དགུན་ཁ་རླངས་འཁོར་ལ་བདག་སྐྱོང་འདི་འདྲས་བྱེད་དགོས།

政务   2024-11-17 21:39   西藏  





སྟོན་དགུན་དུས་ཚིགས་གཉིས་སུ། གནམ་གཤིས་ཀྱི་འགྱུར་ལྡོག་ཆེ་བས་དེས་རླངས་འཁོར་གྱི་གཤིས་ནུས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་ཡང་སྲིད། རླངས་འཁོར་ལ་བདག་སྐྱོང་ཡག་པོ་བྱ་རྒྱུ་དེ་ཡང་ཐད་ཀར་འགྲིམ་འགྲུལ་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་པས་ཁྱེད་རང་ནས་གཤམ་གསལ་དག་ཡིན་ཅིག་ངེས་པ་གནང་དགོས།



༡ འཁོར་ལོ།

ཐོག་མར། འཁོར་ལོ་ནི་འགག་རྩ་ཆེ་ཤོས་ཡིན། སྟོན་དགུན་གཉིས་སུ་དྲོད་ཚད་ཇེ་དམའ་རུ་སོང་ན་འཁོར་ལོའི་འགྱིགཁྲེགས་པོར་གྱུར་ནས་ས་ལ་སྦྱར་ནུས་ཇེ་ཞན་དུ་འགྲོ་གི་ཡོད། ང་ཚོས་ཁོར་ལོ་བརྡར་ནས་ཟད་འགྲོ་བའི་གནས་ཚུལ་ལ་ཞིབ་བཤེར་བྱ་དགོས་ཤིང་ འཁོར་ལོའི་རི་མོ་ཟུབ་ཡོད་ན་ལམ་ངོས་རློན་པར་འདྲེད་བརྡར་ཤོར་སླ་པོ་ཡོདདེ་དང་ཆབས་ཅིག་འཁོར་ལོའི་ཕུ་རྒྱུན་གཏན་ཡིན་དགོས་ལ། ཕུ་ཉུང་དྲགས་པའམ་ཕུ་མང་དྲགས་པ་ཡིན་ན་རླངས་འཁོར་ལ་སྟངས་འཛིན་མི་ཐུབ་པའི་ཉེན་ཁ་ཐོན་སྲིད།

༢ འཁོར་བཀག་མ་ལག

དེ་ནས་འཁོར་བཀག་མ་ལག་ལ་ཡང་སྣང་ཆུང་བྱེད་མི་རུང་། དྲོད་ཚད་དམའ་པོ་ཡིན་དུས་འཁོར་བཀག་སྣུམ་གྱི་འཁོར་རྒྱུག་རང་བཞིན་ཇེ་ཞན་དུ་གྱུར་ཏེ། འཁོར་བཀག་གི་ནུས་པར་ཤུགས་རྐྱེན་ཐེབས་སྲིད། དུས་ཚོད་གཏན་འཁེལ་ནང་འཁོར་བཀག་ཁྲོ་ལྷེབ་ཀྱི་མཐུག་ཚད་ལ་ཞིབ་བཤེར་བྱས་ཏེ། འཁོར་བཀག་བརྡར་ཟད་ཚབས་ཆེན་ཐེབས་ཡོད་ན་དུས་ཐོག་ཏུ་བརྗེས་ཏེ འཁོར་བཀག་ཚོར་བ་སྐྱེན་པོ་ཡོང་བའི་འགན་ལེན་བྱེད་དགོས།  དེ་ལྟར་བྱུང་ན་ཛ་དྲག་གནས་ཚུལ་འཕྲད་སྐབས་རྡུང་ཁ་རྒྱག་རྒྱུ་སྔོན་འགོག་བྱེད་ཐུབ།

