2024ལོའི་མཚོ་བྱང་ཁུལ་གྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས25པར་རྟེན་འབྲེལ་ཞུ་བ་དང་། "མཚོ་བྱང་གི་གཏམ་རྒྱུད་ངས་བཤད-གསར་འགོད་པ་བཟང་པོས་གཏམ་རྒྱུད་ལེགས་པོར་བརྗོད"ཅེས་པའི་བྱེད་སྒོ་མཚོ་ནུབ་གྲོང་རྡལ་དུ་སྤེལ།
ཟླ11པའི་ཚེས8ཉིན། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མདོ་ལ་རི་བོ་ཚགས་པར་ཁང་དང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། འཇུ་ལག་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་འགན་སྒྲུབ་ཁུར་བའི2024ལོའི་མཚོ་བྱང་ཁུལ་གྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས25པར་རྟེན་འབྲེལ་ཞུ་བ་དང་། "མཚོ་བྱང་གི་གཏམ་རྒྱུད་ངས་བཤད-གསར་འགོད་པ་བཟང་པོས་གཏམ་རྒྱུད་ལེགས་པོར་བརྗོད"ཅེས་པའི་བྱེད་སྒོ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཕེབས་ནས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་འཇུ་ལག་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པའི་དཔང་ཡིག་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་སུང་ཞུག་ཙུང་གིས་ཤིས་ཚིག་ཕུལ། ཁུལ་གྱི་མགོ་ཁྲིད་ལི་ཞུས་ཀྲེན་དང་། ཝང་ཞིན་ཧུའེ། ཁྲང་ལིན། དབྱང་ཏེ། མ་ཝུན་ཆོན་བཅས་བྱེད་སྒོར་ཞུགས།རྒྱུས་ལོན་པར་གཞིགས་ན། ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་བསྟར་ནན་ཏན་བྱས་ཏེ"དར་ཆ་མཐོར་སྒྲེང་དང་དམངས་སེམས་གཅིག་སྒྲིལ། མི་སྣ་གསར་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམ་པ"བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ནས"ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ"བཅས་བྱེད་པའི་བྱ་བའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ། ཕྱོགས་ཡོངས་དང་ཟུར་མང་པོ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལ་དམིགས་ཏེ"243"འཕེལ་རྒྱས་ཀྱི་བཀོད་པ་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་བ་དང་། ཕྱོགས་ཡོངས་ནས"མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པར་གསོན་ཉམས་ལྡན་པའི་ལག་ལེན་དང་མངོན་གསལ་དོད་པའི་དྲིལ་སྒྲོག་ཡག་པོ་བྱས་ནས་གསར་རྩོམ་དང་གླེང་གཞི་ཚ་ཤོས། མང་ཚོགས་དང་འདྲིས་པའི་བརྩམས་ཆོས་རྩེ་གྲ་འབོར་ཆེན་བཏོན་ལ། སྐད་གྲགས་ཆོད་པ་དང་ཁྱད་ཆོས་ལྡན་པ། ཤུགས་རྐྱེན་ཐེབས་པ་བཅས་ཀྱི་སྒོ་ནས་མཚོ་བྱང་གི་གཏམ་རྒྱུད་ལེགས་པོར་བཤད་པ་དང་། མཚོ་བྱང་གི་སྙན་པ་བརྒྱུད་སྒྲོག་བྱས་ཤིང་མཚོ་བྱང་གི་གཟུགས་བརྙན་མངོན་པར་དོད་ཡོད། ལྷག་པར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་མཚོ་བྱང་རང་ཡུལ་གྱི་བྱེད་སྒོ། དུས་སྟོན་དང་རྟེན་འབྲེལ་ཞུ་བའི་རིག་གནས་བྱེད་སྒོ་སྣ་ཚོགས། "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོ"སོགས་བྱེད་སྒོ་གལ་ཆེན་དྲིལ་སྒྲོག་དང་འཕྲིན་སྤེལ་བྱ་བའི་ཁྲོད། ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་འགན་འཁྲི་ཕྲག་ཏུ་ཁུར་བ་དང་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་བཅས་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྲད་པའི་བྱ་བའི་ལས་འགན་སོ་སོ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོ་མཁོ་འདོན་བྱས།བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གསར་འགྱུར་སྨྱན་སྦྱོར་གྱིས་རིམ་རྩིས་བྱས་ན་གསར་འགྱུར་རྩོམ་ཡིག་ཁྲི8.3ལྷག་ཙམ་སྤེལ་པ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་སྨྱན་སྦྱོར་གཙོ་བོས་མཚོ་བྱང་གི་གསར་འགྱུར8400ལྷག་ཙམ་སྤེལ་པས་མཚོ་བྱང་གི་གཏམ་རྒྱུད་རྒྱ་ཁྱབ་ངང་ཁྱབ་སྤེལ་བྱུང་ནས་མཚོ་བྱང་གི་སྙན་པ་དེ་བས་གསལ་དུ་ཕྱིན། 