ཚན་རིག་ཤེས་བྱའི་མཛོད།
ཟླ་10ཚེས་28ཉིན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ལོ་འཁོར་གྱི《 དྲོད་ཁང་རླངས་གཟུགས་སྤྱི་བསྒྲགས》འགྲེམ་སྤེལ་བྱས་ཡོད། སྙན་ཞུ་དེར་གཞིགས་ན། 2023ལོར་རླུང་ཁམས་ཆེན་མོའི་ཁྲོད་དྲོད་ཁང་རླངས་གཟུགས་ཀྱི་གར་ཚད་ཆེས་ཆེར་འཕར་བ་མ་ཟད་ཟིན་ཐོ་གསར་པ་བཏོད་ཡོད་ལ། དེས་མ་འོངས་པའི་ལོ་འགའི་ནང་སའི་གོ་ལའི་དྲོད་ཚད་ད་དུང་མུ་མཐུད་འཕར་དུ་འཇུག་རྒྱུ་རེད། རླུང་ཁམས་ཆེན་མོའི་ཁྲོད་དབྱང་གཉིས་ཐཱན་འགྱུར་གསོག་པའི་མྱུར་ཚད་དེ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་མགྱོགས་ཤིང་། དེའི་གར་ཚད་དུས་ཐུང་ལོ་20ཡི་ནང་11.4%འཕར་ཡོད།
སྤྱི་བསྒྲགས་ནང་། 2023ལོར་གཞི་ཁྱོན་ཆེ་བའི་སྔོ་ཁེབས་ལ་མེ་སྐྱོན་བྱུང་བ་ལས་ཐོན་པའི་དབྱང་གཉིས་ཐཱན་འགྱུར་སྦུད་བཤངས་དང་། ནགས་ཚལ་གྱིས་ཐཱན་བསྡུ་ལེན་བྱེད་ཚད་ཉུང་དུ་ཕྱིན་པ། དེའི་ཐོག་མིའི་རིགས་ཀྱི་བྱ་འགུལ་དང་བཟོ་ལས་བྱ་འགུལ་ལས་བྱུང་བའི་འགྱུར་རྡོ་འབར་རྫས་ཀྱི་དབྱང་གཉིས་ཐཱན་འགྱུར་སྦུད་བཤངས་བྱེད་ཚད་མུ་མཐུད་མཐོ་བ་བཅས་ཀྱིས་དྲོད་ཁང་རླངས་གཟུགས་ཀྱི་གར་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཐེབས་ཡོད་ཅེས་བསྟན་འདུག
འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སའེ་ལའེ་སི་ཐེ·སུའོ་ལུའོ་ཡིས། མིག་སྔར《ཕ་རི་སིའི་གྲོས་ཆོད》ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ལམ་བུ་ལས་ལོགས་སུ་གྱེས་ཡོད། དྲོད་ཁང་རླངས་གཟུགས་ཀྱི་གར་ཚད་ཁྲི་བརྒྱ་ཡི་ཆ་གཅིག་རེ་འཕར་བ་དང་དྲོད་ཚད་ཏུའུ་0.1རེ་འཕར་བ་ཚང་མས་ང་ཚོའི་འཚོ་བ་དང་སའི་གོ་ལར་དངོས་དངོས་རྗེན་རྗེན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅེས་བརྗོད་ཡོད།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།