广大市场主体:
近日,有群众向市场监管部门举报,称有不法分子冒充市场监管工作人员或第三方机构,向企业、农牧民合作社、个体工商户经营者拨打电话、发送信息声称“办理的营业执照年报需要收取100-300元的费用”。
རྒྱ་ཆེའི་ཁྲོམ་རའི་བྱེད་པོ་ཚོར།
ཉེ་ཆར།མང་ཚོགས་ཀྱིས་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པར།ཁྲིམས་འགལ་བས་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པའི་ལས་དོན་མི་སྣའམ་ཡང་ན་ཕྱོགས་གསུམ་པའི་སྒྲིག་གཞི་ཡིན་ཁུལ་བྱས་ནས།ཁེ་ལས་དང་།ཞིང་འབྲོག་པའི་མཉམ་ལས་ཁང་།ཁེར་རྐྱང་བཟོ་ཚོང་བ་བཅས་ཀྱི་གཉེར་སྐྱོང་པར་ཁ་པར་རྒྱག་པ་དང་།ཆ་འཕྲིན་བསྐུར་ནས“ཚོང་གཉེར་ལག་ཁྱེར་གཉེར་བའི་ལོ་རེའི་སྙན་ཞུ་འབུལ་སྐབས་གྲོན་དངུལ་སྒོར་100ནས་300བར་བསྡུ་དགོས”ཞེས་བརྗོད་ཀྱི་ཡོད་པ་ཐེར་འདོན་གོང་ཞུ་བྱས་ཡོད།
那曲市市场监督管理局郑重声明:所有市场主体(企业、农牧民专业合作社、个体工商户)申报年报不收取任何费用。那曲市市场监督管理局也从未以电话、短信、微信等方式通知经营者申报年报需要缴纳费用,以年报等名义向市场主体收取费用的行为都是诈骗行为,若收到类似电话或短信,一定要提高警惕,不要回复,不要点击短信链接,也不要轻易添加陌生人微信、QQ好友,向其转账汇款,谨防上当受骗。
ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་གསལ་བསྒྲགས་ནན་པོ་བྱེད་རྒྱུར།ཁྲོམ་རའི་བྱེད་པོ(ཁེ་ལས་དང་།ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་།ཁེར་རྐྱང་བཟོ་ཚོང་བ)ཚང་མས་ལོ་རེའི་སྙན་ཞུ་འབུལ་སྐབས་གྲོན་དངུལ་གང་ཡང་བསྡུ་མི་དགོས་པ་དང་།ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་ཀྱང་ཁ་པར་དང་།འཕྲིན་ཐུང་།འཕྲིན་ཕྲན་སོགས་ཀྱི་རྣམ་པའི་ཐོག་ནས་གཉེར་སྐྱོང་པར་ལོ་རེའི་སྙན་ཞུ་འབུལ་སྐབས་གྲོན་དངུལ་འཇལ་དགོས་པའི་བརྡ་ཐོ་བཏང་མྱོང་མེད་ལ།ལོ་རེའི་སྙན་ཞུ་སོགས་ཀྱི་མིང་ཐོག་ནས་ཁྲོམ་རའི་བྱེད་པོའི་ས་ནས་གྲོན་དངུལ་བསྡུ་བའི་བྱ་སྤྱོད་ཚང་མ་ཁ་བསྡུས་རྒྱག་པའི་བྱ་སྤྱོད་ཤ་སྟག་ཡིན་པས། གལ་ཏེ་དེ་དང་འདྲ་བའི་ཁ་པར་རམ་ཡང་ན་འཕྲིན་ཐུང་འབྱོར་ཚེ་ངེས་པར་དུ་དོགས་ཟོན་བྱེད་དགོས་ལ་ལན་འདེབས་བྱེད་མི་རུང་བ་དང་།འཕྲིན་ཐུང་གི་སྦྲེལ་མཐུད་མནན་མི་རུང་ལ།ཆ་རྒྱུས་མེད་པའི་མིའི་འཕྲིན་ཕྲན་དང་QQགྲོགས་པོ་སོགས་གང་བྱུང་གྲོགས་སྣོན་བྱས་ནས་དེར་དངུལ་བསྐུར་ཏེ་མགོ་སྐོར་གཡོ་ཇུས་འོག་ཚུད་རྒྱུར་དོགས་ཟོན་བྱེད་དགོས།
以下均是诈骗套路,切勿相信!
