2024ལོའི་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་བྱ་འགུལ་སོ་སོ་ཕྱོགས་ཡོངས་ནས་མགོ་རྩོམ་པ་དང་། དགུན་དཔྱིད་དུས་ཚིགས་ཀྱི་མཚོ་བྱང་གི་གངས་འཁྱག་ཡུལ་སྐོར་ཁྲོམ་ར་ལ་ནུས་ཤུགས་ཡོད་རྒུས་གསོན་ཤུགས་སྩོལ་བ། མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ལ་སྔར་ལས་ཤུགས་སྣོན་པ། ཁུལ་ཡོངས་ཀྱི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་སྒྲུབ་འགན་འཁུར་བའི2024ལོའི་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་མགོ་རྩོམ་མཛད་སྒོ་ནི2024ལོའི་ཟླ11པའི་ཚེས15ཉིན་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་ཕྱིའི་རྟེན་གཞི་ནས་སྒྲུབ་འཆར་ཡོད་པས། རྒྱ་ཆེ་ཡུལ་སྐོར་མགྲོན་པོ་བྱ་འགུལ་འདི་ལ་ཕེབས་པར་དགའ་བའི་བསུ་མ་ཞུས་ཡོད་ལ། ང་ཚོ་མཛེས་སྡུག་གི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ནས་ལྷན་འཛོམས་བྱུང་སྟེ་མཚོ་བྱང་གི་རིག་གནས་ཡུལ་སྐོར་གྱི་གསོལ་སྟོན་ལ་མཉམ་དུ་རོལ། བྱ་འགུལ་གྱི་ནང་དོན།
དང་པོ། མགོ་རྩོམ་མཛད་སྒོ།
དུས་ཚོད། 2024ལོའི་ཟླ11པའི་ཚེས15ཉིན་གྱི་སྔ་དྲོ། ཆུ་ཚོད09:30—12:00
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི།
ནང་དོན། 1.དགུན་དུས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར། 2.ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་དོན་ཁང་དང“དགུན་དུས་ཡུལ་སྐོར་མཚོ་བྱང་དུ་བསྐྱོད་པའི”གན་རྒྱ་འཇོག་པ། 3.མི་རིགས་རྒྱན་གོས་དང་དགུན་ལྭ་འཁྲབ་སྟོན། 4.མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རི་ཀླུང་བརྒལ་བའི་རླངས་འཁོརeརིགས་མཚོ་སྔོན་རུ་ཆེན་གྱི་དགའ་ནེའུ་དུས་ཆེན་གྱི་བྱ་འགུལ། 5.མཚོ་བྱང་ཁུལ་གྱི“མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི”རྟ་རྒྱུག་འགྲན་སྡུར། 6.“མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི”རྐང་བགྲོད་འགྲན་སྡུར།གཉིས་པ། དགུན་དུས་ཡུལ་སྐོར་འོས་སྦྱོར།
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི།
ནང་དོན། 1.མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ཁུལ་ཡོངས་ཀྱི་དགུན་དུས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱེད་པ། 2.“མཚོ་བྱང་གི་གཟུགས་བྱད་ཕོ་ཉ”ཆོས་དབྱིངས་སྐྱིད་ཀྱིས་ཁུལ་ཡོངས་ཀྱི་ལུས་རྩལ་ལས་དོན་འཕེལ་རྒྱས་གནས་ཚུལ་འོས་སྦྱོར་བྱེད་པ། 3.ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་བསོད་ནམས་ཚེ་རིང་གིས་ཁུལ་ཡོངས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་གནས་ཚུལ་འོས་སྦྱོར་བྱེད་པ།གསུམ་པ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་དོན་ཁང་དང་མཉམ་དུ“དགུན་དུས་ཡུལ་སྐོར་མཚོ་བྱང་དུ་བསྐྱོད་པའི”གན་རྒྱ་འཇོག་པ།
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི།
ནང་དོན། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་དོན་ཁང15དང་ཁུལ་ཐད་གཏོགས་རིག་གནས་ཡུལ་སྐོར་ཁེ་ལས་ཀྱིས་མཉམ་ལས་གྲོས་མཐུན་གན་རྒྱ་འཇོག་པ།བཞི་པ། མི་སྡོད་རྣམ་པའི་མི་མེད་གནམ་གྲུ་དང་མི་རིགས་སྲོལ་རྒྱུན་སྦེ་གའི་འཁྲབ་སྟོན།
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི།
ནང་དོན། 1.མི་སྡོད་རྣམ་པའི་མི་མེད་གནམ་གྲུའི་འཁྲབ་སྟོན། 2.མི་རིགས་སྲོལ་རྒྱུན་སྦེ་གའི་བྱ་འགུལ་སྤེལ་བ།ལྔ་པ། མི་རིགས་རྒྱན་གོས་ཀྱི་འགྲེམས་འཁྲབ།
