给河长的一封信

政务   2025-01-22 19:01   西藏  


给河长的一封信


巴青县各级河(湖)长:

为深入贯彻落实习近平总书记在西藏考察调研时的重要讲话精神、全区河湖长制工作推进会议精神和《中共中央办公厅 国务院办公厅印发〈关于全面推行河长制的意见〉的通知》《中共西藏自治区委员会办公厅 西藏自治区人民政府办公厅关于印发〈西藏自治区全面推行河长制工作方案〉的通知》《那曲市关于全面落实湖长制加强湖泊管理保护意见》《关于印发<关于建立“河湖长+检察长+警长”协作机制的意见>的通知》等文件精神,进一步深入推进我县河湖长制工作,全面提升河湖治理能力和水平,结合我县人事变动和分工调整实际,对县级河长制工作领导小组人员进行调整。

河长制总河长承担全县总督导、总调度职责,组织领导全县河湖管理保护工作,是第一责任人,对河湖管理保护负总责,解决河长制实行过程中的重大问题。

河(湖)长负责相应河湖管理保护工作组织领导,包括水资源保护、水域岸线管理保护、水污染防治、水环境治理、水生态修复、执法监督等,牵头组织对侵占河道、围垦湖泊、非法取水、超标排污、非法采砂等突出问题依法进行清理整治,协调解决河湖管理保护的重点问题。对相关部门和下一级河长履职情况进行督导。各级河(湖)长不定期开展巡河检查工作,其中县级河(湖)长每季度巡河不少于一次,乡级河(湖)长每月巡河不少于一次,村级河(湖)长每周巡河不少于一次。针对重大问题,可开展专项督导检查。

重点对非法垂钓、颜色气味异常、非法捕捞、漂浮物、零星垃圾、乱建、乱堆、乱采、乱占、设施损坏、疑似排污等问题,请通过APP“上报问题”,将问题进行录入,辅以视频、图片、音频作为佐证,以便相关单位部门人员后续处理。

请您在接到变更通知时,在手机端下载“西藏河长制”APP,采用手机短信验证码的方式进行登入,按时开展巡河。打开“西藏河长制”APP,首页选择“巡河”,点击“开始巡河”,每次巡河时长不少于10分钟,巡河里程不少于1000米,否则为无效巡河。巡河中发现问题可以通过“记录事项”对问题进行“描述”,拍照加入“图片”进行佐证。

手机APP端采用手机短信验证码的方式进行登入,在APP系统下载界面点击右上角的按钮,界面下部会显示选择项目,点击“在浏览器打开”选项。在新的界面选择对应手机操作系统点击下载应用。开始进行安装程序下载。下载地址如下。


APP系统下载二维码


༄༅། །ཆུ་དཔོན་ལ་སྤྲིངས་པའི་འཕྲིན་ཡིག་གཅིག

སྦྲ་ཆེན་རྫོང་རིམ་པ་ཁག་གི་ཆུ་དཔོན་རྣམ་ལ།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན། 《ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི〈ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར〉གྱི་བརྡ་ཐོ》 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་ཐིང་གི〈ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཇུས་གཞི〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》 《ནག་ཆུ་གྲོང་ཁྱེར་གྱི་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཚེའུ་དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》《〈“ཆུ་བོ་དང་མཚེའུ་དཔོན་+ཞིབ་དཔྱོད་དཔོན་+ཉེན་རྟོག་དཔོན”མཉམ་ལས་ནང་རྐྱེན་འཛུགས་རྒྱུའི་སྐོར་གྱི་བསམ་འཆར〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆའི་དགོངས་དོན་གཞིར་བཟུང་། རང་རྫོང་གི་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏིང་ཟབ་བཏང་ནས། ཆུ་བོ་དང་མཚེའུ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། རང་རྫོང་གི་མི་དོན་འགྱུར་ལྡོག་དང་ལས་བགོས་ལེགས་སྒྲིག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྫོང་རིམ་པའི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་མི་སྣར་ལེགས་སྒྲིག་བྱ་རྒྱུ།

