མཚོ་བྱང་ཁུལ་གྱི2024ལོའི་དགུན་དུས་ཡུལ་སྐོར་མགོ་རྩོམ་མཛད་སྒོའི་ངོ་མཚར་ལྟད་མོ།
ཟླ11པའི་ཚེས15ཉིན། མཚོ་བྱང་ཁུལ་གྱི2024ལོའི་དགུན་དུས་ཡུལ་སྐོར་བྱེད་སྒོ་གཟབ་རྒྱས་ངང་སྤེལ་མགོ་བརྩམས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་མཚོ་སྔོན་པོ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་དགུན་དུས་ཀྱི་རང་བྱུང་མཛེས་ལྗོངས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ཚང་མར"རབ་མཛེས་མཚོ་སྔོན། དག་སྣང་མཚོ་བྱང"གི་ཐུན་མོང་མ་ཡིན་པའི་གངས་འཁྱགས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཏེ། མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་ལ་གསོན་ཤུགས་བསྩལ། མཚོ་སྔོན་པོའི་དར་སྔོན་མཛེས་པ་མངོན་ཞིང་མདོ་ལ་རི་བོའི་གངས་ཀྱི་གཟི་དཔལ་རྒྱས་པའི་དགུན་དུས་ཡུལ་སྐོར་མཚོ་བྱང་སྐྱིད་ཅེས་པ་བརྗོད་དོན་དུ་བཟུང་ནས། མཚོ་བྱང་གི་དགུན་དུས་ཡུལ་སྐོར་ཐོན་ཁུངས་ཐོན་རྫས་གཅིག་སྡུད་ཐོག་འོས་སྦྱོར་དང་དགུན་དུས་ཡུལ་སྐོར་གཟིགས་སྐྱོང་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུ་བྱས་ཡོད། མགོ་རྩོམ་མཛད་སྒོའི་སྟེང་གསར་འགོད་པས་བརྙན་མིག་ལ་བརྟེན་ནས་ངོ་མཚར་ཆེ་བའི་སྐད་ཅིག་མ་ཁ་ཤས་ཟིན་ཐོར་བཀོད་པ་ཚང་མས་མཉམ་སྤྱོད་ཐེངས་གཅིག་བྱེད།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
文图/祁连山报社全媒体记者 吴萍 马淑珍 才项什姐 李潇
责编/彭毛才旦
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系