༣ འཁྱགས་འགོག་གཤེར་ཁུ།

གཞན་ཡང་། འཁྱགས་འགོག་གཤེར་ཁུ་ནི་གལ་འགངས་ཆེན་པོ་ཡིན། དེས་དྲོད་ཚད་དམའ་བའི་ཁོར་ཡུག་འོག་ཏུ་སྒུལ་བྱེད་འཕྲུལ་འཁོར་འཁྱགས་ནས་གས་འགྲོ་རྒྱུ་སྔོན་འགོག་བྱེད་ཐུབ། གལ་ཏེ་འཁྱགས་འགོག་གཤེར་ཁུ་མི་འདང་བའམ་ཡང་ན་གཤེར་ཁུའི་ནུསཔ་ཡལ་བ་ཡིན་ན། སྒུལ་བྱེད་འཕྲུལ་འཁོར་ལ་གནས་ཚུལ་ཐོན་པ་དང་རླངས་འཁོར་སྐྱོད་བཞིན་པའི་སྐབས་སུ་སྐྱོན་ཤོར་ནས་རླངས་འཁོར་གཞན་གྱི་རྐུབ་ལ་རྡུང་བ་སོགས་ཀྱི་ཉེན་ཁ་ཐོན་སྲིད

༤ ཆར་ཆུ་འབྱིད་ཆས་དང་ཤེལ་སྒོའི་ཆུ།

ད་དུང་། ཆར་ཆུ་འབྱིད་ཆས་དང་ཤེལ་སྒོའི་ཆུ་ལ་ཡིད་གཟབ་བྱེད་དགོས། སྟོན་དགུན་གཉིས་ཀྱི་དུས་སུ་ཆར་་དང་བད། གངས་སོགས་འབབ་ཀྱི་ཡོད་པས། མིག་གི་མཐོང་རྒྱ་གསལ་པོ་ཞིག་དགོས་རྒྱུ་ནི་བདེ་འཇགས་ངང་ཁ་ལོ་བྱེད་པའི་འགན་ལེན་ཡིན། ཆར་ཆུ་འབྱིད་ཆས་རྙིང་པར་གྱུར་བ་དང་སྐྱོན་ཤོར་ཡོད་ན་དུས་ཐོག་ཏུ་བརྗེ་དགོས་པ་དང་། དྲོད་ཚད་དམའ་པོར་འཚམ་པའི་ཤེལ་སྒོའིའཁྲུད་ཆུ་བེད་སྤྱོད་བཏང་ནས་ཤེལ་སྒོའི་འཁྲུད་ཆུ་འཁྱགས་པ་ཐེབས་རྒྱུ་སྔོན་འགོག་ཐོག་མཐོང་ལམ་ལ་གནོད་པ་མི་ཡོང་བ་བྱེད་དགོས།

རླངས་འཁོར་བདག་སྐྱོང་བྱས་པ་ན། བདེ་འཇགས་ཐད་ལ་སེམས་ཁྲལ་མེད།

མདོར་ན། སྟོན་དགུན་གྱི་དུས་སུ་རླངས་འཁོར་བདག་སྐྱོང་ཡག་པོ་བྱེད་རྒྱུ་ནི་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས། སྣང་ཆུང་དེ་ལམ་བར་གྱི་རྐྱེན་ངན་དུ་མི་འགྱུར་བ་བྱེད་དགོས།



བསྐྱར་ཞུས། རྒྱལ་མཚན།

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།  

ཡིག་སྒྱུར། བཀྲ་ཤིས་ཚེ་རིང་།  

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

ཡོང་ཁུངས། བོད་ལྗོངས་འགྲིམ་འགྲུལ་འཕྲིན་སྟེགས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

ང་ཚོའི་བརྙན་ཐུང་རྟགས་ཅན་日喀则广播电视台ཟེར་བར་དོ་ཁུར་གནང་ནས་ངོ་མཚར་ལྟད་མོར་གཟིགས་དང་།





青稞视界
བརྗོད་དོན་གཙོ་བོ། བྱེད་ཕྱོགས་སྲིད་ཇུས། ཁྲིམས་ལུགས་ཁྱབ་གདལ། འཚོ་བའི་ཤེས་བྱ། སྲོལ་རྒྱུན་རིག་གནས་སོགས་དྲིལ་བསྒྲགས་བྱེད་པ།
 最新文章