ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་28ཉིན། ཀ་ཟཱ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་གསལ་བསྒྲགས་སྤེལ་ནས། འདས་ཟིན་པའི་ཆུ་ཚོད་24ནང་དབྱི་སི་རལ་དམག་དཔུང་གིས་ཀཱ་ཟ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བའི་ནང་མི་48རྐྱེན་ལམ་དུ་ཤོར་བ་དང་། མི་53ལ་རྨས་སྐྱོན་ཕོག་འདུག་ཅེས་བཤད་པ་རེད།
ན་ནིང་ཟླ་10ཚེས་7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་རེས་སྐོར་གསར་པའི་གདོང་ཐུག་ཐོན་པ་ནས་བཟུང་། དབྱི་སི་རལ་དམག་དཔུང་གིས་ཀ་ཟཱ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས། ཕ་ལེ་སི་ཐན་བ་44330རྐྱེན་ལམ་དུ་ཤོར་བ་དང་མི་104933ལ་རྨས་སྐྱོན་ཕོག་ཡོད་པ་རེད།