ཆུ་དཔོན་ལམ་ལུགས་ཀྱི་སྤྱི་ཁྱབ་ཆུ་དཔོན་གྱིས་རྫོང་ཡོངས་ཀྱི་སྤྱིའི་ལྟ་སྐུལ་མཛུབ་ཁྲིད་དང་སྤྱི་ཁྱབ་བཀོད་གཏོང་གི་འགན་འཁྲི་འཁུར་བ་དང་། རྫོང་ཡོངས་ཀྱི་ཆུ་བོ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུའི་འགན་འཁུར་བ་གཙོ་བོ་དེ་ཡིན་པ། ཆུ་བོ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་ལ་འགན་འཁུར་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་གི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུ་ཡིན།

ཆུ་(མཚེའུ)དཔོན་གྱིས་དེ་མཚུངས་ཀྱི་ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་འགན་འཁུར་རྒྱུ་ཡིན་ཞིང་། དེའི་ནང་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུ་ཁོངས་དང་ཆུ་ངོགས་ཀྱི་དོ་དམ་སྲུང་སྐྱོང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ། ཁྲིམས་འཛིན་ལྟ་སྐུལ་སོགས་ཚུད་ཡོད། ཆུ་ལམ་བཙན་བཟུང་དང་། མཚེའུ་བསྐོར་ནས་གསར་སྦོལ་བྱེད་པ། ཁྲིམས་འགལ་ངང་ཆུ་ལེན་པ། ཚད་བརྒལ་གྱིས་ཆུའི་ནང་བཙོག་འབུདབྱེད་པ། ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྲིམས་ལྟར་གཙང་བཤེར་བཅོས་སྒྲིག་བྱ་རྒྱུའི་སྣེ་ཁྲིད་དེ། ཆུ་བོ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་གི་གཙོ་གནད་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ། འབྲེལ་ཡོད་སྡེ་ཚན་དང་རིམ་པ་འོག་མའི་ཆུ་དཔོན་གྱི་འགན་སྒྲུབ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ། རིམ་ཁག་ཆུ(མཚེའུ)དཔོན་གྱིས་དུས་ངེས་མེད་ཐོག་ཆུ་བོར་སྐོར་གཡེང་ཞིབ་བཤེར་ལས་དོན་སྤེལ་རྒྱུ་དང་། དེའི་ནང་རྫོང་རིམ་པའི་ཆུ(མཚེའུ)དཔོན་གྱིས་དུས་ཚིགས་རེར་ཆུ་བོར་སྐོར་གཡེང་ཐེངས་རེ་བྱེད་པ་དང་། ཤང་རིམ་པའི་ཆུ(མཚེའུ)དཔོན་གྱིས་ཟླ་རེར་ཆུ་བོར་སྐོར་གཡེང་ཐེངས་རེ་བྱེད་རྒྱུ། གྲོང་ཚོ་རིམ་པའི་ཆུ(མཚེའུ)དཔོན་གྱིས་གཟའ་འཁོར་རེར་ཆུ་བོར་སྐོར་གཡེང་ཐེངས་རེ་བྱ་རྒྱུ་བཅས་ཡིན། གནད་དོན་གལ་ཆེན་ལ་དམིགས་ནས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཡང་བྱས་ཆོག

ཁྲིམས་འགལ་ངང་ཉ་འཛིན་པ་དང་། ཁ་དོག་དང་དྲི་མ་རྒྱུན་གཏན་མིན་པ། ཁྲིམས་འགལ་ངང་ཉ་འཛིན་པ། འཕྱོ་བའི་དངོས་རིགས། ཐར་ཐོར་གྱི་གད་སྙིགས། གང་བྱུང་དུ་སྐྲུན་པ། གང་བྱུང་དུ་སྤུངས་པ། གང་བྱུང་དུ་སྔོག་པ། གང་བྱུང་ནདུ་བཟུང་སྤྱོད་བྱེད་པ། སྒྲིག་བཀོད་གཏོར་སྐྱོན། བཙོག་འབུད་དོགས་གཞི་ཡོད་པ་སོགས་ཀྱི་གཙོ་གནད་གནད་དོན་ལAPPབརྒྱུད“གནད་དོན་གོང་ཞུ”གནང་རོགས། གནད་དོན་གོང་ཞུ་བྱེད་སྐབས་བརྙན་ལམ་དང་། པར་རིས། སྒྲ་ལམ་བཅས་དཔང་རྟགས་སུ་བྱས་ནས་འབྲེལ་ཡོད་ཚན་པའི་མི་སྣས་རྗེས་མཐུད་ཐག་གཅོད་བྱ་རྒྱུར་སྟབས་བདེ་སྐྲུན་དགོས།

