་ཉེར་གསུམ་པ། གྲོང་ཁྱེར་དང་རྫོང་(ཆུས)གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཚན་པ་དང་། གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཡ་རབས་ཚུལ་ལྡན་བྱ་སྤྱོད་ལེགས་སྤེལ་གྱི་འབྲེལ་ཡོད་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཀྱི་གོམས་གཤིས་འཇགས་རྒྱུར་སྐུལ་འདེད་གཏོང་དགོས།


དོན་ཚན་ཉེར་བཞི་པ། གྲོང་ཁྱེར་དང་རྫོང་(ཆུས)གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཚན་པས་གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་དམར་འདོན་ལས་སྟེགས་བཙུགས་ཆོག  ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་དམར་འདོན་བྱེད་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག


དོན་ཚན་ཉེར་ལྔ་པ། གྲོང་ཁྱེར་དང་རྫོང་(ཆུས)གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཚན་པས་གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཡ་རབས་བྱ་སྤྱོད་ཀྱི་འོས་འགན་གཞོགས་འདེགས་པ་དང་ལྟ་སྐུལ་པ་གདན་དྲངས་ནས་ཡ་རབས་བྱ་སྤྱོད་ཀྱི་དྲིལ་བསྒྲགས་སློབ་གསོ་དང་། སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་། ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་བཀག་འགོག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།


དོན་ཚན་ཉེར་དྲུག་པ། གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ཚན་པས་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་ཐེར་འདོན་དང་། ཞུ་གཏུག ཐག་གཅོད་བཅས་བྱེད་པའི་ལམ་ལུགས་འཛུགས་དགོས། འབྲེལ་ཡོད་ཚན་པས་སྤྱི་ཚོགས་ལ་ཐེར་འདོན་བྱེད་སྟངས་དང་ཐབས་ལམ་ཡོངས་བསྒྲགས་བྱས་ཏེ་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་དུས་ཐོག་ཏུ་བདག་སྤྲོད་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་མ་ཟད་ཐག་གཅོད་བྱས་འབྲས་ཐེར་འདོན་གོང་ཞུ་བྱེད་མཁན་ལ་ཤོད་དགོས་པ་དང་ཐེར་འདོན་གོང་ཞུ་བྱེད་མཁན་གྱི་ཐོབ་ཐང་ཆ་འཕྲིན་སོགས་གསང་སྲུང་བྱེད་དགོས།


དོན་ཚན་ཉེར་བདུན་པ། གྲོང་ཁྱེར་དང་རྫོང་(ཆུས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ཚན་པས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཐོ་འགོད་ལམ་ལུགས་བཙུགས་ནས་སྲིད་འཛིན་ཐོག་གི་ཆད་པ་ཕོག་པའི་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་ས་གནས་དེ་གའི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལས་སྟེགས་སུ་འཇུག་དགོས།


དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་ཡ་རབས་ཚུལ་ལྡན་ཚན་པ་གཏོད་རྒྱུར་དང་ལེན་ཧུར་ཐག་ཞུས་ཏེ་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། འཕེལ་ཕྱོགས་གཙོ་བོའི་རིན་ཐང་དར་སྤེལ་གཏོང་བ། ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དམངས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ། མཛེས་སྡུག་ལྡན་པའི་ཁོར་ཡུག་འཛུགས་སྐྲུན་བཅས་བྱས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དང་བླངས་ཞབས་ཞུའི་ལས་ཀའི་ལམ་སྲོལ་དང་ཚན་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་བྱེད་སྒོའི་ནང་རྒྱ་ཁྱབ་ངང་ཞུགས་དགོས།


དོན་ཚན་ཉེར་དགུ་པ། གསར་འགྱུར་སྨྱན་སྦྱོར་གྱིས་ཀུན་སྤྱོད་དཔེ་བཟང་ཅན་དང་ཉེ་འགྲམ་གྱི་མི་བཟང་གི་སྔོན་ཐོན་དཔེ་བཟང་གི་བྱས་རྗེས་གནས་འཕྲིན་སྤེལ་བའི་བྱེད་ཐབས་ལ་བརྟེན་ནས་སྔོན་ཐོན་དཔེ་བཟང་གི་བསམ་པའི་སྣེ་ཁྲིད་དང་དཔེ་མཚོན་དཔེ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཕན་བརྡ་ཁྱབ་འགྲེམས་སྤེལ་བྱས་ནས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་དོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་ལ་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་དགོས། རླངས་འཁོར་འབབ་ཚུགས་དང་། ཐང་ཆེན། སྲང་ལམ་སོགས་མི་མང་འདུ་འཛོམས་བྱ་ཡུལ་དང་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་བབ་མཚུངས་ཀྱི་ཆ་རྐྱེན་འཛོམས་ཚེ། གཏན་འབེབས་ལྟར་སྤྱི་ཕན་མཚམས་སྦྱོར་བརྡ་ཁྱབ་འགྲེམས་སྤེལ་བྱེད་དགོས།


དོན་ཚན་སུམ་ཅུ་པ། མི་མང་འདུ་འཛོམས་བྱ་ཡུལ་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་སྤེལ་ཚེ། གཉེར་སྐྱོང་པ་དང་། དོ་དམ་པ། ཞབས་ཞུ་བ་བཅས་ཀྱིས་བཀག་སྡོམ་བསླབ་བྱ་དང་བཀག་འགོག་བྱེད་དགོས་པ་དང་། བཀག་སྡོམ་བསླབ་བྱར་མི་ཉན་པའམ་ཡང་ན་བཀག་འགོག་བྱས་ཀྱང་ཕན་འབྲས་མ་ཐོན་ན། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས།


