གསར་འགྱུར་གལ་ཆེན།
➤ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་གྱི་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་མཁན་ལ་བརྡུངས་པའི་གྱོད་གཞིར་མཛུབ་སྟོན་གལ་ཆེན་གནང་སྟེ། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། ལག་དམར་ལ་ཁྲིམས་ལྟར་ཆད་པ་ནན་མོ། ཉེན་ཁའི་འབྱུང་རྩར་འགོག་སྡོམ་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས་ཐལ་དྲག་པའི་གྱོད་གཞི་ཐོན་རྒྱུ་ནན་འགོག་བྱེད་དགོས་པའི་ནན་བཤད་གནང་།
➤ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《〈རྒྱལ་ཡོངས་ཀྱི་ལོ་རེའི་དུས་ཆེན་དང་དྲན་གསོའི་ཉིན་མོར་ངལ་གསོ་འཇོག་ཐབས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་འབྲེལ2025ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་བཀོད་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
➤ཚེས11ཉིན་རྒྱལ་ཡོངས་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་མྱུར་སྐྱེལ་བསྐུར་མ་ཁྱོན་དུང་ཕྱུར7.01ཐག་གཅོད་བྱས་པ་དེ་རྒྱུན་གཏན་ལས་སྒོའི་གྲངས་འབོར་གྱི151%ཡིན་པ་དེ་དུས་མཚུངས་ལས9.7%འཕར་ཡོད་པ་རེད།
➤རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ10པར་དྲ་ཕྱིའི་འཛད་སྤྱོད་ཀྱི་ཚ་རླབས་སྟོན་གྲངས་དུས་མཚུངས་ལས8.2%འཕར་ནས་དྲ་ཕྱིའི་འཛད་སྤྱོད་ཚ་རླབས་འཕར་ཡོད་པ་རེད།
➤ཉིན་འགའི་སྔོན་ལ་རྒྱལ་ཁབ་སྨན་སྐྱོབ་ཅུ་དང་ནོར་སྲིད་པུས་བརྡ་ཐོ་དཔར་འགྲེམ་བྱས་ནས་རྒྱལ་ཡོངས་རིམ་པའི་ཐོག་ནས་གཞི་རྩའི་སྨན་སྐྱོབ་ཐེབས་རྩའི་སྔོན་གཏོང་ལམ་ལུགས་གཅིག་གྱུར་དང་འཐུས་ཚང་དུ་བཏང་།
➤སློབ་གསོ་པུ་སོགས་སྡེ་ཁག་གསུམ་གྱིས་ཡིག་ཆ་བཀྲམ་ནས་བུ་བཅོལ་ཁང་དང་སློབ་ཆུང་གི་རྒྱང་སྒྲིབ་འགོག་སྡོམ་གྱི་འགག་རྩའི་དུས་མཚམས་ཀྱི་འགོག་སྡོམ་ལས་དོན་བཀོད་སྒྲིག་བྱས་པའི་ནང་ཆ་རྐྱེན་བསྐྲུན་ནས་ཕྱི་རོལ་གྱི་བྱེད་སྒོའི་དུས་ཚོད་འགན་ལེན་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།
➤གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཟླ10པའི་ཚེས31ཉིན་བར་རྒྱལ་ཡོངས་སུ“མི་ཐབས་རིག་ནུས”ཀྱི་རྩ་འཛུགས་སྒྲིག་གཞི་ཁྲི190ཙམ་ཡོད་པ་རེད།
➤ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ9པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གཙོ་གནད་ཚོང་དུད་ལ་ཕྱི་བྱང(外卡)བདག་སྤྲོད་བྱེད་ཚད99%ལ་སླེབས་པ་རེད།
➤རང་རྒྱལ་གྱི་ཚོང་ལས་རྡོ་གཡམ་རླངས་ཞིང་དང་པོ་སྟེ་ཕུའུ་ལིང་རྡོ་གཡམ་རླངས་ཞིང་ནས་རིམ་རྩིས་བྱས་ན་རྡོ་གཡམ་རླངས་ཞིང་ཐོན་སྐྱེད་བྱེད་ཚད་ཤོ་སྨི་དུང་ཕྱུར700ལས་བརྒལ་ཡོད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། འབྱུང་འགྱུར་ཉིན་གསུམ་ནང་དབུས་ཤར་རྒྱུད་ཀྱི་ས་ཆ་མང་པོ་ཞིག་གི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས6℃ནས10℃བར་མཐོ་བ་ཡོད་པ་རེད།
➤2024ལོའི་དུས་ཚིགས་གསུམ་པའི“ཀྲུང་གོའི་མི་བཟང་མིང་ཐོ”ཚེས12ཉིན་ཁྱབ་བསྒྲགས་བྱས་ནས་འབྲུབ་འགོག་འཐབ་ཕྱོགས་དང་པོར་རང་སྲོག་བློས་བཏང་བའི“ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི”གཞི་རིམ་གྱི་ལས་བྱེད་པ་ལི་ཏུང་སོགས་མི152(ཚན)མིང་ཐོའི་ནང་ཚུད་པ་རེད།
