ཁྲིམས་གཞུང་དུ་གཉེན་འཐོར་གྲོས་མཐུན་འཇོག་པའི་གོ་རིམ་ལ་འགྱུར་ལྡོག་གལ་ཆེན་གང་དག་བཏང་ཡོད།
རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》འགྲེམ་སྤེལ་ལག་བསྟར་བྱས་རྗེས།
གཉེན་འཐོར་གྲོས་མཐུན་འཇོག་པའི་གོ་རིམ་ལ་འགྱུར་ལྡོག་གལ་ཆེན་གང་དག་བཏང་ཡོད་དམ་ཞེ་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1077པར་གཏན་འཁེལ་བྱས་པ་ལྟར་ན། “གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་གཉེན་འཐོར་ཐོ་འགོད་རེ་ཞུ་འབྱོར་བའི་ཉིན་ནས་བཟུང་བའི་ཉིན30ནང་།
བཟའ་ཟླ་གཉིས་ཀའི་གང་ཞིག་ལ་གཉེན་འཐོར་འདོད་མེད་ཚེ།
གཉེན་སྒྲིག་ཐོ་འགོད་ལས་ཁུངས་ནས་གཉེན་འཐོར་ཐོ་འགོད་ཕྱིར་འཐེན་བྱས་ཆོག་པ་དང་།
གོང་གི་དོན་ཚན་དུ་གཏན་འཁེལ་བྱས་པའི་དུས་ཚོད་ཐོན་རྗེས་ཀྱི་ཉིན30ནང་།
ཕྱོགས་གཉིས་ཀ་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་ནས་གཉེན་འཐོར་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་དགོས།
གལ་ཏེ་རེ་འདུན་མ་ཞུས་ན་གཉེན་འཐོར་ཐོ་འགོད་རེ་ཞུ་ཕྱིར་འཐེན་བྱས་པར་བརྩི་བ་ཡིན”ཞེས་བཀོད་ཡོད།ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/格日加布
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系