温馨提醒!请做好冬季农牧区供水设施 防冻保温

政务   2024-11-29 11:39   西藏  


洛扎县水利局关于冬季农牧区供水设施 防冻保温温馨提醒

各广大用水户:

冬季来临,气温逐渐下降,冬季农村饮水安全设施保温防冻工作带来了挑战,为共同做好冬季农牧区供水工作,防止供水设施受冻损坏,切实做好我县农村饮水安全保障工作,保证广大农牧民群众,尤其是高海拔农牧民群众冬季正常用水,可采取以下防冻保护和冻损处理措施。

防冻保护措施

1.管道防冻要“穿衣戴帽”:外露管道可用棉麻织物、塑料泡沫等保温材料包裹;加装伴热带、水龙头在寒冷冬季稍微拧开一些,让水滴成水线状,保持水的持续流动。

2.水表防冻要“内外兼顾”:水表井内可填满锯末或其他保温材料,并用旧棉絮等将水表包好,注意保持其表面干燥、洁净。

3.水泵防冻要“排空保护”:水泵可提前做好防冻保养,如:泵体外表和管道用毛巾、草绳、布料等包扎缠绕或涂防冻油漆,水泵停用后要排空泵内存水。

冻损处理措施

1.管道解冻要“因材施救”:当管道受冻结冰时,若是钢(铁)管,可用温水(不能用开水)浇淋或电吹风烘烤,但不要在同一点长时间烘烤;若是塑料管,可用热毛巾包裹后用温水浇淋。

2.管道冻裂要“关阀检修”:当管道受冻破裂时,应立即关闭水表阀止水,若无法止水时,可用毛巾或布条将破裂部位绑扎结实,并及时更换管道。

3.水泵受冻要“化冰为水”:当水泵受冻结冰时,可用热水倒入水泵内化冰,也可加热水泵外壳,然后置于零度以上的常温环境中。

4.对于自来水用水户或入户管道,当预知次日气温在零下3℃以下,可在傍晚将水龙头稍微打开一点,保持长流水,防止自来水管被冻。

加强组织管理

1.村委会要组织村民,定期对水源点周边垃圾的清理、蓄水池进行清洗消毒,同时建议储备一批常用且易损耗的设备,出现问题及时保障。

2.水管员要定期对饮水设备巡逻检查,出现小问题及时维修养护,做到及时保障。

3.各用水户要自觉增强管护意识,为了冬季用水安全,把自家的设备设施维护好,把共用水表井管理好,发现饮水设备看管疏忽时要主动去看管和提醒。

4.各用水户冬季天气寒冷时,应在家里储存部分生活用水,以备紧急之用。

服务热线

若您发现农牧区饮水私接水管偷水或供水管道漏水、家中无水时,请及时联系属地村居反映情况,落实"用水户→各村居→各乡镇→县水利局"的层层报告解决制度,如未得到解决可拨打洛扎县水利局饮水安全服务电话:

县水利局:肖    振    15089045920

            边巴次仁   15348938160

         格桑曲珍   13908931947

洛 扎 镇:谈   佳    13618934322

扎 日 乡:旦增次仁    13889032202

生 格 乡:罗布顿珠    18708038851

色     乡:曲   扎    18189030027

拉 郊 乡:拉姆次仁    18289071981

拉 康 镇:白玛西热    13889033895

边 巴 乡:聂    豪   17789931566

饮水安全涉及千家万户,用户基数大,覆盖范围广且居住分散,冬季保暖和管理是一件非常重要的事,需要各用水户齐心协力共同做好管理。为了您冬季用水安全,请把自家的设备设施维护好,把共用水表井管理好,发现饮水设备看管疏忽时要主动去看管和提醒,望广大群众积极配合,共同做好冬季供水保障工作,谢谢您的配合。



洛扎县水利局

2024年11月27日


དགུན་དུས་ཞིང་འབྲོག་ཁུལ་གྱི་འཐུང་ཆུ་མཁོ་འདོན་སྒྲིག་བཀོད་ལ་དྲོད་སྲུང་འཁྱག་འགོག་བྱ་རྒྱུའི་སྐོར་གྱི་ལྷོ་བྲག་རྫོང་ཆུ་བེད་ཅུད་ཀྱི་དྲན་སྐུལ་ཡི་གེ།

