➤ཟླ11པའི་ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྨྱན་སྦྱོར་ཇུས་འདོན་ཚོགས་པའི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
➤ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཀྲུང་གོ་དང་པར་ཙིར་གྱི་མཛའ་གྲོགས་བྱ་གཞག་ལ་མུ་མཐུད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།
➤ནོར་སྲིད་པུས་བརྡ་ཐོ་བཏང་ནས། 2025ལོར་ཀྲུང་དབྱང་ནོར་སྲིད་ཀྱི་མཁར་གྲོང་གི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཁ་གསབ་མ་དངུལ་གྱི་སྔོན་རྩིས་སྒོར་དུང་ཕྱུར566སྔ་སྣུར་དུ་གཤམ་སྤྲོད་བྱས།
➤ཚེས11ཉིན། ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ10པའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས89ཡིན་པ་དེ་ཟླ9པ་དང་བསྡུར་ན0.3འཕར་ནས་ད་ལོ་ཚུན་གྱི་འཕར་ཚད་ཆེས་ཆེ་ཤོས་ཡིན་པ་རེད།
➤ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ10པར་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྟོན་གྲངས115ཡིན་པ་དེ་ཟླ་བ་གོང་མ་ལས0.6འཕར་ཡོད།
➤ཀྲུང་དབྱང་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བཅུ་པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི254.1ཡིན་པ་དེ་དུས་མཚུངས་ལས8%འཕར་ཡོད་པ་རེད།
➤ཚེས11ཉིན། ཤུགས་མདའ་རྟགས་ཅན་དང་པོ་ཐག་རིང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལྔ་པ(力箭一号遥五运载火箭)ཤར་རླུང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟའི་ཁུལ་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཏེ། སྲུང་སྐར15སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་སྐྱེལ་ཐུབ་པ་བྱུང་།
➤ཚེས11ཉིན་འཇར་པན་རང་དབང་དམངས་གཙོ་ཏང་གི་ཙུང་ཚའེ་ཧྲི་པའོ་མའོ་ནི་རྒྱལ་ཚོགས་ཀྱི་གྲོས་ཁང་གཉིས་ཀྱི་དབུ་བཞུགས་བློན་ཆེན་གྱི་མིང་བཏོན་འདེམས་བསྐོ་བྱས་པ་བརྒྱུད་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨང103པར་བདམས་ཐོན་བྱུང་བ་རེད།
➤དབྱི་སི་རལ་གྱི་སྨྱན་སྦྱོར་ཐོག་ཚེས10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དེ་ཉིན་འཚོགས་པའི་ནང་བློན་ཁང་གི་ཚོགས་འདུའི་ཐོག་ལེ་པ་ནོན་གྱི་ཏང་ངོ་མའི་ཁོངས་མིར་འཕྲིན་གཏོང་སྒྲིག་ཆས་བཟོས་ནས་འབར་གས་བྱུང་བའི་དོན་རྐྱེན་དེ་ཁས་ལེན་ཐེངས་དང་པོ་བྱས་པ་རེད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས11ཉིན་གྱི་མཚན་མོ་ནས་ཚེས12ཉིན་གྱི་སྔ་དྲོ་བར་ཧོ་པེ་དང་ཧྲན་ཏུང་། ཧོ་ནན། ཅང་སུའུ། ཁྲུང་ཆིང་སོགས་ས་ཁུལ་ཁག་ཅིག་ཏུ་མིག་གིས་ཟིན་ཚད་སྨི500ལས་དམའ་བའི་སྨུག་པ་སྟུག་པོ་ཡོད་པའི་སྔོན་བརྡ་བཏང་།
➤རང་བྱུང་ཐོན་ཁུངས་པུས་བརྡ་ཐོ་བཏང་ནས་ས་གནས་ཁག་གིས་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་མ་དངུལ་སྤྱད་དེ་ཉོ་སྒྲུབ་གསོག་འཇོག་དང་བེད་མེད་དུ་ལུས་པའི་ས་ཆ་བསྡུ་ཤུགས་ཆེ་རུ་བཏང་ནས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
➤ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་ཁྲི2446.6དང་ཁྲི2462.4ཡིན་པ་དེ་དུས་མཚུངས་ལས་སོ་སོར1.9%དང2.7%འཕར་ཡོད།
