错那市第二轮促消活动开始啦,最高可减免150元(藏语版)

政务   2024-11-25 19:54   西藏  

点击蓝字 关注我们


དང་པོ། བྱེད་སྒོའི་བརྗོད་བྱ་གཙོ་བོ།

2024ལོའི་མཚོ་སྣ་གྲོང་ཁྱེར་གྱི་“ཁ་བའི་ལྗོངས་ཀྱི་མཚོ་སྣ། དྲོ་སྐྱིད་སྐྱོང་བའི་ཕྱག་རྟགས་”ཞེས་པའི་འཛད་སྤྱོད་བྲིན་སྐུལ་བྱེད་སྒོ།

གཉིས་པ། བྱེད་སྒོ་སྤེལ་བའི་དུས་ཚོད།

2024ལོའི་ཟླ་11པའི་ཚེས་25ཉིན་གྱི་དགོང་མོའི་ཆུ་ཚོད་6པ་ནས་འགོ་བཙུགས་ཏེ། ཟླ་12པའི་ཚེས་2ཉིན་གྱི་དགོང་མོའི་ཆུ་ཚོད་11དང་སྐར་མ་59མཇུག་སྒྲིལ་རྒྱུ།

བྱེད་སྒོའི་ཁ་གྲངས་ལ་ཚད་བཀག་ཡོད་པས་ཐོ་འགོད་བྱས་པའི་སྔ་ཕྱི་གཞིར་བཟུང་བརྩི་རྒྱུ་དང་། ཁ་གྲངས་(སམ་མ་དངུལ་)ལོན་ཚེ་བྱེད་སྒོ་སྔ་ནུར་དུ་མཇུག་སྒྲིལ་རྒྱུ་ཡིན།

གསུམ་པ། བྱེད་སྒོ་གཙོ་གཉེར་ཚན་པ་དང་ལག་བསྟར་ཚན་པ།

གཙོ་གཉེར་ཚན་པ། མཚོ་སྣ་གྲོང་ཁྱེར་མི་དམངས་སྲིད་གཞུང་།

སྒྲུབ་གཉེར་ཚན་པ། མཚོ་སྣ་གྲོང་ཁྱེར་ཚོང་དོན་ཅུད།

རོགས་སྐྱོར་ཚན་པ།  མཚོ་སྣ་གྲོང་ཁྱེར་གྱི་“ཁ་བའི་ལྗོངས་ཀྱི་མཚོ་སྣ། དྲོ་སྐྱིད་སྐྱོང་བའི་ཕྱག་རྟགས་”ཞེས་པའི་འཛད་སྤྱོད་བྲིན་སྐུལ་བྱེད་སྒོའི་འགོ་འཁྲིད་ཚོགས་ཆུང་གི་ཁོངས་མི།

ལག་བསྟར་ཚན་པ།   ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྣ་ཡན་ལག་དངུལ་ཁང་།

བཞི་པ། བྱེད་སྒོ་སྤེལ་ཡུལ། 

མཚོ་སྣ་གྲོང་ཁྱེར་མངའ་ཁོངས་སུ་འཛད་སྤྱོད་བྲིན་སྐུལ་བྱེད་སྒོར་བཞུགས་མཁན་གྱི་ཚོང་དུད་ནས་ཅ་དངོས་འཛད་སྤྱོད་བྱེད་མཁན་ཡོད་ཚད།(ཕྱི་ཕྱོགས་ནས་ཡོང་བའི་མི་སྣ་ཚུད་)

ལྔ་པ། བྱེད་སྒོར་བཞུགས་ཐབས།

འཛད་སྤྱོད་བྲིན་སྐུལ་གྱི་བྱེད་སྒོ་སྤེལ་རིང་། འཛད་སྤྱོད་པས་བྱེད་སྒོར་བཞུགས་མཁན་ཚོང་དུད་ནས་(ཕྱི་ཕྱོགས་ནས་ཡོང་བའི་མི་ཚུད་)འཛད་སྤྱོད་བྱས་རྗེས། ཀྲུང་གོ་ཞིང་ལས་དངུལ་ཁང་སྦར་མཐིལ་དངུལ་ཁང་གི་APPབརྒྱུད་དེ་ཚོང་དུད་ཀྱི་རྩ་གཉིས་ཨང་རྟགས་བཤེར་ཚེ་(ཞིང་ལས་དངུལ་ཁང་གི་འགུལ་མེད་འདུས་རྟགས་)འབྲེལ་ཡོད་ཀྱི་ཆག་ཡང་དང་རྩ་ཆག་གཏོང་བའི་ཁ་གསབ་ལོངས་སྤྱོད་བྱ་ཐུབ།

དྲུག་པ། ཁ་གསབ་ཚད་གཞི།

གཅིག བརྒྱ་ཟོག་རིགས། (ཐ་མག་དང་ཨ་རག་ཕུད་)འཛད་སྤྱོད་སྒོར་500ཟིན་ཚེ་སྒོར་100གཅོག་རྒྱུ་དང་སྒོར་300ལོན་ཚེ་སྒོར་60གཅོག་རྒྱུ། སྒོར་200ལོན་ཚེ་སྒོར་40གཅོག་རྒྱུ།  སྒོར་100ལོན་ཚེ་སྒོར་20གཅོག་རྒྱུ།

གཉིས། ཁྱད་ལྡན་ཐོན་རྫས་རིགས། འཛད་སྤྱོད་སྒོར་500ཟིན་ཚེ་སྒོར་150གཅོག་རྒྱུ་དང་སྒོར་300ལོན་ཚེ་སྒོར་90གཅོག་རྒྱུ། སྒོར་200ལོན་ཚེ་སྒོར་60གཅོག་རྒྱུ། སྒོར་100ལོན་ཚེ་སྒོར་30གཅོག་རྒྱུ།

གསུམ། བཅོས་སྣུམ་རིགས། འཛད་སྤྱོད་སྒོར་500ཟིན་ཚེ་སྒོར་100གཅོག་རྒྱུ་དང་སྒོར་400ལོན་ཚེ་སྒོར་80གཅོག་རྒྱུ། སྒོར་300ལོན་ཚེ་སྒོར་60གཅོག་རྒྱུ། སྒོར་200ལོན་ཚེ་སྒོར་40གཅོག་རྒྱུ།

བཞི། བཟའ་བཏུང་རིགས། འཛད་སྤྱོད་སྒོར་500ཟིན་ཚེ་སྒོར་100གཅོག་རྒྱུ་དང་སྒོར་300ལོན་ཚེ་སྒོར་60གཅོག་རྒྱུ། སྒོར་200ལོན་ཚེ་སྒོར་40གཅོག་རྒྱུ། སྒོར་100ལོན་ཚེ་སྒོར་20གཅོག་རྒྱུ།

责编:贡嘎多长

校对拉姆次仁

主编丁 洪  飞

关注“网信错那视频号”

查看更多精彩资讯




网信错那
为建设“七个错那”提供坚实思想基础、强大精神动力、有力舆论支持和良好文化条件。
 最新文章