རྒྱ་ཆེའི་ཆུ་བེད་སྤྱོད་གནང་མཁན་གྱི་ཁྱིམ་དུད་ཁག་ལ།

      དགུན་ཁ་ཤར་ནས་དྲོད་ཚད་རིམ་བཞིན་ཆག་པ་དང་བསྟུན་ནས་དགུན་དུས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྒྲིག་བཀོད་ཀྱི་དྲོད་སྲུང་འཁྱག་འགོག་ལས་དོན་ལ་འགྲན་སློང་འཕྲད་འོང་བས། དགུན་དུས་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་དོན་དག་ཡག་པོ་སྒྲུབ་ནས་ཆུ་མཁོ་འདོན་སྒྲིག་ཆས་ལ་འཁྱག་སྐྱོན་མི་ཕོག་པ་དང་། རང་རྫོང་གི་གྲོང་གསེབ་འཐུང་ཆུའི་བདེ་འཇགས་འགན་ལེན་ལས་དོན་ཏན་ཏིག་ངང་སྤེལ་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་ས་བབ་མཐོ་བའི་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་དགུན་དུས་སུ་རྒྱུན་གཏན་གྱི་འཐུང་ཆུ་འགན་ལེན་ཡོང་ཆེད།    འཁྱག་སྐྱོན་སྔོན་འགོག་དང་འཁྱག་སྐྱོན་ཐག་གཅོད་ཀྱི་གཤམ་གསལ་བྱ་ཐབས་སྤྱད་ཆོག་པ་སྟེ།

གཅིག འཁྱག་འགོག་གི་བྱ་ཐབས།

༡ སྦུག་ལམ་འཁྱག་འགོག་བྱེད་པར་ཕྱི་ཐུམ་ཡག་པོ་རྒྱག་དགོས་པ་སྟེ། ཕྱིར་དོན་པའི་སྦུག་ལམ་སྲིང་བལ་སོགས་ཀྱིས་བཏགས་པའི་དངོས་པོ་དང་འགྱིག་སོབ་སོགས་དྲོད་སྲུང་རྒྱུ་ཆས་ཕྱི་ཐུམ་རྒྱག་དགོས་པ་དང་།  དྲོད་གཏོང་གློག་སྐུད་སྒར་བ་དང་ཆུ་ཀ་ལའི་ཆུ་སྒོ་དེ་གྲང་ངར་ཆེ་བའི་དུས་སུ་ཆུ་ཅུང་ཟད་ཕྱེ་ནས་ཆུ་ཐིགས་སྐུད་པ་དང་འདྲ་བ་བར་མི་ཆད་པར་གློད་དགོས།

༢ ཆུའི་ཆུ་ཚོད་ཀྱི་འཁྱག་འགོག་ཐད་ཕྱི་ནང་གཉིས་ཀར་དོ་སྣང་བྱེད་དགོས་པ་སྟེ། ཆུ་ཚོད་ཡོད་སའི་ས་དོང་ནང་ཤིང་ཕྱེའམ་དེ་མིན་གྱི་དྲོད་སྲུང་རྒྱུ་ཆ་གཞན་དག་བླུགས་དགོས་པ་མ་ཟད། སྲིང་བལ་རྙིང་པ་སོགས་ཀྱིས་ཆུའི་ཆུ་ཚོད་ལ་ཕྱི་ཐུམ་ཡག་པོ་བརྒྱབ་ནས་ཕྱེ་ངོས་སྐམ་པོ་དང་གཙང་མ་ཡོང་བ་བྱེད་དགོས།