➤འགག་སྒོ་ལས་ཁུངས་ཀྱི་གཞི་གྲངས་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་བརྒྱུད་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི1.15ཡིན་པ་དེ་དུས་མཚུངས་ལས8.8%འཕར་ཡོད་པ་རེད།
➤ཉེ་ཆར་རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་སྦྲེལ་དྲའི་ཐོག་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་སྒུལ་བདེའིAppསྒེར་གྱི་གསང་བ་དང་ཚད་དང་མི་མཐུན་པའི་བྱ་སྤྱོད་ཁག13ཤེས་རྟོགས་བྱུང་ལ། དེ་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།
➤ཚེས11ཉིན་ཟླ་བའི་ལྷ་མོ་དྲུག་པས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དཔེ་ལེན་བྱས་ཏེ་ཕྱིར་ལོག་བྱས་པའི་ཟླ་བའི་གོ་ལའི་དངོས་དཔེ་ཀྲུང་གོའི་མཁའ་འགྲུལ་འགྲེམ་སྟོན་ཐོག་ཐེངས་དང་པོ་མངོན་པ་རེད།
➤རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་དང་ཞིབ་བཟོ་བྱས་པའི་ཟོག་འདྲེན་འཇིག་རྟེན་འཕུར་སྐྱོད་གནམ་གྲུ“ཧའོ་ལུང”(昊龙)གི་ཇུས་གཞིའི་ཇུས་འགོད་ལེགས་གྲུབ་བྱུང་ནས་ཁྱོན་ཡོངས་ནས་ལས་གྲྭ་ཞིབ་བཟོ་བྱེད་བཞིན་ཡོད་པ་རེད།
➤རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་རྣམ་པའི་གློག་གཏོང་འཕྲུལ་འཁོར་གྱི་ཆད་ལམ་ཆས་ཞིབ་བཟོ་ལེགས་གྲུབ་བྱུང་ནས། གློག་གཏོང་བཟོ་གྲྭའི་མ་ལག་གི་མ་འཇོག་དང་འཁོར་རྒྱུག་མ་གནས་དམའ་རུ་ཤུགས་ཆེན་གཏོང་ཐུབ་ཡོད་པ་རེད།
སྲིད་ཇུས།
➤པེ་ཅིང་གིས་བརྡ་ཐོ་བཏང་ནས་ཆ་རྐྱེན་དང་མཐུན་པའི་སྡེ་བའི་སྡོད་དུད་ཁྲོམ་ར་ཅན་དང་འཚམ་པའི་རང་འགུལ་གྱི་གསར་བརྗེ་ཉོ་སྒྲུབ་དེ་ཁོར་ཡུག་དྲོད་ཚད་དམའ་བའི་མཁའ་རླུང་འབྱུང་ཁུངས་གི་ཚ་འཐེན་ཆུ་ཚ་འཕྲུལ་ཚན་དང་འཚམ་ན། ཐོན་རྫས་ཕྱིར་འཚོང་རིན་གོང་གི40%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་རོགས་དངུལ་ཆེས་མཐོ་ཤོས་དེ་དུད་ཚང་རེར་སྒོར6000ལས་མི་བརྒལ་རྒྱུའི་བརྡ་ཐོ་བཏང་བ་རེད།
➤ཧྲེན་ཀྲེན་གྱིས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས་ནས་ལས་བཟོས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྤྱད་དེ་སྡོད་ཁང་ཐོག་མ་ཉོ་མཁན་ལ་དེའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱི་དངུལ་འབོར་མཐོ་ཤོས40%སྤོར་ཆོག་པའི་གཏན་འབེབས་བྱ་རྩིས་ཡོད་པ་རེད།
➤ཉིང་ཞ་ཡིས་བྱ་ཐབས་དཔར་འགྲེམ་བྱས་ནས་མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གྱི་དངུལ་འབོར་དེ་ཆེས་མཐོ་ཤོས་སྒོར་ཁྲི20ནས་ཆེས་མཐོ་ཤོས་སྒོར་ཁྲི30བར་མང་དུ་བཏང་ཡོད་པ་རེད།
དེ་རིང་གི་གནམ་གཤིས།
➤ནང་སོག་ཧོ་ཐའོ་ས་ཁུལ་དང་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ཞིན་ཅང་གི་ལྷོ་རྒྱུད་གཤོང་ས། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲན་ཞི(陕西)ཡི་བྱང་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་གི་དབུས་ནུབ་རྒྱུད་དང་ལྷོ་རྒྱུད། ཧོང་ཧའེ་ནུབ་རྒྱུད། ཅང་ཧན་ཤར་རྒྱུད་དང་ནུབ་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུ་ཅན་གྱི་བྱང་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/彭毛才旦
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系