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི།
ནང་དོན། མི་རིགས་སྲོལ་རྒྱུན་དང་དེང་རབས་ཀྱི་ཆ་རྐྱེན་ཟུང་འབྲེལ་ཡིན་པའི་མི་རིགས་རྒྱན་གོས་འགྲེམས་འཁྲབ་བྱ་འགུལ་སྤེལ་བ།
དྲུག་པ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རི་ཀླུང་བརྒལ་བའི་རླངས་འཁོརeརིགས་མཚོ་སྔོན་རུ་ཆེན་གྱི་དགའ་ནེའུ་དུས་ཆེན་གྱི་བྱ་འགུལ།
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་སྒོ་ནས་སྨོན་ལམ་མཐོན་པོའི་རི་རྩེ།
ནང་དོན། ཞིང་ཆེན་ཕྱི་ནང་གི་རི་ཀླུང་བརྒལ་ཏེ་རླངས་འཁོར་བསྐོར་བར་དགའ་བའི་མི་སྣ་གདན་འདྲེན་བྱས་ཏེ་སྨོན་ལམ་མཐོན་པོའི་རི་ཀླུང་འགྲན་སློང་དུ་ཞུགས་ཏེ་རི་ཀླུང་བརྒལ་བའི་ལུས་རྩལ་གྱི་གཟི་དཔལ་དང་མཚོ་བྱང་ཁུལ་གྱི་གངས་འཁྱག་ཐོན་ཁུངས་ཀྱི་ལེགས་ཆ་མངོན་པ། རི་ཀླུང་བརྒལ་ཏེ་རླངས་འཁོར་གཏོང་བར་དགའ་མཁན་དག་རྩ་འཛུགས་བྱས་ཏེ་མཚོ་བྱང་ཁུལ་གྱི་སྲང་ལམ་གཙོ་བོ་དང་གསེར་དངུལ་ཐང་རྡུལ་ཕྲན་མཁར་ཡུལ་སྐོར་ལྗོངས་ཁུལ་བཅས་སུ་སྐོར་བསྐྱོད་བྱས་ནས་རི་ཀླུང་བརྒལ་བའི་རླངས་འཁོར་གྱི་ཉམས་སྣང་དང་གཟི་དཔལ་ངོམ་པ།བདུན་པ། མཚོ་བྱང་ཁུལ་གྱི"མཚོ་སྔོན་གྱི་ལིང་གྱོ་རྒྱ"རྟགས་མའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་འགྲན་སྡུར།
ས་གནས། སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་སྒོ་ནས་སྨོན་ལམ་མཐོན་པོའི་རི་རྩེ།
ནང་དོན། ཁུལ་དང་རྫོང་སོ་སོའི་འགྲན་ཞུགས་པ་དང་ནུབ་མཚོ་གྲོང་རྡལ་མཐའ་འཁོར་གྱི་རྟ་དགའ་བ་རྩ་འཛུགས་བྱས་ཏེ་མཚོ་བྱང་ཁུལ"མཚོ་སྔོན་གྱི་ལིང་གྱོ་རྒྱ"རྟགས་མའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟ་རྒྱུག་འགྲན་སྡུར་སྤེལ།བརྒྱད་པ། "མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི"རྐང་བགྲོད་འགྲན་སྡུར།
ས་གནས། སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི་སྒོ་ནས་སྨོན་ལམ་མཐོན་པའི་སྤྱི་ལེ་གསུམ་གྱི་མཚམས་ནས་ཕྱིར་མགོ་རྩོམ་གནས་བར། བསྡོམས་པས་སྤྱི་ལེ6གི་ལམ་ཐག
ནང་དོན། ཞིང་ཆེན་ཕྱི་ནང་གི་རྐང་བགྲོད་དགའ་མཁན་དང་ཁུལ་དང་རྫོང་གི་ལས་བྱེད་ལས་བཟོ་བ་བསྡུས་ཏེ་རྐང་བགྲོད་བྱ་འགུལ་ལ་ཞུགས་པ།
དགུ་པ། རྒྱ་ཁོག་ལ་རོལ་བཞིན་བདེ་སྐྱིད་ཅོང་ཆེན་བརྡུངས།
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་རི་རྩེ།
ནང་དོན། སྨོན་ལམ་མཐོན་པོའི་རི་རྩེ་ནས་གསར་བརྗེ་གླུ་དབྱངས་ལེན་པ་དང་། མཚོ་སྔོན་པོའི་མཛེས་ལྗོངས་ལ་མྱོང་བ། ཟས་མཆོག་རྒྱ་ཁོག་ལ་རོལ་བ། བདེ་སྐྱིད་ཅོང་ཆེན་བརྡུངས་པ། ཐུགས་ཡིད་གཅིག་འདྲེས་ཀྱི་ཟྭའམ་སྨོན་ཚིག་གི་བྱང་བུ་འགེལ་བ།
བཅུ་པ། གཟུགས་འདས་རྣམ་གྲངས་དང་ཞིང་ཕྱུགས་ཐོན་རྫས། ཁྱད་ལྡན་ཟས་མཆོག་འགྲེམ་འཚོང་བྱ་འགུལ།
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི།
ནང་དོན། མཚོ་བྱང་ཁུལ་གྱི་གཟུགས་འདས་རྣམ་གྲངས་དང་ཁྱད་ལྡན་ཟས་མཆོག ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་བྱ་འགུལ་སྤེལ་བ།
བཅུ་གཅིག་པ། ཐང་ག་དང་འཚེམ་དྲུབ། རི་མོ་འགྲེམས་སྟོན།
ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི།
ནང་དོན། མཚོ་བྱང་གི་ཕུལ་བྱུང་རི་མོ་དང་འཚེམ་དྲུབ། ཐང་ག་སོགས་བརྩམས་ཆོས་འགྲེམ་སྟོན་བྱེད་པར་མ་ཟད། དམངས་ཁྲོད་སྒྱུ་རྩལ་པ་རྩ་འཛུགས་བྱས་ཏེ་ཡུལ་དངོས་ནས་ལག་རྩལ་ངོམ་པ།ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/海北文旅 责编/彭毛才旦
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系