༣ ཆུ་འཐེན་འཕྲུལ་འཁོར་གྱི་འཁྱག་འགོག་ཐད་འཕྲུལ་འཁོར་ནང་གི་ཆུ་འབུད་དགོས་པ་སྟེ། ཆུ་འཐེན་འཕྲུལ་འཁོར་ལ་སྔ་ཙམ་ནས་འཁྱག་མི་ཤོར་བའི་བདག་སྐྱོང་བྱེད་དགོས། དཔེར་ན། ཆུ་འཐེན་འཕྲུལ་འཁོར་གྱི་ཕྱི་ངོས་དང་སྦུག་ལམ་ལ་ཨ་ཅོར་དང་རྩྭ་ཐག རས་ཆ་སོགས་དཀྲི་བའམ་ཡང་ན་འཁྱག་མི་ཐེབས་པའི་བཀྲག་རྩི་བྱུག་དགོས། ཆུ་འཐེན་འཕྲུལ་འཁོར་སྤྱོད་མཚམས་བཞག་རྗེས་འཕྲུལ་འཁོར་ནང་ལྷག་ཡོད་པའི་ཆུ་ཕྱིར་འབུད་དགོས།

གཉིས། འཁྱགས་སྐྱོན་ཐག་གཅོད་བྱེད་ཐབས།

༡ སྦུག་ལམ་གྱི་འཁྱགས་པར་རྒྱུ་ཆར་གཞིགས་ནས་བཞུར་ཐབས་སྤྱོད་དགོས་པ་སྟེ། སྦུག་ལམ་ལ་འཁྱགས་པ་ཆགས་སྐབས་གལ་སྲིད་ལྕགས་ཀྱི་སྦུག་ལམ་ཡིན་ན་ཆུ་དྲོན་འཇམ་ (ཆུ་འཁོལ་སྤྱོད་མི་རུང་)གྱིས་རློན་པ་བཟོ་འམ་ཡང་ན་སྐྲ་སྐམ་བྱེད་གློག་རླུང་གིས་ཚ་པོ་བཟོ་དགོས། འོན་ཀྱང་གནས་གཅིག་ལ་དུས་ཡུན་རིང་པོར་ཚ་པོ་བཟོ་མི་རུང་། གལ་ཏེ་འགྱིག་སྦུག་ཡིན་ན། ཨ་ཅོར་ཚ་པོས་བཏུམས་རྗེས་ཆུ་དྲོན་མོས་རློན་པ་བཟོ་དགོས།

༢ སྦུག་ལམ་འཁྱགས་གས་ཐེབས་ན་སྟེམ་སྒོ་བཀག་ནས་ཞིབ་བཤེར་བཟོ་བཅོས་རྒྱག་དགོས་པ་སྟེ། སྦུག་ལམ་ལ་འཁྱགས་ཐེབས་ནས་གས་ན། འཕྲལ་མར་ཆུ་ཚོད་འགྲམ་གྱི་སྟེམ་སྒོ་ཁོགས་དགོས། གལ་སྲིད་ཆུ་འགོག་མ་ཐུབ་ན་ཨ་ཅོར་རམ་ཡང་ན་རས་ཀྱིས་འཁྱགས་གས་ཤོར་སར་དམ་པོར་བསྡམ་དགོས་པ་མ་ཟད་དུས་ཐོག་ཏུ་སྦུག་ལམ་བརྗེ་དགོས།

༣  ཆུ་འཐེན་འཕྲུལ་འཁོར་ལ་འཁྱགས་ཐེབས་ན་འཁྱགས་བཞུ་ནས་ཆུར་བསྒྱུར་ཐབས་བྱེད་དགོས་པ་སྟེ། ཆུ་འཐེན་འཕྲུལ་འཁོར་ལ་འཁྱགས་པ་ཐེབས་དུས་ཆུ་ཚ་པོ་ཆུ་འཐེན་འཕྲུལ་འཁོར་ནང་བླུགས་ནས་བཞུར་ཐབས་བྱེད་ཆོག་ལ། ཆུ་འཐེན་འཕྲུལ་འཁོར་གྱི་ཕྱི་ངོས་ལ་དྲོད་བཏང་ནས་ཚ་པོ་བཟོས་རྗེས་དྲོད་ཚད་ཏུའུ་ཀླད་ཀོར་ཡན་གྱི་ས་ཆར་བཞག་ན་འགྲིག

