“འཇུ་ལག་ལོག་དཀར”ཀྲུང་གོའི་ཞིང་ལས་ཆས་རྟགས་ཀྱི་དཀར་ཆག2024ལོའི་ཞིང་ལས་ཐོན་རྫས་ས་ཁོངས་སྤྱི་སྤྱོད་ཆས་རྟགས་ཀྱི་མིང་ཐོའི་ནང་ཚུད།ཉེ་ཆར། “འཇུ་ལག་ལོག་དཀར”ཀྲུང་གོའི་ཞིང་ལས་ཆས་རྟགས་ཀྱི་དཀར་ཆག2024ལོའི་ཞིང་ལས་ཐོན་རྫས་ས་ཁོངས་སྤྱི་སྤྱོད་ཆས་རྟགས་ཀྱི་མིང་ཐོའི་ནང་ཚུད་ལ།
སྣུམ་རྒྱུའི་ཆས་རྟགས19ཁྲོད“ལོག་དཀར”གྱི་ཆས་རྟགས་གཅིག་པུར་གྱུར། འདི་ནི“འཇུ་ལག་ནས་དང་ལོག་དཀར་རྟེན་གཞི”རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་ཚད་ལྡན་རྒྱུ་ཆའི་ཐོན་སྐྱེད་རྟེན་གཞིར་བདམས་རྗེས།
མཚོ་བྱང་གི་ཞིང་ལས་ཆས་རྟགས་འཛུགས་སྐྱོང་ལ་ཡང་བསྐྱར་མཚོན་བྱེད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་ཞིག་རེད།འཇུ་ལག་ལོག་དཀར་ནི་མཐོ་སྒང་གི་གནམ་གཤིས་དང་འཚམ་པ། གྲང་ངར་དང་ཞོད་སྐྱོན་འགོག་ཐུབ་པ།
སྐྱེ་འཕེལ་དུས་ཡུན་ཉིན110ཙམ་ཡིན་པས་ས་བབ་མཐོ་ཚད་སྨི2700ནས3200ཡོད་པའི་མཐོ་གྲང་རི་ཁུལ་དུ་འདེབས་འཛུགས་བྱས་ན་འཚམས། འཇུ་ལག་རྫོང་ནི་མཚོ་སྔོན་གྱི་ལོག་དཀར་འབྱུང་ཁུངས་གཙོ་བོའི་གྲས་ཤིག་ཡིན་ཞིང་། ལོ་རེར་མུའུ་ཁྲི30ཙམ་འདེབས་འཛུགས་བྱེད་པ་དེ་ཡུལ་ཚོ་དང་གྲོང་རྡལ།
ཞིང་ར། རྟ་རྒྱུད་ར་བ་བཅས12ལ་ཁྱབ་པ་དང་ལོ་རེར་ལོག་དཀར་ཏུན་ཁྲི3ཙམ་ཐོན་སྐྱེད་བྱེད་པ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ113ཟིན་གྱིན་ཡོད་ཅིང་། “ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ”ཡོད་པས“བྱང་ཕྱོགས་ལོག་དཀར་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན།ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་འབྲུ་སྣུམ་ལག་རྩལ་སྐྱེད་སྲིང་དང་ཁྱབ་གདལ་གཏོང་རྒྱུར་མཐོང་ཆེན་བྱས་ཤིང་། འཇུ་ལག་རྫོང་དེ་ཐོན་ཁུལ་གཙོ་བོ་ཡིན་པའི་ངོས་ནས“མཚོ་སྔོན་སྣུམ་ཨང21པ”སོགས་ཀྱི་སྤུས་ལེགས་རིགས་སྣ་ཁྱབ་གདལ་བཏང་ལ། འདེབས་གསོ་དང་འཕེལ་རྒྱས། ཁྱབ་གདལ་བཅས་ཀྱི་ལག་རྩལ་མ་ལག་འཐུས་ཚང་དུ་བཏང་ཞིང་། སྐམ་ཞིང་གི་ཐོན་ལེགས་འདེབས་གསོ་དང་ལུད་རྫས་དང་ཞིང་སྨན་གྱི་གྲངས་འབོར་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་ལག་རྩལ་ཁྱབ་གདལ་བཏང་བས་ལོག་དཀར་གྱི་སོན་བཟང98%ལྷག་ཙམ་ཟིན་ཡོད་པ་རེད། ལོག་དཀར་གྱི་ཆ་སྙོམས་ཀྱི་སྣུམ་འདུས་ཚད42.5%ཟིན་པ་དང་། སྣུམ་གོར་གྱི་སྤྲི་དཀར་འདུས་ཚད36%-38%ཡིན་པས། འཚོ་བཅུད་ཕུན་སུམ་ཚོགས་ཤིང་མིའི་ལུས་ཁམས་སུ་འཇུ་ཚད་མཐོ་བ་རེད། དམིགས་བསལ་གྱི་འདེབས་འཛུགས་ཁོར་ཡུག་ལས་ད་དུང་འཇུ་ལག་ལོག་དཀར་མེ་ཏོག་གི་སྦྲང་རྩི་སོགས་ཐོན་འཕར་བྱུང་ཡོད་ཅིང་། དེའི་ནང་ལོག་དཀར་མེ་ཏོག་གི་བསིང་ཕྱེ་རྩབས་ཀྱི་འདུས་ཚད་མཐོ་བ་དང་ཤིང་འབྲས་མངར་ཆའི་འདུས་ཚད་ཕུན་སུམ་ཚོགས་པ། འཚོ་རྒྱུ་དང་སྐྱེ་ལྡན་སྐྱུར། ཞག་ཚིལ་མེད་པ། འཇུ་བྱེད་སོགས་ཀྱི་ཕན་ནུས་མང་པོ་ལྡན་པས་རྒན་གཞོན་ཚང་མར་འཚམ་པའི་བདེ་སྲུང་ཐོན་རྫས་ཤིག་ཡིན་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州农牧和科技局
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系