སྐུ་ཉིད་ལ་བརྡ་ཐོ་འབྱོར་སྐབས་ལག་ཐོགས་ཁ་པར་ཐོག་ནས“བོད་ཀྱི་ཆུ་དཔོན་ལམ་ལུགས”ཀྱིAPPཕབ་ལེན་བྱས་ནས། ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་གི་ར་སྤྲོད་ཨང་རྟགས་སྤྱད་དེ་ནང་འཇུག་བྱས་ཏེ། དུས་ཐོག་ཏུ་ཆུ་བོར་སྐོར་ཞིབ་བྱེད་དགོས། “བོད་ཀྱི་ཆུ་དཔོན་ལམ་ལུགས”ཀྱིAPPཁ་ཕྱེ་བ་དང་། ཤོག་ངོས་དང་པོའི“ཆུ་བོར་སྐོར་གཡེང་”ཞེས་པ་བདམས་པ་དང་། དེ་མནན་ནས་“ཆུ་བོར་སྐོར་གཡེང་”བྱེད་པ་དང་། ཆུ་བོར་སྐོར་གཡེང་བྱེད་ཐེངས་རེར་དུས་ཚོད་སྐར་མ་10ལས་མི་ཉུང་བ་དང་། ཆུ་བོར་སྐོར་གཡེང་བྱེད་པའི་ལམ་ཚད་སྨི་1000ལས་མི་ཉུང་བ་བྱེད་དགོས། དེ་ལྟར་མ་བྱས་ན་ཆུ་བོར་སྐོར་གཡེང་བྱེད་པ་རྩིས་མེད་ཡིན། ཆུ་བོར་སྐོར་གཡེང་བྱེད་རིང་གནད་དོན་ཤེས་རྟོགས་བྱུང་ཚེ“ཐོ་འགོད་དོན་ཚན”བརྒྱུད་གནད་དོན་ལ“ཞིབ་བརྗོད”བྱེད་ཆོག་པ་དང་པར་བརྒྱབ་ནས“པར་རིས”ནང་ཞུགས་ནས་དཔང་རྟགས་བྱེད་ཆོག

ལག་ཐོགས་ཁ་པར་གྱིAPPལ་འཕྲིན་ཐུང་ར་སྤྲོད་ཨང་རྟགས་སྤྱད་དེ་ནང་འཇུག་བྱེད་པ་དང་། APPམ་ལག་ཕབ་ལེན་དྲ་ངོས་ནས་གཡས་ཀྱི་སྟེང་ཟུར་གྱི་མཐེབ་གནོན་མནན་པ་དང་། མཐུད་མཚམས་འོག་ལས་མངོན་པའི་གདམ་གའི་རྣམ་གྲངས་ལ་གཞིགས་ནས། “བཤར་ཆས་ཁ་ཕྱེ་བ”ཞེས་པ་མནན་དགོས། འཆར་ངོས་གསར་བའི་སྟེང་ནས་ཁ་པར་བཀོལ་སྤྱོད་མ་ལག་འདེམས་ནས་ཕབ་ལེན་བྱེད་དགོས། སྒྲིག་སྦྱོར་བྱ་རིམ་ཕབ་ལེན་བྱེད་མགོ་རྩོམ་དགོས། 

APPམ་ལག་ཕབ་ལེན་གྱི་རྩ་གཉིས་ཨང་རྟགས།


巴青县农业农村和科技水利局    

སྦྲ་ཆེན་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད།

2025年1月13日    
2025ལོའི་ཟླ་1ཚེས་13ཉིན།


主      编:阿旺

责      编:拉朗

编      辑:德吉曲宗

消息来源:巴青县农业农村和科技水利局  


网信看巴青

巴青精彩,码上可见

网信巴青
发布巴青新闻信息,提供网信相关服务。
 最新文章