༤ རང་འབབ་ཆུ་ཀ་ལ་སྤྱོད་མཁན་དང་ཁྱིམ་ཚང་ནང་འཁྲིད་པའི་སྦུག་ལམ་ལ་མཚོན་ན། ཕྱི་ཉིན་གྱི་གནམ་གཤིས་དྲོད་ཚད་ཀླད་ཀོར་འོག་གི་3℃མན་ཡིན་པ་སྔོན་ནས་ཤེས་ན།  ས་སྲོད་མཚམས་སུ་ཆུ་ཀ་ལའི་ཆུ་སྒོ་ཅུང་ཙམ་ཕྱེ་ནས་ཆུ་རྒྱུན་དུ་ཐོན་པ་བྱས་ཏེ་རང་འབབ་ཆུ་ཀ་ལར་འཁྱག་པ་མི་ཐེབས་པའི་སྔོན་འགོག་བྱ་དགོས།

གསུམ།  རྩ་འཛུགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

༡ གྲོང་མི་ཨུ་ཡོན་ལྷན་ཁང་གིས་གྲོང་མི་སྒྲིག་འཛུགས་བྱས་ཏེ་དུས་བཀག་ནང་ཆུ་འགོའི་ཉེ་འཁོར་གྱི་གད་སྙིགས་གཙང་སེལ་དང་། ཆུ་གསོག་རྫིང་བུ་གཙང་འཁྲུ་དུག་སེལ་བྱེད་དགོས་པ་དང་ཆབས་ཅིག རྒྱུན་སྤྱོད་ཟད་གྲོན་ཆེ་བའི་སྒྲིག་ཆས་ཁག་གཅིག་གྲ་སྒྲིག་གང་ལེགས་བྱས་ཏེ་གནད་དོན་ཐོན་ཚེ་དུས་ཐོག་ཏུ་འགན་སྲུང་ཐུབ་པ་བྱེད་དགོས།

༢ ཆུ་དོ་དམ་བྱེད་མཁན་གྱིས་དུས་བཀག་ལྟར་འཐུང་ཆུའི་སྒྲིག་ཆས་ལ་སྐོར་གཡེང་ཞིབ་བཤེར་བྱས་ཏེ། གནད་དོན་ཆུང་གྲས་ཐོན་ཚེ་དུས་ཐོག་ཏུ་ཞིག་གསོ་དང་བདག་སྐྱོང་བྱས་ནས་དུས་ཐོག་ཏུ་འགན་སྲུང་ཡོང་བ་བྱ་དགོས།

༣ ཆུ་སྤྱོད་མཁན་དུད་ཚང་ཁག་གིས་རང་འགུལ་ངང་དོ་དམ་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཆུ་བེད་སྤྱོད་བྱེད་མཁན་ཁྱིམ་དུད་སོ་སོས་དགུན་དུས་ཀྱི་ཆུ་སྤྱོད་བདེ་འཇགས་ཆེད་དུ་རང་ཁྱིམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ཐུན་མོང་ཐོག་སྤྱོད་པའི་ཆུའི་ཆུ་ཚོད་ཡོད་སའི་ས་དོང་ལ་དོ་དམ་ཡག་པོ་བྱེད་དགོས་ཤིང་། འཐུང་ཆུའི་སྒྲིག་ཆས་ལ་ལྟ་རྟོག་ཡག་པོ་མ་བྱུང་ཚེ་རང་འགུལ་ངང་ལྟ་རྟོག་དང་དྲན་སྐུལ་ཞུ་དགོས།

༤ཆུ་བེད་སྤྱོད་བྱེད་མཁན་ཁྱིམ་དུད་ཁག་གིས་དགུན་ཁ་གནམ་གཤིས་གྲང་དུས་ཁྱིམ་ཚང་ནང་འཚོ་བའི་སྤྱོད་ཆུ་མི་ཉུང་བ་གསོག་འཇོག་བྱས་ཏེ་འཕྲལ་སྤྱོད་ཐུང་ཆུ་གྲ་སྒྲིག་ཡག་པོ་བྱེད་དགོས།

