མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས(རྒྱ་སྐྱེད)ཚོགས་འདུ་འཚོགས།
ཟླ11པའི་ཚེས27ཉིན། མཚོ་བྱང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས(རྒྱ་སྐྱེད)ཚོགས་འདུ་འཚོགས་ལ། ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཤིན་ཧྥིན་གདན་ཞུ་བྱས་ནས་ཆེད་དོན་ཟུར་ཁྲིད་གནང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ་བཅས་ཀྱི་འགན་འཁུར་བ་གཙོ་བོ་དང་ཁག་བགོས་འགན་འཁུར་བས་ཆེད་དོན་འཆད་ཁྲིད་ལ་ཉན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་གཙོ་སྐྱོང་གནང་།
ཝང་ཤིན་ཧྥིན་གྱིས་ཚང་མར་གསར་དུ་བཟོ་བཅོས་བརྒྱབ་པའི《བསྡོམས་རྩིས་བཅའ་ཁྲིམས》དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྡོམས་རྩིས་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སོགས་ཀྱི་ནང་དོན་ཀློག་འགྲེལ་བྱས་པར་མ་ཟད། དངོས་ཡོད་གྱོད་དཔེ་དྲངས་ནས་གྱོད་གཞིར་གཞིགས་ཏེ་འགྲེལ་བཤད་དང་སློབ་ཁྲིད་བྱས་ཏེ་ཚང་མར་ངོ་མཚར་བའི་ཆེད་དོན་ཟུར་ཁྲིད་ཐེངས་གཅིག་བྱས། ཚོགས་ཞུགས་མི་སྣས་ཆེད་དོན་ཟུར་ཁྲིད་ཀྱི་བརྗོད་དོན་དང་གཙོ་གནད་མངོན་གསལ་དོད་ལ། གོ་རིམ་ཆ་ཚང་བ་དང་འགྲེལ་བཤད་ཁ་གསལ་བ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ། རིགས་པའི་གཞུང་ལུགས་ཀྱི་རྣམ་བཤད་གཏིང་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། གཟིགས་རྒྱང་རིང་བའི་རིག་གཞུང་གི་ཁྲིད་སྟོན་དང་དོན་དངོས་དང་འབྲེལ་བའི་འགྲེལ་བཤད་གཏིང་ཟབ་བྱས་ཡོད་པས་བསྡོམས་རྩིས་བྱ་བའི་ཚན་རིག་རང་བཞིན་དང་དབང་གྲགས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བར་མཛུབ་ཁྲིད་རང་བཞིན་དང་ལག་ལེན་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་ལ་ཕན་པ་མི་དམན་པ་ཐོབ་པའི་ངོས་འཛིན་བྱས། ཚང་མས་མ་འོངས་པའི་བྱ་བའི་ཁྲོད་སློབ་སྦྱོང་གཏིང་ཟབ་དང་ཤེས་རྟོགས་ཟབ་མོ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བསམ་བློ། ཁྲིམས་སྐྱོང་བྱེད་ཐབས་བཅས་ལ་བརྟེན་ནས་བསྡོམས་རྩིས་བྱ་བ་ཡག་པོ་སྒྲུབ་རྒྱུ་ཡིན་ཟེར།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ་ནན་ཏན་གྱིས་བྱ་བ་སྒྲུབ་པའི་སྤྱོད་ཚུལ་ཐོག་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《བསྡོམས་རྩིས་བཅའ་ཁྲིམས》མཚོ་བྱང་དུ་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱས་ཏེ་བསྡོམས་རྩིས་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་དང་འབྱུང་རྩའི་གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་གཞི་བསྡོམས་རྩིས་བྱེད་པའི་ཁྲོད་བསླབ་བྱ་བསྡུ་ལེན་དང་གཅིག་ཤེས་ཀུན་གྲོལ། ཉེན་ཟོན་སློབ་གསོ་གཏོང་བར་ཤུགས་སྣོན་པ། བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་ལ་ཉེན་ཟོན་དང་ཁྲིམས་གཅོད་བྱེད་པའི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བསྡོམས་རྩིས་ལྟ་སྐུལ་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ་བསྡོམས་རྩིས་ཀྱི་སྐྱེ་ཁམས་བཟང་པོ་སྐྲུན་གང་ཐུབ་བྱེད་དགོས། སློབ་སྦྱོང་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྡོམས་རྩིས་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་བསྡོམས་རྩིས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་བསྡོམས་རྩིས་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་དགོས། བྱ་བའི་འགན་འཁྲི་ནན་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་པ་དང་བསྡོམས་རྩིས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བསྡོམས་རྩིས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཇེ་བརྟན་དུ་བཏང་སྟེ་མཚོ་བྱང་ཁུལ་གྱིས་ཁྲིམས་ལྟར་བསྡོམས་རྩིས་དང་ཁྲིམས་ལྟར་གཅིག་གྱུར་བཅོས་སྐྱོང་བྱ་རྒྱུ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北祁连山报 文图/祁连山报社全媒体记者 马淑珍
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系