ཚེས་22ཉིན་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་གསལ་བསྒྲགས་སྤེལ་ནས། ཉེ་ཆར་དྲ་ཐོག་ཏུ“ཐེངས་དང་པོར་གཉེན་སྒྲིག་ཐོ་འགོད་བྱས་ཚེ་ཁ་གསབ་སྒོར་1500ལེན་ཆོག”ཅེས་དང་“‘གཉེན་སྒྲིག་ཁ་གསབ’མཉེན་ཆས་ཕབ་འཇུག་བྱས་ཏེ་དྲ་ཐོག་ནས་གནས་གཏན་འཁེལ་གྱི་ཚན་པའི་ཞབས་ཞུ་གདམ་ཉོ་བྱས་ཚེ་ཁ་གསབ་དངུལ་ལེན་ཆོག”ཅེས་པ་ཚང་མ་ཆ་འཕྲིན་རྫུན་མ་ཡིན་པ་དང་། ཞི་ཨན་གྲོང་ཁྱེར་གྱིས་འབྲེལ་ཡོད་གཉེན་སྒྲིག་ཁ་གསབ་སྲིད་ཇུས་ལ་ཞིབ་འཇུག་དང་སྲིད་ཇུས་བཏོན་མེད་ལ། “གཉེན་སྒྲིག་ཁ་གསབ”མཉེན་ཆས་ཀྱང་གཞུང་ཕྱོགས་ཀྱི་མཉེན་ཆས་མིན། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་གསལ་འབྱེད་ཡག་པོ་བྱེད་རོགས་ཞེས་འཁོད་ཡོད།