བཞི།  ཞབས་ཞུའི་ཐད་འབྲེལ་ཁ་པར།

གལ་སྲིད་ཁྱེད་ཀྱིས་ཞིང་འབྲོག་ཁུལ་གྱི་འཐུང་ཆུ་ནས་མི་སྒེར་གྱིས་ཆུ་འཁྲིད་པའམ་ཆུ་འདོན་སྦུག་ལམ་ནས་ཆུ་འཛག་པ། ཁྱིམ་དུ་ཆུ་མེད་པ་སོགས་ཀྱི་གནས་ཚུལ་འཕྲད་ཚེ། ས་ཁོངས་ཀྱི་གྲོང་ཚོ་དང་སྡེ་ཁུལ་ལ་འབྲེལ་གཏུག་བྱས་ཏེ་གནས་ཚུལ་གོང་ཞུ་བྱེད་དགོས་པ་དང་། “ཆུ་སྤྱོད་དུད་ཚང་།→གྲོང་ཚོ་སྡེ་ཁུལ་ཁག→ཤང་གྲོང་རྡལ་ཁག→རྫོང་ཆུ་བེད་ཅུད”བཅས་ལ་རིམ་པ་བཞིན་སྙན་སེང་ཞུས་ནས་ཐག་གཅོད་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། གལ་ཏེ་ཐག་གཅོད་མ་ཐུབ་ཚེ་ལྷོ་བྲག་རྫོང་ཆུ་བེད་ཅུད་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ཞབས་ཞུའི་ཁ་པར་བརྒྱུད་གོང་ཞུ་བྱས་ཆོག  

རྫོང་ཆུ་བེད་ཅུད། ཤའོ་ཀྲེན15089045920
སྤེན་པ་ཚེ་རིང་། 15348938160
བསྐལ་བཟང་ཆོས་སྒྲོན། 13908931947
ལྷོ་བྲག་གྲོང་རྡལ།  ཐན་ཅའ། 13618934322
 རྫ་བར་ཤང་།  བསྟན་འཛིན་ཚེ་རིང་། 13889032202
 སེང་གེ་ཤང་།      ནོར་བུ་དོན་གྲུབ། 18708038851
 སྲས་ཤང་།       ཆོས་གྲགས18189030027
  ལ་རྒྱབ་ཤང་།     ལྷ་མོ་ཚི་རིང་།18289071981
  ལྷ་ཁང་གྲོང་རྡལ།     པད་མ་ཤེས་རབ།13889033895
བན་པ་ཤང་།    ཉེའི་ཧའོ།  17789931566

འཐུང་ཆུའི་བདེ་འཇགས་དེ་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ཅིང་ཆུ་བེད་སྤྱོད་བྱེད་མཁན་གྱི་གཞི་གྲངས་མང་བ་ལ་ཁྱབ་ཁྱོན་ཆེ་བ་མ་ཟད་སྡོད་ཁུལ་ཁ་ཐོར་ཡིན་པས། དགུན་དུས་ཀྱི་དྲོད་སྲུང་དང་དོ་དམ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དེར་ཆུ་སྤྱོད་མཁན་དུད་ཚང་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་དོ་དམ་ཡག་པོ་བྱེད་དགོས། སྐུ་ཉིད་ཀྱི་དགུན་དུས་ཀྱི་འཐུང་ཆུ་བདེ་འཇགས་ཡོང་ཆེད། རང་ཁྱིམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་སྲུང་སྐྱོང་ཡག་པོ་དང་ཐུན་མོང་གི་སྤྱོད་ཆུའི་ཆུ་ཚོད་ཡོད་སར་དོ་དམ་ཡག་པོ་བྱེད་དགོས། གལ་སྲིད་འཐུང་ཆུའི་སྒྲིག་ཆས་ལ་ལྟ་རྟོག་ཡག་པོ་མ་བྱུང་བ་ཤེས་ཚེ་རང་འགུལ་ངང་ལྟ་རྟོག་དང་དྲན་སྐུལ་ཞུ་དགོས། རྒྱ་ཆེའི་མང་ཚོགས་ཚོས་དགུན་དུས་ཀྱི་འཐུང་ཆུ་མཁོ་འདོན་འགན་ལེན་ལས་འདོན་ལ་གཞོགས་འདེགས་ཧུར་ཐག་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།

ཁྱེད་རྣམས་ཀྱིས་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ།

ལྷོ་བྲག་རྫོང་ཆུ་བེད་ཅུད།

20244ལོའི་ཟླ་11ཚེས་27ཉིན།

审   核:尼玛卓嘎
校   对:索朗达吉
编   辑:嘎     珍
来   源:县水利局


秘境洛扎
发布信息
 最新文章