དོན་ཚན་སོ་གཅིག་པ། སློབ་གྲྭས་གཤམ་གྱི་བྱེད་ཐབས་སྤྱད་དེ་ཡ་རབས་ཚུལ་ལྡན་གྱི་སློབ་གྲྭ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་འགན་སྲུང་བྱེད་དགོས་པ་སྟེ།

(གཅིག) ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་དང་།  སློབ་སྲོལ་བཟང་པོ་ཆགས་ཐུབ་པ་བྱེད་དགོས།

(གཉིས) ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་མའི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་གོམས་གཤིས་སུ་འགྱུར་བའི་སློབ་གསོ་དང་། གུས་ལུགས་གུས་སྲོལ་གྱི་སློབ་གསོ། སེམས་ཁམས་བདེ་ཐང་གི་སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་དགོས།

 (གསུམ) སློབ་གྲྭའི་རིག་གནས་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སློབ་གྲྭའི་རིག་གནས་བྱེད་སྒོ་སྤེལ་བ། སྐྱོན་བྲལ་ཡར་ཐོན་གྱི་སློབ་གྲྭའི་རིག་གནས་གསོ་སྐྱོང་བཅས་བྱེད་དགོས།

(བཞི) སློབ་གྲྭའི་ཁོར་ཡུག་གཙང་བཟོ་དང་། སྔོ་ལྗང་ཅན། མཛེས་བཟོ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་སློབ་གྲྭ་འཛུགས་སྐྲུན་བྱེད་དགོས།

(ལྔ) ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་སློབ་གྲྭའི་བརྙས་བཅོས་སྔོན་འགོག་དང་། བདེ་འཇགས་དང་ཤེས་དཔལ་ལྡན་པའི་སློབ་གྲྭ་འཛུགས་སྐྲུན་བྱེད་དགོས།

(དྲུག) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་ཐབས་གཞན་དག་བཅས་ཡིན།


དོན་ཚན་སོ་གཉིས་པ། རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་ལས་ཀར་བསམ་འཆར་དང་གྲོས་འགོ་འདོན་དབང་ཡོད་པ་དང་། ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་། བཀག་སྡོམ་བསླབ་བྱ། ཉེས་འདོན། ཐེར་འདོན་གོང་ཞུ་བཅས་བྱེད་དབང་ཡོད་ལ། འབྲེལ་ཡོད་སྡེ་ཚན་དང་དེའི་ལས་བྱེད་མི་སྣས་འགན་འཁྲི་བསྒྲུབས་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་བྱེད་དབང་ཡོད།


ལེའུ་བཞི་པ།   བཅའ་ཁྲིམས་འགན་འཁྲི།


དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་སྤེལ་བར་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཉེས་ཆད་གཅོད་རྒྱུའི་གཏན་འབེབས་ཡོད་རིགས་གཏན་འབེབས་དེ་གཞིར་འཛིན་རྒྱུ།


དོན་ཚན་སོ་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་སྤེལ་བའི་ཉེས་ཚབས་ཆེ་རིགས་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་དང་དུས་མཚུངས་སུ་སྲིད་འཛིན་ཆད་གཅོད་ཆོད་ཡིག་དེ་སྲིད་འཛིན་བལྟོས་བཅས་མི་སྣ་གནས་སའི་སྡེ་ཚན་ནམ་གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་ལ་བཤུས་འབུལ་བྱས་ཆོག


དོན་ཚན་སོ་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་སྤེལ་ནས་དོ་བདག་གིས་རང་འགུལ་ངང་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེའི་མཇུག་འབྲས་མེད་པ་བཟོ་བའམ་ཡང་ན་ཆུང་དུ་གཏོང་དགོས་རིགས་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་ཡང་དུ་གཏོང་དགོས་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ཆུང་ངུ་ཡིན་པ་མ་ཟད་དུས་ཐོག་ཏུ་ཡོ་བསྲང་བྱས་ནས་གནོད་འཚེའི་མཇུག་འབྲས་བཟོས་མེད་རིགས་ལ་སྲིད་འཛིན་གྱི་ཆད་པ་མི་གཅོད་རྒྱུ། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་མི་བྱེད་པར་སྲིད་འཛིན་ལས་ཁུངས་ཀྱིས་དོ་བདག་ལ་སློབ་གསོ་རྒྱག་དགོས།


དོན་ཚན་སོ་དྲུག་པ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་གཏོང་བའི་ལས་ཀའི་ནང་འགན་འཁྲི་ལག་བསྟར་མ་བྱས་པའམ་ཡང་ན་ལག་བསྟར་ཡང་དག་མ་བྱས་ན། གནས་སའི་སྡེ་ཚན་ནམ་གོང་རིམ་གཙོ་གཉེར་ཚན་པས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་མ་ཟད། ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་འགན་འཁྲི་ཡོད་པའི་གཙོ་སྐྱོང་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།


ལེའུ་ལྔ་པ།   ཞར་བྱུང་།

དོན་ཚན་སོ་བདུན་པ།  སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།




▼ 点击下方名片关注网信聂荣 













往 期 精 彩 内 容



主审:樊勇
审编:袁承森
编辑:陈逸航
来源:那曲融媒










网信聂荣
发布新闻、传递正能量
 最新文章