གཤམ་འོག་ཚང་མ་ཁ་བསླུས་རྒྱག་ཐབས་ཡིན་པས་ཡིད་ཆེས་གཏན་ནས་བྱེད་མི་རུང་།
Part.1
套路1:微信收费入口
གཡོ་ཇུས་ཐབས་ལམ་༡པོ། འཕྲིན་ཕྲན་གྱི་རིན་བསྡུའི་འཇུག་སྒོ།
不法分子通过公众平台、小程序、添加私人微信等方式诱导市场主体点击、支付费用。
ཁྲིམས་འགལ་བས་སྤྱི་སྟེགས་དང་།བྱ་རིམ་ཆུང་གྲས།སྒེར་གྱི་འཕྲིན་ཕྲན་སྣོན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྲོམ་རའི་བྱེད་པོར་བསླུ་ཁྲིད་ཀྱིས་དེའི་སྦྲེལ་མཐུད་མནན་བཅུག་པ་དང་གྲོན་དངུལ་སྤྲོད་བཅུག་གི་ཡོད།
注意:企业、农牧民专业合作社、个体工商户报送年度报告,无需缴纳任何费用,任何以市场监管部门名义收取费用,要求提供个人银行卡号、银行卡密的行为均为诈骗。
དོ་སྣང་བྱེད་དགོས་པ་སྟེ།ཁེ་ལས་དང་།ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་།ཁེར་རྐྱང་བཟོ་ཚོང་བ་བཅས་ཀྱིས་ལོ་རེའི་སྙན་ཞུ་འབུལ་སྐབས་གྲོན་དངུལ་གང་ཡང་འཇལ་མི་དགོས་པ་དང་།ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པའི་མིང་ཐོག་ནས་གྲོན་དངུལ་གང་བྱུང་བསྡུས་ཏེ།མི་སྒེར་གྱི་དངུལ་ཁང་གཱ་ཡི་ཨང་གྲངས་དང་།དངུལ་ཁང་གཱ་ཡི་གསང་ཨང་མཁོ་འདོན་བྱེད་རྒྱུའི་རེ་བ་བཏོན་པའི་བྱ་སྤྱོད་ཚང་མ་ཁ་བསླུས་རྒྱག་པའི་བྱ་སྤྱོད་ཤ་སྟག་ཡིན།
Part.2
套路2:诈骗短信、虚假网站
གཡོ་ཇུས་ཐབས་ལམ་༢པ། ཁ་བསླུས་ཀྱི་འཕྲིན་ཐུང་དང་།དྲ་ཚིགས་རྫུན་མ།
不法分子向经营户发送诈骗短信引诱点击短信链接,制作高仿页面,通过进行“认证登记”开展诈骗。
ཁྲིམས་འགལ་བས་གཉེར་སྐྱོང་ཚོང་དུད་ལ་ཁ་བསླུས་འཕྲིན་ཐུང་བསྐུར་ནས་བསླུ་ཁྲིད་ཀྱིས་འཕྲིན་ཐུང་སྦྲེལ་མཐུད་མནན་བཅུག་པ་དང་།འདྲ་བཟོའི་ཤོག་ངོས་བཟོས་ནས“ཁས་ལེན་དཔང་འདོན་ཐོ་འགོད”བྱེད་བཅུག་ནས་ཁ་བསླུས་རྒྱག་གི་ཡོད།
注意:政府网站网址后缀不是com,是gov。请注意防范含有非法链接的诈骗短信,不要轻易泄露企业信息、个人信息、银行卡号信息,不要向陌生人转账或支付,谨防受骗。官方网站名称为国家企业信用信息公示系统(西藏)
网址为https://xz.gsxt.gov.cn
དོ་སྣང་བྱེད་དགོས་པ་སྟེ། སྲིད་གཞུང་གི་དྲ་ཚིགས་དང་དྲ་རྟགས་ཀྱི་འཇུག་སྣེ་ནི་govཡིན་པ་ལས་
comམིན།ཁྲིམས་འགལ་གྱི་སྦྲེལ་མཐུད་ཡོད་པའི་ཁ་བསླུས་འཕྲིན་ཐུང་ལ་དོགས་ཟོན་གཟབ་ནན་བྱེད་དགོས་པ་ལས།ཁེ་ལས་ཀྱི་ཆ་འཕྲིན་དང་།མི་སྒེར་གྱི་ཆ་འཕྲིན།དངུལ་ཁང་གཱ་ཡི་ཆ་འཕྲིན་བཅས་གང་བྱུང་ཕྱིར་གྱར་མི་རུང་ལ།ཆ་རྒྱུས་མེད་པའི་མིར་དངུལ་སྒྱུར་དང་དངུལ་སྤྲད་དེ་མགོ་སྐོར་གཡོ་ཇུས་འོག་ཚུད་རྒྱུར་དོགས་ཟོན་བྱེད་དགོས།
正确的年报方式
ཡང་དག་པའི་ལོ་རེའི་སྙན་ཞུའི་ཐོ་འགོད་བྱེད་སའི་དྲ་ཚིགས་དང་དུས་ཚོད་ནི།ཁྲོམ་རའི་བྱེད་པོའི་ལོ་རེའི་སྙན་ཞུ་འབུལ་མཁན་ཁེ་ལས་དང་།ཞིང་འབྲོག་ལས་ཆེད་ལས་མཉམ་ལས་ཁང་།ཁེར་རྐྱང་བཟོ་ཚོང་བ་བཅས་ཀྱིས་གཞུང་ཕྱོགས་ཀྱི་དྲ་རྟགས་སུ་ཐོ་འགོད་བྱེད་ཆོག་པ་སྟེ།(https://xz.gsxt.gov.cnརྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་གསལ་བསྒྲགས་མ་ལག)ལོ་རེའི་སྙན་ཞུ་གསབ་འབུལ་བྱེད་དགོས།རྒྱ་ཆེའི་གཉེར་སྐྱོང་པས་དྲ་རྟགས་ཀྱི་ཁོངས་མིང་ཞིབ་བསྡུར་ནན་ཏན་བྱས་ཏེ།དྲ་ཚིགས་རྫུན་མའི་ནང་འཛུལ་ནོར་མི་ཡོང་བ་དང་།གཞུང་ཕྱོགས་ཀྱི་སྤྱི་སྟེགས་ཨང་རྟགས་ཏེ་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཞེས་པའི་ནང་འཛུལ་དགོས།
+
+
认准官方网址:https://xz.gsxt.gov.cn
+
进入官方公众号:那曲市市场监督管理局
+
拨打信用监管咨询电话:0896-3822060
主审
蒋康康
审编
尼玛拉姆
编辑
王武谦
来源
那曲市市场监督管理局