➤ཀོང་ཏུང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རིན་གཞོན་པ་ཁྲེན་ཅི་ཞིན་གྱིས་ལྐོག་རྔན་བླངས་པ་དང་། ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་དོན་ལ་འདྲི་ཞིབ་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ལ། ཁྲེན་ཅི་ཞིན་ལ་སྲོག་ཆད་དུས་འགྱངས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།
➤ཀྲུང་གོ་ཚོང་སྤྱོད་གནམ་གྲུ་སྤྱི་གཉེར་གྱིས་ཚེས12ཉིན་རང་རྒྱལ་གྱིས་བཟོས་པའི་ཡན་ལག་མཁའ་ལམ་གྱི་འགྲུལ་སྐྱེལ་གནམ་གྲུARJ21ལ་ཚོང་ལས་མིང“C909”གསར་སྣོན་བྱ་རྒྱུ་ཁྱབ་བསྒྲགས་བྱས།
➤ཚེས12ཉིན་ཧྲན་ཞི(山西)ཞང་ཧྥུན་རྫོང་ཐའོ་སི་སྡེ་བར་ཡོད་པའི་ཐའོ་དགོན(陶寺)གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་དངོས་སུ་ཕྱེ་བ་རེད།
➤ཚེས11ཉིན་གྱི་དགོང་མོར། ཀོང་ཏུང་ཀྲུའུ་ཧའེ་རུ་རླངས་འཁོར་བཏང་ནས་གྲོང་མིར་བརྡུངས་པའི་གྱོད་གཞི་ཚབས་ཆེན་ཞིག་བྱུང་བ་རེད། ཚེས12ཉིན་ཀྲུའུ་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་རྟོག་པའི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། གྱོད་གཞི་དེའི་ནང་མི35རྐྱེན་ལམ་དུ་ཤོར་བ་དང་མི43ལ་རྨས་སྐྱོན་ཕོག་ཡོད་པ་རེད།
➤རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཚད་རྡུལ་གྱི་ཞིབ་ཚགས་ཚད་འཇལ་ལག་རྩལ་སྤྱད་དེ་མངོན་མེད་དངོས་པོ་འཚོལ་ཞིབ་བྱས་ནས། རྒྱལ་སྤྱིའི་ཐོག་ཁྱབ་ཁོངས་དེའི་འཚོལ་ཞིབ་མཚམས་ཚད་ཉུང་མཐར་ཡང་ལྡབ50མཐོ་རུ་བཏང་ཡོད་པ་རེད།
➤བརྟག་དཔྱད་ཚོགས་པས་ཀོང་ཞི་ལེ་ཡེ་རྫོང་ནས་སྦྱར་ལྕང་ཁག་གི་རའི་རྭ་ཤིང་གི་ཁོངས་གཏོགས་སྐྱེས་དངོས་གསར་བ“ལེ་ཡེ་རའི་རྭ་སྡོང་བོ(乐业山羊角树)”ཤེས་རྟོགས་བྱུང་།
➤ཉེ་ཆར། ཁ་ཏར་མི་ཉན་པར་ཅང་ཞིའི་པའེ་ཀྲང་རི་བོ་ནས་གསར་སྤེལ་བྱས་མེད་པའི་རི་ཁུལ་དུ་སྐྱོད་མཁན་གནས་སྐོར་བ་ལྔ་པོས་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་བའི་རོགས་སྐྱོབ་གྲོན་དངུལ་སྒོར་ཁྲི2ས་གནས་དེ་གའི་ནོར་སྲིད་རྩིས་ཁྲར་རྩིས་སྤྲོད་བྱས་པ་དང་། གྲོན་དངུལ་དེ་དག་རོགས་སྐྱོབ་ནང་ཞུགས་མཁན་སྤྱི་ཚོགས་རོགས་སྐྱོབ་སྟོབས་ཤུགས་དང་མང་ཚོགས་ལ་སྤྲོད་རྒྱུ་ཡིན་པ་རེད།
སྲིད་ཇུས།
➤རྒྱལ་ཁབ་སྨན་སྐྱོབ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། “བདེ་འཇགས་སྨན་བཅོས”དང“སྨན་ཁང་དུ་སྡོད་པའི་མི་གཅིག་ཉལ་སའི་ནད་ཁྲིའི་གྲོན་དངུལ”སོགས་ལས་གཞི36《ཕྱོགས་བསྡུས་སྨན་བཅོས་ཞབས་ཞུའི་རིན་གོང་ལས་གཞི་འཛུགས་པའི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར) 》ནང་བཅུག་ཡོད་པ་རེད།
➤ཐེན་ཅིན་གྱིས་ཁ་གསལ་བཏོན་དོན། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ནང་ཞུགས་མཁན་རྒྱལ་ནང་གི་མི་སྒེར་གྱིས་མི་སྒེར་གྱི་ཕྱི་དངུལ་རྩིས་ཁྲའི་ཐོག་ནས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱི་དངུལ་བསྡོམས་རྩིས་བྱེད་ཆོག་གི་ཡོད་པ་རེད།
➤ཀོང་ཏུང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མར་ཕྱོགས་པའི་རིག་ཚན་རིགས་ཀྱི་དམངས་གཉེར་སློབ་གསོ་གསོ་སྦྱོང་སྒྲིག་གཞི་གསར་བར་ཞིབ་མཆན་འགོད་རྒྱུ་མ་རེད།
དེ་རིང་གི་གནམ་གཤིས།
➤ཞིན་ཅང་གི་བྱང་རྒྱུད་དང་ཞིན་ཅང་གི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། ཧྲའན་ཞིའི་ནུབ་བྱང་རྒྱུད་དང་། ཧྲན་ཞིའི་དབུས་རྒྱུད། ཧོ་པེའི་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཁྲུང་ཆིང་དབུས་ནུབ་རྒྱུད། བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/彭毛才旦
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系