2023ལོའི་ལོ་འཁོར་མོའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་བྱ་དགའི་དཔྱད་འདེམས་ཁྲོད། མཚོ་བྱང་ཁུལ་གྱི་བརྩམས་ཆོས18ལ་བྱ་དགའ་ཐོབ་པ་དང་། དེའི་ནང་བྱ་དགའ་ཨང་དང་པོ4དང་། བྱ་དགའ་ཨང་གཉིས་པ4། བྱ་དགའ་ཨང་གསུམ་པ10བཅས་ཡོད། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་རྩོམ་བྱས་པའི་དངོས་བྲིས་གློག་བརྙན<<མྱ་ངམ་ཐང>>ཞེས་པར་ཀྲུང་དབྱང་གི་གཙོ་རྒྱུན་སྨྱན་སྦྱོར་དང་ཞིང་ཆེན་སྨྱན་སྦྱོར་གྱིས་དྲིལ་སྒྲོག་ཐེངས་མང་སྤེལ་བ་དང་། ཉེ་ཆར་སི་ཕེན་གྱི་སྐད་དུ་བསྒྱུར་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྒྱལ་སྤྱིའི་འཕྲིན་ལམ་ཐོག་སི་ཕེན་སྐད་ཀྱི་འཕྲིན་ལམ་ནས་ཡང་བསྐྱར་བསྟན་ཏེ་རྒྱ་ཁྱབ་ངང་བརྒྱུད་འགོད་བྱས་པས་གདེང་འཇོག་མཐོན་པོ་ཐོབ་ཡོད། མཚོ་བྱང་ཁུལ་མདོ་ལ་རི་བོ་ཚགས་པར་ཁང་ལ་ཀྲུང་གོ་ཚགས་པར་ལས་རིགས་མཐུན་ཚོགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་སྒྱུར་བཅོས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་དང་ཀན་སུའུ་སྨྱན་སྦྱོར་མཉམ་འདྲེས་གསར་གཏོད་དང་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པའི་ཐོག"མདོ་ལ་རི་བོ་བོད་ཡིག་ཚགས་པར"གྱི་སྨྱན་སྦྱོར་སྤྱི་སྟེགས་ལ"ཕུལ་བྱུང་དཔེ་མཚོན"གྱི་བྱ་དགའ་ཐོབ་པ་དང་། དེ་ནི་བོད་འབྲེལ་ས་ཁུལ་གྱི་བོད་ཡིག་སྨྱན་སྦྱོར་ཁྲོད་བྱ་དགའ་ཐོབ་མཁན་གཅིག་པུ་ཡིན་ལ་ཐོག་མ་ཡང་ཡིན། ཁུལ་དང་རྫོང་གི་གསར་འགྱུར་སྨྱན་སྦྱོར་གྱི་སྐད་འཕྲིན་སྤྱི་སྟེགས་ཀྱི་ཤུགས་རྐྱེན་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་སླེབས་བཞིན་ཡོད།
བྱེད་སྒོའི་ཁྲོད། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་། མཚོ་བྱང་ཁུལ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས། མཚོ་བྱང་ཁུལ་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས། མཚོ་བྱང་འཐབ་ཕྱོགས་གཅིག་གྱུར་གྱི་གསོ་སྦྱོང་ལྟེ་གནས། མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་ཉམས་ཞིབ་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་། རྫོང་ཨུའི་དྲིལ་བསྒྲགས་པུའུ་སོ་སོ་ལ"མཚོ་བྱང་ཁུལ་གྱི་སྲིད་འཛིན་སློབ་ཚན་ཆེན་མོ"ཞེས་པའི་ཕུལ་བྱུང་བརྙན་གཟིགས་བརྩམས་ཆོས་ཕུལ།
མཚོ་བྱང་ཁུལ་གྱི"གསར་འགོད་པ་བཟང་པོས་གཏམ་རྒྱུད་ལེགས་པོ་བཤད་པའི"འགྲན་སྡུར་བྱེད་སྒོའི་ནང་ཞུགས་མཁན་བདམས་ཐོན་ཚན་ཆུང6གིས"མཚོ་བྱང་གི་གཏམ་རྒྱུད་ལེགས་པོར་ཤོད་པ་དང་། མཚོ་བྱང་གི་སྐད་སྒྲ་བརྒྱུད་སྒྲོག་བྱེད"ཅེས་པའི་བརྗོད་དོན་ལ་དམིགས་ཏེ་འཐབ་ཕྱོགས་དང་པོའི་བཅར་འདྲིའི་མྱོང་ཚོར་མཉམ་སྤྱོད་བྱས། ཛ་དྲག་གི་འགྲན་རྩོད་བྱས་པ་བརྒྱུད་མདའ་བཞི་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲོའུ་ཙི་ཧུའེ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་རན་ཡ་ནན་ལ་བྱ་དགའ་ཨང་གཉིས་པ་ཐོབ། མདོ་ལ་རི་བོ་ཚགས་པར་ཁང་གི་ལིའུ་ཡུང་ཚོན་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། བདམས་ཐོན་པ་གཞན་དག་ལ་ཕུལ་བྱུང་བྱ་དགའ་བཅས་ཐོབ།
མདོ་ལ་རི་བོ་ཚགས་པར་ལས་ཁུངས་དང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས། འཇུ་ལག་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། མདོ་ལ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ནས་ཡོང་བའི་གསར་འགྱུར་ལས་སྒྲུབ་པས་ཞབས་བྲོ་དང་། གླུ་གཞས། རྡུང་ལེན་སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་། མང་ཚོགས་ཚོགས་པ་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འབྲེལ་ཡོད་འགན་འཁུར་བ་དང་ལས་བྱེད་ལས་བཟོ་བའི་འཐུས་མི། རྫོང་བཞིའི་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་འགན་འཁུར་བ་དང་འཁྲབ་སྟོན་མི་སྣ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་སྨྱན་སྦྱོར་དང་མདོ་ལ་རི་བོ་ཚགས་པར་ལས་ཁུངས། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་བཅས་ཀྱི་གསར་འགྱུར་ལས་སྒྲུབ་པ་ཡོངས་བྱེད་སྒོའི་ཁྲོད་ཞུགས།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། གུ་རུ་སྐྱབས།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
文图/祁连山报社全媒体记者 陈文年
责编/格日加布
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系